ཐ་སྙད་བཙོ་སྦྱངས་ལས་འཕྲོས་པའི་སྙན་ངག་གི་ལྟ་བ།

     རྩོམ་རིག__ངག་ཐོག་རྩོམ་རིག་ཡིན་ན་འདྲ་ལ་ཡིག་ཐོག་རྩོམ་རིག་ཡིན་ཀྱང་རུང་སྟེ།དེའི་ཐབས་རྩལ་གཙོ་བོ་ནི་སྐད་ཆ་ལེགས་སྒྲིག་བྱེད་རྒྱུ་དེ་ཡིན་དེ། དེ་ཡིས་ཁོའི་བསམ་པའི་བསྟན་བྱ་མཚོན་དགོས་པས་ཡིན།                                                                                                      ——A.N.ཝེར་ཐི་ཧེར།

         རྩོམ་པ་པོ་ཞིག་གམ་ཡང་ན་སྙན་ངག་པ་ཞིག་སྟེ།  མང་ཚོགས་དང་ཁ་རི་ཁ་ཐུག་གི་འབྲེལ་བ་ཡོད་མཁན་ཞིག་ཡིན་ཚེ།  ཁོ་ཚོའི་བར་གྱི་སྦྲེལ་ཐག་གཙོ་བོ་ནི་སྐད་ཆ་ཡིན།  སྐད་ཆ་དེ་རི་མོ་བའི་ཚོན་མདངས་དང་མི་འདྲ་ལ།  དབྱངས་མཁན་གྱི་རོལ་དབྱངས་དང་ཡང་མི་མཚུངས་པ་ཞིག་ཡིན།  ཚོན་མདངས་དང་རོལ་དབྱངས་ནི་སྒྱུུ་རྩལ་བའི་ཆེད་སྤྱོད་ཀྱི་ལག་ཆ་ཞིག་ཡིན་མོད།  སྐད་ཆ་ནི་རྩོམ་པ་པོའི་སྡེ་ཁག་གི་ཐུན་མོང་ལོངས་སྤྱོད་ཀྱི་ནོར་རྫས་ཤིག་རེད།  སུ་ཞིག་གིས་རང་གིས་རི་མོ་མི་ཤེས་པ་དང་རོལ་དབྱངས་མི་རྟོགས་པ་ཁས་ལེན་བྱེད་སྲིད་ཅིང་དོན་དངོས་ཀྱང་དེ་ལྟར་ཡིན་མོད།  སློབ་གྲྭའི་སྡེ་ཁག་ནས་སློབ་གཉེར་བྱས་ཤིང་རྒྱུན་སྤྱོད་ཀྱི་བརྡ་ཁྱབ་ཀློག་ཤེས་མཁན་ཞིག་ཡིན་དུས།  དེ་ཡིས་རང་གིས་སྐད་ཆ་བཤད་མི་ཤེས་པའི་ཁེངས་སྐྱུང་བྱེད་མི་སྲིད།
 
         འདི་གནད་དོན་ཞིག་རེད།   སྙན་ངག་པས་སྙན་ངག་གང་ཞིག་གསར་རྩོམ་གནང་སྐབས་སྙན་ངག་དེའི་བྱུང་བ་ལ་རྐྱེན་སྣ་གཉིས་ཤིག་འདུག་སྟེ།  གཅིག་ནི་སྙན་ངག་པ་རང་གི་རྟོགས་སད་ཀྱི་རང་ཉིད་དང་གཞན་གཅིག་ནི་དབྱངས་ཅན་མས་གནང་བའི་ཚོར་རྟོག་གི་བར་སྣང་འགྲིམས་བྱེད་ཀྱི་གཤོག་པ་ཞིག་རེད།  གཤོག་པ་དེ་ནི་སྐད་ཆ་རེད།  ཐ་སྙད་དང་ཡིག་འབྲུའི་ཚོགས་པ་རེ་རེ་ལས་གྲུབ་པའི་སྐད་ཆ་སྟེ།   སྙན་ངག་པས་རང་ཉིད་ཀྱི་སྙན་ངག་གི་ལྷ་ལ་སྐྱབས་སུ་འགྲོ་དགོས་པ་ལས་གཞན།  སྐད་ཆ་བྱ་བའི་སྒེག་ལྡན་གྱི་བུ་མོ་དེ་ལའང་དུངས་བརྩེ་རྣལ་མ་སྒྲོན་དགོས།  སྙན་ངག་གསར་སློབ་པ་ཞིག་ལ་སྙན་ངག་གི་མཐུ་རྩལ་དང་ཚོར་རྟོག་ཡོད་མེད་འབྱེད་པའི་དབྱེ་མཚམས་ནི་ཁོར་སྐད་ཆའི་དབང་བསྒྱུར་གྱི་ནུས་རྩལ་མཐོ་དམན་གྱིས་འབྱེད་དེ།  དེའི་སྐབས་སུ་བསམ་བློ་ནི་ཆེས་གཙོ་བོར་གྱུར་བ་ཞིག་མིན།
 
