སྡིག་གྲོགས།༼འགྱུར་མ༽

བྷོར་ཧེ་ཞི(ཨར་ཇིན་ཐེནའ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

ང་ལ་སྲོག་ཁྲིམས་གཅོད་པར་འཚལ་ན
ང་ནི་རྒྱ་གྲམ་དང་ལྕགས་གཟེར་དེ་ཡིན
ང་ལ་བདུད་རྩི་སྩོལ་བར་འཚལ་ན
ང་ནི་དུག་གི་ལོ་མ་དེ་ཡིན
ང་ཡི་མགོ་བོ་གཡོག་པར་འཚལ་ན
ང་ནི་རྫུན་གཏམ་དེ་ཡིན
ང་རང་མེས་སྲེག་པར་འཚལ་ན
ང་ནི་དམྱལ་ཁམས་དེ་ཡིན
ངས་དུས་ཀྱི་འཁོར་ལོ་འཁོར་བའི་སྐད་ཅིག་མ་རེ་རེར
བསྟོད་ཅིང་དྲིན་གསོལ་ཞུ་བར་འོས
ངའི་ཁ་ཟས་ནི་སྟོང་གསུམ་གྱི་ལོངས་སྤྱོད་ཡོད་རྒུ་ཡིན
ངས་འཇིག་རྟེན་དང་ངན་མཚང   སྤྲོ་སྣང་སོགས་ཡོད་ཚད་ཕྲག་ཏུ་ཁུར་ཡོད
ངས་ང་ལ་གནོད་པར་བྱེད་པ་མཐའ་དག་གི་ཆེད་དུ་དག་སེལ་བྱེད་པར་འོས
ང་ལ་མཚོན་ན་རླུང་རྟ་རྒྱུགས་མིན་དེ་གཙོ་བོ་མ་ཡིན
ང་ནི་སྙན་ངག་པ་ཡིན
                       (སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡིག་གྲོགས།༼འགྱུར་མ༽

2008-10-29 བྷོར་ཧེ་ཞི(ཨར་ཇིན་ཐེནའ) ཀློག་གྲངས། མཆན ཡོད།

ང་ལ་སྲོག་ཁྲིམས་གཅོད་པར་འཚལ་ན
ང་ནི་རྒྱ་གྲམ་དང་ལྕགས་གཟེར་དེ་ཡིན
ང་ལ་བདུད་རྩི་སྩོལ་བར་འཚལ་ན
ང་ནི་དུག་གི་ལོ་མ་དེ་ཡིན
ང་ཡི་མགོ་བོ་གཡོག་པར་འཚལ་ན
ང་ནི་རྫུན་གཏམ་དེ་ཡིན
ང་རང་མེས་སྲེག་པར་འཚལ་ན
ང་ནི་དམྱལ་ཁམས་དེ་ཡིན
ངས་དུས་ཀྱི་འཁོར་ལོ་འཁོར་བའི་སྐད་ཅིག་མ་རེ་རེར
བསྟོད་ཅིང་དྲིན་གསོལ་ཞུ་བར་འོས
ངའི་ཁ་ཟས་ནི་སྟོང་གསུམ་གྱི་ལོངས་སྤྱོད་ཡོད་རྒུ་ཡིན
ངས་འཇིག་རྟེན་དང་ངན་མཚང   སྤྲོ་སྣང་སོགས་ཡོད་ཚད་ཕྲག་ཏུ་ཁུར་ཡོད
ངས་ང་ལ་གནོད་པར་བྱེད་པ་མཐའ་དག་གི་ཆེད་དུ་དག་སེལ་བྱེད་པར་འོས
ང་ལ་མཚོན་ན་རླུང་རྟ་རྒྱུགས་མིན་དེ་གཙོ་བོ་མ་ཡིན
ང་ནི་སྙན་ངག་པ་ཡིན
                       (སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།