དུས་ཚོད།

དུས་ཚོད་ནི་གདུག་རྩུབ་ཀྱིས་འབར་བའི་མེ་ལྕེ་ཞིག་སྟེ
རླབས་ཆེན་དང་སྨྱོ་ཧམ་གྱི་ཐ་སྙད་མ་ལུས
ལྷག་མ་མེད་པར་ཟོས
དུས་ཚོད་ནི་མཐའ་མཇུག་གི་བང་སོ་བསྔོགས་པའི་བརྒྱུད་རིམ་ཧྲིལ་བོ་སྟེ
མུན་ནག་དང་འོད་སྣང་གི་དགོས་མཁོ་ཡོད་ཚད

རྗེས་ཤུལ་མེད་པར་བསུབས

དུས་ཚོད་ནི་མཐོང་མི་བཏུབ་པའི་རྨུ་ཐག་ནང་བཞིན
འཇིག་རྟེན་གྱི་བར་སྣང་དུ་དཔྱངས་ཤིང
ཡུན་རིང་གི་རྙེད་འཚོལ་དང་ཐོབ་ཤོར་བར་ནས
ཞོགས་པའི་ཆུ་ཟིལ་དང་རྩྭ་ལོ་ནང་བཞིན་བཞུད་འགྲོ

དུས་ཚོད་ནི    གསེར་མདོག་གི་ལོང་བུ་བརྒྱུས་པའི་ཐག་པ་ཞིག
ཐག་པའི་སྣེ་རུ
ཅི་ཡང་མེད་པའི་སྐྱོ་སྣང་གི་སྒྲོམ་བུ་ཞིག
ཕྱིར་ལྡོག་མེད་པའི་ཉེས་དམིགས་ཀྱི་མདའ་མོ་ཞིག
བརྗེད་ངེས་མེད་པའི་ནོངས་འགྱོད་ཀྱི་རྨ་ཁ་ཞིག

དུས་ཚོད་ནི་ཟུངས་ཁྲག་དང་མིག་ཆུ་བཞུར་རྒྱུན་ཉག་གཅིག་རེད
དུས་ཚོད་ཀྱི་རྗེས་ལ
བྲག་ཐེམ  གླག་མོའི་ཕྱི་ལོགས་སུ་རྒས་ཤིང
སྟོན་ཀ   མེ་ཏོག་ཕྱི་ལོགས་སུ་སྨིན་ལ
སྒེའུ་ཁུང     ཁང་མིག་ཕྱི་ལོགས་སུ་ཕྱེས

དུས་ཚོད་ནི་མཐའ་དབུས་མེད་པའི་ལོ་རྒྱུས་ཀྱི་བར་ཁྱམས་ཤིག་སྟེ
བར་ཁྱམས་དེ་རུ
ཆར་རྗེས་ཀྱི་ལྗོན་པས   ངལ་དུབ་ཀྱི་བྱེའུར་བསྒུག་ཅིང
ཞིང་གྲོང་གི་ལོ་ཏོག་གིས   ཟླ་བཅུ་བའི་འབྲས་བཟང་བསྒུལ་ལ
དེ་རིང་གི་སྙན་ངག་པས   སྔར་མེད་ཀྱི་འགུལ་སྐྱོད་ཅིག་ལ་བསྒུག

དུས་ཚོད་ནི་གསུང་སྐད་ཚིག་གཅིག་མི་འབྱོན་པའི
པོ་ཏ་ལའི་རྒྱ་ཕིབས་དང   ཕོ་བྲང་གི་སྣང་བརྙན་ཁོ་ན་རེད
སྣང་བརྙན་དེ་སྔོག་དུས
ཨུ་དུམ་བཙན་པོས   ཡང་ན་ལོ་གསུམ་གྱིས་སྔ་ཞིང
ཡང་ན་ལོ་གསུམ་གྱིའ་འཕྱི་དྲགས་གསུངས
སྣང་བརྙན་དེ་སྔོག་དུས
ཚངས་དབྱངས་རྒྱ་མཚོས    སྲོད་ལ་བྱམས་པ་བཙལ་བས
ཐོ་རེངས་ཁ་བ་བབས་བྱུང་གསུངས……

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད།

2009-11-24 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།