        སྙན་ངག་གི་རྐང་ཁྲིད་དང་ཚིག་འགྲོས།  སྒྲོམ་གཞི་སོགས་ནི་འཁོར་གཡོག་ཅིག་དང་མཚུངས་ཏེ།  སྙན་ངག་རང་གི་བདག་པོའི་བདེན་དྲང་གི་ཤན་སྟོབས་ཀྱིས་འཁོར་གཡོག་དག་ཀྱང་བདེན་དྲང་གི་ལམ་ལ་འཁྲིད་འགྲོ་བ་ནང་བཞིན་གཞན་དང་མི་འདྲ་བའི་བསམ་བློ་དེས་འཁོར་གཡོག་དག་གི་བླ་མེད་ཀྱི་གུས་འདུན་དྲངས་འགྲོ་ལ།  དེ་ལས་ལྡོག་པས་འཁོར་གཡོག་དག་ཀྱང་སྒྱིད་ལུག་དང་རྣམ་གཡེང་།  ཉམ་ཐག་དང་གསོན་ཤུགས་མེད་པར་འགྱུར་འགྲོ།  དེ་ན་བདག་པོའི་རྣམ་འགྱུར་དང་བསམ་བློའི་བདེན་དྲང་གི་ཆ་དེ་ཤིན་ཏུ་གཙོ་ལ།  འཁོར་གཡོག་དག་ལ་བདག་འཛིན་དང་དྲང་ཕྱོགས་སུ་འདྲེན་པའི་ནུས་པ་དེའང་ཧ་ཅང་གིས་གཙོ།  དཔེ་དེ་བཞིན་དུ་སྐད་ཆའང་དེ་བཞིན་ཡིན་ཏེ།  ཐུན་མོང་རྒྱུན་སྤྱོད་ཀྱི་སྐད་ཆ་ཞིག་ཡིན་རུང་སྙན་ངག་པའི་ཞུན་བརྡར་དང་བཙོ་སྦྱངས་ལས་གཞན་དང་མི་འདྲ་བའི་འོད་མདངས་ཀྱིས་ཕྱུག་པའི་སྐད་ཆ་ཞིག་ཏུ་བསྒྱུར་དགོས་པ་དེ་རེད།
 
        སྙན་ངག་རང་མོས་ཅན་འབྲི་མཁན་དག་ནི་རྒྱ་མཚོའི་གླིང་ཕྲན་དུ་འཁྱར་བའི་ལོའུ་པེན་ཞོན་དང་འདྲ་བར་ཟས་གོས་ལོངས་སྤྱོད་གང་ཡིན་ཡང་རང་གིས་བཟོ་དགོས་ཤིང་།  རང་གི་ལག་པར་བརྟེན་ནས་འཚོ་ཐབས་བྱེད་དགོས།  ཡིན་ནའང་རྣམ་པ་ཞིག་ནི་འགྱུར་ཐབས་མེད་དེ།  དེ་ནི་རང་གི་རང་གཤིས་རེད།  གཞན་དང་མི་འདྲ་བའི་རྣམ་པ་དེས་ད་གཟོད་རང་གིས་བཟོས་པའི་འཚོ་བ་དེ་ལ་ཁྱད་ཆོས་གསར་བ་ཞིག་བསྣན་ཞིང་།  རང་གིས་བཤད་པའི་སྐད་ཆ་དེ་ལ་རང་གཤིས་དག་མ་ཞིག་ཐོན་བཞིན་ཡོད།  དེ་ཙམ་སྟེ།  དེ་ལས་གཞན་པའི་འཚོ་སྟངས་ནི་གད་སྙིགས་དང་སྙིགས་རྫོབ།  གས་ཆགས་དང་སྒྱིད་ལུག་གི་རྣམ་པར་གནས་མོད།  རང་གཤིས་རྐྱང་བ་དེས་ནི་ནམ་ཡང་གཞན་པའི་བར་ཁྱད་འབྱེད་ཀྱིན་ཡོད། 
 
