ཨྱོན་པདྨ་འབྱུང་གནས།

 

ངའི་བླ་སྲོག་ནང་རིམ་གྱི་ནང་རིམ་ན
མེ་ཏོག་པད་མའི་འདབ་མ་གཡོ་བ་ལྟ་བུའི
ཁུ་སིམ་མེར་བཞུགས་པའི་མིང་ཚིག་ཅིག་འཁྲུངས་ཡོད
རལ་བ་ཕྲག་ཏུ་འཁུར་བའི་མིང་ཚིག་ཅིག་བལྟམས་ཡོད

བཀྲེས་ལྟོགས་ཀྱི་མིང་ཚིག་འདི        གཅེར་གཟུགས་ཀྱི་མིང་ཚིག་འདི
གཏོར་ཁུང་ནས་བབས་པའི་མིང་ཚིག་འདི་དང
ཟས་སུ་ཟ་བའི་མིང་ཚིག་འདི     མིང་མེད་པའི་མིང་ཚིག་འདི་ཨ
འཇིག་རྟེན་གྱི་ཆེས་ཟབ་ས་ན་རྣོ་ལྟར་གཟེངས་པའི་མིང་ཚིག་འདི
འདི་ལྟར ངའི་གློ་སྙིང་མཆིན་གསུམ་གྱི་ཡང་སྦུག་ན
སྟོང་ཉིད་ཀྱིས་གྲགས་བཞིན་ཡོད

མ་ཧྰ་མུ་ཏིས་ཆོས་ཁང་དུ་གསོལ་འདེབས་བྱེད་པ་བཞིན
ཡེ་ཤུ་མ་ཤི་གས་ཆར་རླུང་དྲག་པོའི་དབུས་སུ་དཔའ་བོའི་གད་རྒྱངས་སྒྲོག་པ་བཞིན
མིང་ཚིག་འདི་དག་ཁྱོད་ཅག་ལ་མཚོན་ན
རྒྱས་སྤྲོས་ཀྱི་གཟབ་ཆས་ལྷག་མ་ཞིག་ཡིན་ཀྱང་སྲིད་མོད
བསམ་པ་ལྷུན་གྱིས་འགྲུབ་པའི་མིང་ཚིག་འདི་ནི
ངའི་དྲན་པའི་གཏིང་རིམ་ན་ཉལ་བའི
ཚིག་རེ་དང་དོན་རེ་སྦྲགས་པའི་བར་སྣང་གི་སྤྲིན་དང་འདྲ་བའི
ལོ་ངོ་སྟོང་ཕྲག་གི་སྨོན་འདུན་འཁུར་བའི     སྙན་ངག་ཅིག་གི་མཚོན་དོན་དང
སེམས་བསྐྱེད་གཅིག་པུ་ཡིན་ཨང
                                                 ༢༠༠༩ལོའི་ཟླ༡༡པར།
 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨྱོན་པདྨ་འབྱུང་གནས།

2010-01-21 གཅན་མེ་སྟག ཀློག་གྲངས། མཆན ཡོད།

 

ངའི་བླ་སྲོག་ནང་རིམ་གྱི་ནང་རིམ་ན
མེ་ཏོག་པད་མའི་འདབ་མ་གཡོ་བ་ལྟ་བུའི
ཁུ་སིམ་མེར་བཞུགས་པའི་མིང་ཚིག་ཅིག་འཁྲུངས་ཡོད
རལ་བ་ཕྲག་ཏུ་འཁུར་བའི་མིང་ཚིག་ཅིག་བལྟམས་ཡོད

བཀྲེས་ལྟོགས་ཀྱི་མིང་ཚིག་འདི        གཅེར་གཟུགས་ཀྱི་མིང་ཚིག་འདི
གཏོར་ཁུང་ནས་བབས་པའི་མིང་ཚིག་འདི་དང
ཟས་སུ་ཟ་བའི་མིང་ཚིག་འདི     མིང་མེད་པའི་མིང་ཚིག་འདི་ཨ
འཇིག་རྟེན་གྱི་ཆེས་ཟབ་ས་ན་རྣོ་ལྟར་གཟེངས་པའི་མིང་ཚིག་འདི
འདི་ལྟར ངའི་གློ་སྙིང་མཆིན་གསུམ་གྱི་ཡང་སྦུག་ན
སྟོང་ཉིད་ཀྱིས་གྲགས་བཞིན་ཡོད

མ་ཧྰ་མུ་ཏིས་ཆོས་ཁང་དུ་གསོལ་འདེབས་བྱེད་པ་བཞིན
ཡེ་ཤུ་མ་ཤི་གས་ཆར་རླུང་དྲག་པོའི་དབུས་སུ་དཔའ་བོའི་གད་རྒྱངས་སྒྲོག་པ་བཞིན
མིང་ཚིག་འདི་དག་ཁྱོད་ཅག་ལ་མཚོན་ན
རྒྱས་སྤྲོས་ཀྱི་གཟབ་ཆས་ལྷག་མ་ཞིག་ཡིན་ཀྱང་སྲིད་མོད
བསམ་པ་ལྷུན་གྱིས་འགྲུབ་པའི་མིང་ཚིག་འདི་ནི
ངའི་དྲན་པའི་གཏིང་རིམ་ན་ཉལ་བའི
ཚིག་རེ་དང་དོན་རེ་སྦྲགས་པའི་བར་སྣང་གི་སྤྲིན་དང་འདྲ་བའི
ལོ་ངོ་སྟོང་ཕྲག་གི་སྨོན་འདུན་འཁུར་བའི     སྙན་ངག་ཅིག་གི་མཚོན་དོན་དང
སེམས་བསྐྱེད་གཅིག་པུ་ཡིན་ཨང
                                                 ༢༠༠༩ལོའི་ཟླ༡༡པར།
 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།