གློག་ཀླད་འཁྱག་པ། དབྱངས་གསལ་དྲོན་པོ།༼རང་མོས༽

གློག་ཀླད་འཁྱག་པ། དབྱངས་གསལ་དྲོན་པོ།
དགུན་དུས་སུ་རི་ཁར་བརྩིགས་པའི་དར་ལྕོག་ང༌།
དབང་ཤུགས་ཀྱིས་བསྒྱེལ་ལམ། དངུལ་ལོར་གྱིས་བསྒྱེལ་ལམ།

བུ་མོ་འཁྱག་པ། བརྩེ་དུང་དྲོན་པོ།
དགུན་དུས་སུ་མེ་ཁར་བསྲོ་བའི་སྦི་རག་ང༌།
སྙན་ངག་གིས་འཐུང་ངམ། འཆི་བདག་གིས་འཐུང་ངམ།

ཁ་པར་འཁྱག་པ། སྐད་ཆའང་འཁྱག་པ།
ངས་བཙོན་ཁང་འདིའི་གྱང་ངོས་ལ་རྡོག་ཐོས་གྲངས་མེད་གཞུས་པ།
ཁྱོད་ཀྱིས་ཚོར་ཨེ་བྱུང༌། འགྲོ་བ་མིའི་རིགས།
                     ༢༠༠༧ལོའི་ཟླ༡༡པའི་ཚེས༢༨ཉིན་མཆོད་མེ་དྲ་སྒོ་ཕྱེ་བའི་དུས་དང་བསྟུན་ཏེ་འཁངས་ལ་ཉེ་བའི་
རང་གི་རྐང་ཟུང་སྐྱོར་བཞིན་ཤར་མར་སྤེལ་བ་བོ་ནི་སྐྱབས་ཆེན་བདེ་གྲོལ་ལོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཀླད་འཁྱག་པ། དབྱངས་གསལ་དྲོན་པོ།༼རང་མོས༽

གློག་ཀླད་འཁྱག་པ། དབྱངས་གསལ་དྲོན་པོ།
དགུན་དུས་སུ་རི་ཁར་བརྩིགས་པའི་དར་ལྕོག་ང༌།
དབང་ཤུགས་ཀྱིས་བསྒྱེལ་ལམ། དངུལ་ལོར་གྱིས་བསྒྱེལ་ལམ།

བུ་མོ་འཁྱག་པ། བརྩེ་དུང་དྲོན་པོ།
དགུན་དུས་སུ་མེ་ཁར་བསྲོ་བའི་སྦི་རག་ང༌།
སྙན་ངག་གིས་འཐུང་ངམ། འཆི་བདག་གིས་འཐུང་ངམ།

ཁ་པར་འཁྱག་པ། སྐད་ཆའང་འཁྱག་པ།
ངས་བཙོན་ཁང་འདིའི་གྱང་ངོས་ལ་རྡོག་ཐོས་གྲངས་མེད་གཞུས་པ།
ཁྱོད་ཀྱིས་ཚོར་ཨེ་བྱུང༌། འགྲོ་བ་མིའི་རིགས།
                     ༢༠༠༧ལོའི་ཟླ༡༡པའི་ཚེས༢༨ཉིན་མཆོད་མེ་དྲ་སྒོ་ཕྱེ་བའི་དུས་དང་བསྟུན་ཏེ་འཁངས་ལ་ཉེ་བའི་
རང་གི་རྐང་ཟུང་སྐྱོར་བཞིན་ཤར་མར་སྤེལ་བ་བོ་ནི་སྐྱབས་ཆེན་བདེ་གྲོལ་ལོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།