       ཀྲན་པུ་ལིན་བྱ་བའི་སྙན་ངག་པ་ཞིག་གིས།  ཁོང་དང་སྐད་ཆའི་འབྲེལ་པ་ནི་དམག་གསར་སྦྱོང་བརྡར་བྱེད་སའི་རྩལ་ཐང་ཞིག་དང་འདྲ་ཞེས་བཤད་པ་བཞིན།   ཁོའི་ལག་འོག་ཏུ་ཐ་སྙད་རེ་རེ་ནི་དམག་སྦྱོང་ལ་འབད་པའི་དམག་མི་ཞིག་དང་འདྲ་བར་གོམས་སྲོལ་སྟེང་གི་སྤྱོད་ལམ་དང་སྐད་ཆའི་སྟེང་གི་རྡུལ་སྙིགས་ཡོད་ཚད་དྭངས་གཙང་དུ་བཟོ་བའི་བརྒྱུད་རིམ་ཞིག་ཡིན།  དེ་ནི་ཀྲན་པུ་ལིན་གྱི་རང་གཤིས་རེད།  སྙན་ངག་པ་ཡོད་ཚད་དེ་ལྟ་བུའི་ལམ་ཞིག་ཏུ་བརྒྱུད་དགོས་པའི་ངེས་པ་ཁྱོན་ནས་མེད་ནའང་།  སྙན་ངག་པ་སུ་ཡིན་རུང་རང་གཤིས་རྣལ་མ་འབྱུང་བྱེད་ཀྱི་སྐད་ཆ་ནི་རང་གཤིས་ཀྱིས་བཟོས་ཤིང་རང་ཉམས་ཀྱིས་བཙལ་བའི་ཐ་སྙད་རེ་རེ་ཡིན།
 
        དེ་ནི་བཙལ་དགོས་ཤིང་བཏུ་བསྒྲིགས་བྱ་དགོས་པ་ཞིག་ཡིན་ནམ་སྙམ་ན།  མིན་ཏེ། འཚོ་བའི་སྐད་ཆ་དེ་སྒྱུ་རྩལ་གྱི་རང་གཤིས་ཅན་གྱི་སྐད་ཆ་ཞིག་ཏུ་ཇི་ལྟར་བསྒྱུར་དགོས་པ་དེ་རེད།  དེ་ཡང་གསལ་བོར་བཤད་ན་མི་སུ་ལའང་རང་གི་སྐད་ཆ་ཤོད་སྟངས་ཤིག་ཆགས་ཡོད་པ་དེ་ནི་འཚོ་བའི་ཉམས་མྱོང་དང་རང་གཤིས་ཀྱིས་གྲུབ་པ་ཞིག་ཡིན་པས་ན་དེ་ཡིས་མི་དེའི་སེམས་ཁམས་དང་མྱོང་ཚོར།  དགའ་སྡུག་དང་བསམ་མདུན་ཡོད་ཚད་མཚོན་གྱིན་ཡོད།  འོན་ཏེ་དེ་ཉིད་རང་གི་སྒྱུ་རྩལ་གྱི་རྣམ་པས་འོངས་ཤིང་།  ཚིག་སྡེབ་དང་བཅད་གཏུབ།  ལས་སྣོན་དང་རྟོག་བཟོ་བྱས་ཏེ་རང་གཤིས་མཚོན་པར་བྱེད་པའི་གོ་རིམ་ནི་འདི་ཀར་ཤོད་པའི་ཐ་སྙད་གཙོ་སྦྱངས་བྱ་བ་དེ་ཡིན་པར་འདོད།
 
