ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་འདུག༼འགྱུར་མ༽

གར་སྟེགས་འདིར་ཕྱོགས་པའི་གདོང་ཡོད་ཚད
ཐུན་མཚམས་གསར་བའི་རྗེས་སུ་འགྲོ་སྟེ
ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་ཡོད་པས་ཕྱིར་ནའོ
ཡང་དེར་ཚེ་སྐྱིད་ལས་གཞན་སུ་ཡང་མེད་པར
མི་ཚེ་འདིའི་སྙིང་བོ་ཇི་བཞིན་སྟོང་བར་ལུས་ཤིང
ཆར་ཆུ་ཐིགས་པ་གཅིག་གིས་མོའི་མིག་འགྲམ་ནས་ངལ་བ་གསོ་དུས
མོ་རང་གཟིག་མོའི་ལུས་སྟེང་ན་འབར་བའི་པགས་པ་བཞིན་ཡག་ལ
རང་གི་ཁྱིམ་མཚེས་ཡིན་པའི་རྒྱུ་སྐར་དང་འདྲེས་པར་དོགས

དེ་ལྟ་ནའང མི་ཆེན་ཚོས་མོའི་ལག་པ་ནས་འཛིན་བཞིན་ངོ་བསྟོད་བྱེད་དུས
མོའི་ལག་ཟུང་མཉེན་མོ་འཁྱག་པར་གྱུར་ཡོད་དེ
མི་ཆེན་ཚོའི་མདུན་ན  མོ་ལ་འོད་སྟོང་ལྡན་པའི་འབྱུང་འགྱུར་ལས
གཞན་ཅི་ཡང་མེད་དོ  མོའི་ཡག་ཉམས་དེ
རྒུན་ཆང་འཐུང་བྱེད་ཀྱི་ཤེལ་ཕོར་འོག་ཏུ་བསྐུངས་འདུག
ཁོང་འདར་གློ་བུར་བ་རེས་མི་རྣམས་ལ་ཕལ་བའི་སྒྱུ་རྩལ་དང་
ཕན་ཚུན་སྐྱེ་ཞིང་མཆེད་པར་བྱེད་པའི་ངོ་གདོང
འཛེར་སྐད་ཀྱི་ཁྲོད་ནས་གང་སར་མཆེད་ཀྱིན་པའི་གཡེམ་སྦྱོར་སོགས་དྲན་དུ་འཇུག

ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་ཡོད་དེ
དེའི་ནང་ན་གློ་མདོག་གི་ཕྱེ་མ་ལེབ་ཅིག་དང
དེའི་ཕྱི་ན་མིག་སྲེག་བྱེད་ཀྱི་སྐྱེད་མོས་ཚལ་ཅིག་ཀྱང་འདུག་གོ

ལོ་ངོ་དུ་མའི་རྗེས་སུ  ཁྱོད་དམ་རླུང་གི་ལག་པས
བརྩེ་བ་དང་བཅས་རང་ཁྱིམ་གྱི་ཅོང་ཆུ་ཚོད་ཀྱི་ཁ་འབྱེད་པའི་དུས་སུ
དེའི་ཆེས་མཐའ་མའི་ལྷུ་ལག་ནི
ཚེ་སྐྱིད་ཀྱི་གདོང་ཡིད་དུ་འོངས་པ་དེ་ཡིན་ངེས
            (སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)

རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་འདུག༼འགྱུར་མ༽

2008-12-14 སྐྱ་བོ། ཀློག་གྲངས། མཆན ཡོད།

གར་སྟེགས་འདིར་ཕྱོགས་པའི་གདོང་ཡོད་ཚད
ཐུན་མཚམས་གསར་བའི་རྗེས་སུ་འགྲོ་སྟེ
ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་ཡོད་པས་ཕྱིར་ནའོ
ཡང་དེར་ཚེ་སྐྱིད་ལས་གཞན་སུ་ཡང་མེད་པར
མི་ཚེ་འདིའི་སྙིང་བོ་ཇི་བཞིན་སྟོང་བར་ལུས་ཤིང
ཆར་ཆུ་ཐིགས་པ་གཅིག་གིས་མོའི་མིག་འགྲམ་ནས་ངལ་བ་གསོ་དུས
མོ་རང་གཟིག་མོའི་ལུས་སྟེང་ན་འབར་བའི་པགས་པ་བཞིན་ཡག་ལ
རང་གི་ཁྱིམ་མཚེས་ཡིན་པའི་རྒྱུ་སྐར་དང་འདྲེས་པར་དོགས

དེ་ལྟ་ནའང མི་ཆེན་ཚོས་མོའི་ལག་པ་ནས་འཛིན་བཞིན་ངོ་བསྟོད་བྱེད་དུས
མོའི་ལག་ཟུང་མཉེན་མོ་འཁྱག་པར་གྱུར་ཡོད་དེ
མི་ཆེན་ཚོའི་མདུན་ན  མོ་ལ་འོད་སྟོང་ལྡན་པའི་འབྱུང་འགྱུར་ལས
གཞན་ཅི་ཡང་མེད་དོ  མོའི་ཡག་ཉམས་དེ
རྒུན་ཆང་འཐུང་བྱེད་ཀྱི་ཤེལ་ཕོར་འོག་ཏུ་བསྐུངས་འདུག
ཁོང་འདར་གློ་བུར་བ་རེས་མི་རྣམས་ལ་ཕལ་བའི་སྒྱུ་རྩལ་དང་
ཕན་ཚུན་སྐྱེ་ཞིང་མཆེད་པར་བྱེད་པའི་ངོ་གདོང
འཛེར་སྐད་ཀྱི་ཁྲོད་ནས་གང་སར་མཆེད་ཀྱིན་པའི་གཡེམ་སྦྱོར་སོགས་དྲན་དུ་འཇུག

ཚེ་སྐྱིད་ལ་གདོང་ཡག་པོ་ཞིག་ཡོད་དེ
དེའི་ནང་ན་གློ་མདོག་གི་ཕྱེ་མ་ལེབ་ཅིག་དང
དེའི་ཕྱི་ན་མིག་སྲེག་བྱེད་ཀྱི་སྐྱེད་མོས་ཚལ་ཅིག་ཀྱང་འདུག་གོ

ལོ་ངོ་དུ་མའི་རྗེས་སུ  ཁྱོད་དམ་རླུང་གི་ལག་པས
བརྩེ་བ་དང་བཅས་རང་ཁྱིམ་གྱི་ཅོང་ཆུ་ཚོད་ཀྱི་ཁ་འབྱེད་པའི་དུས་སུ
དེའི་ཆེས་མཐའ་མའི་ལྷུ་ལག་ནི
ཚེ་སྐྱིད་ཀྱི་གདོང་ཡིད་དུ་འོངས་པ་དེ་ཡིན་ངེས
            (སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)

རྩོམ་ཁུངས། མཆོད་མེའི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།