      ཡང་གཅིག་བཤད་ན།  ཨོ་ཏི་ལིས་ནས་ཡིན་པའི་འབོལ་རྩོམ་པ་ཁྰར་ཁུ་ལོ་སི་བྱ་བས།  ངའི་སྐད་ཆ་ནི་མི་ཡོད་ཚད་ཁྱོ་ག་རུ་བྱས་ཆོག་པའི་འཇུག་མཐུན་མ་ཞིག་ཡིན་ནའང་།  ངས་དེ་ཉིད་ངེས་པར་དུ་ཕྱུག་ཆུང་མ་ཞིག་ཏུ་འགྱུར་བར་བྱེད་དགོས།  ཞེས་བཤད་པ་བཞིན་དུ་འདི་ནི་ཐ་སྙད་སྟེང་གི་སྙན་ངག་གི་གཟི་བརྗིད་ཅིག་རེད་ལ་ངོ་ཚ་ཞིག་ཀྱང་ཅི་ལ་མིན།   དེ་ལྟར་ཤོད་དོན་ནི་སྙན་ངག་གི་སྐད་ཆ་དེ་སྙན་ངག་སྒེར་ལ་དབང་བའི་རྒྱུ་ནོར་ཞིག་མིན་ལ།  སྙན་ངག་པས་ཀྱང་རང་ཁོ་ན་ལ་དབང་བའི་སྐད་ཆ་ཞིག་གསར་བཟོ་བྱེད་མི་ནུས།  དེའི་རྒྱུ་མཚན་ནི་དེ་ནི་རང་བྱུང་ཁམས་ཆེན་པོའི་སྐད་ཆ་ཡིན་པས་ཡིན།
 
      དེང་རབས་སྤྱི་ཚོགས་ཀྱི་ནང་དུ།  སྐད་ཆ་ཡོད་ཚད་ཀྱང་མིའི་ཤེས་པ་ཇི་བཞིན་འབག་སྙིགས་ཀྱིས་བསླད་ཅིང་།  འདམ་གྱིས་གོས་པའི་དབང་གིས་སེམས་ཀྱི་དག་གཙང་སྲུང་བའི་སྙན་ངག་པ་ཞིག་ལ་མཚོན་ན་སྐད་ཆའི་གདམ་གསེས་ནི་ཤིན་ཏུ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད།  སྙན་ངག་ནི་སྒྱུ་རྩལ་ཡིན་མོད་སྒྱུ་འཕྲུལ་ཡིན་མི་སྲིད།  དེ་ཡིས་སྐད་ཆ་ཡོད་ཚད་ཀྱི་ངོ་མདངས་གཞན་ཞིག་ཏུ་བསྒྱུར་མི་ནུས་མོད།  ཞུན་བརྡར་དང་བཙོ་སྦྱངས་བྱེད་ནུས་པ་ཞིག་རེད།  དེ་སྙན་ངག་པའི་སེམས་ཁམས་དང་འབྲེལ་བ་མ་ཟད་རང་གཤིས་དང་ཡང་འབྲེལ་ཡོད་པ་ཞིག་རེད་མོད།   སྙན་ངག་གི་དོན་དང་ཚིག་གི་ལེན་ལུགས་སྟེང་ནས་བཤད་ན་ཉམས་མྱོང་ཞིག་རེད་འདོད་ཡོད།  རྒྱུ་དེ་ཡིས་ཕྱིར་བལྟ་བྱས་ན་སྙན་ངག་ཅིག་འབྱུང་བར་སྙན་ངག་པ་ནི་ཕ་ཡིན་པའི་དབང་དུ་བཏང་ན།  སྐད་ཆ་ནི་སྙན་ངག་གི་མ་ཡུམ་ཡིན་དགོས་ལ།  སྙན་ངག་ནི་དེ་གཉིས་ཀྱི་འདྲེས་སྦྱོར་ལས་བྱུང་བའི་ཁྱེའུ་ཞིག་རེད་འདོད།
 
        གོང་གི་སྐད་ཆ་འདི་ནི་རང་གི་བསམ་ཚུལ་ཙམ་ལས་འཕྲོས་པའི་གཏམ་ཞིག་ཡིན་པ་ལས་འབྲོང་དང་ལྷམ་ཀོག་ལ་སོགས་པའི་ལྟ་སྟངས་ཡིན་མི་སྲིད་མོད།  གྲོགས་ཞོགས་ལྗང་ལགས་ལ་བགྲོ་གླེང་གི་ཚུལ་གྱིས་དགོངས་འཆར་བརྗེ་རེས་བྱས་པ་ཙམ་ཡིན།
 
རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐ་སྙད་བཙོ་སྦྱངས་ལས་འཕྲོས་པའི་སྙན་ངག་གི་ལྟ་བ།

2011-01-17 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།