མདང་དགུང་ང་ཡི་རྨི་ལམ་དུ།༼རང་མོས༽

 

མདང་དགུང་ང་ཡི་རྨི་ལམ་དུ
མི་ཕོ་ཞིག་གིས་རང་གི་འགྲམ་པར་དམར་ཐིག་འབྲི་ཡི་འདུག
ལམ་འགྲམ་དུ  ལྷུང་བཟེད་ཆག་པོ་དག་གི་ནང་དུ་ཆར་ཆུ་འབབ་ཀྱི་འདུག
ཁང་བརྩེགས་མཐོན་པོ་དག
སུ་ཞིག་གི་སེམས་ལས་སྐྱེས་པ་བཞིན
ཉི་མ་ཟླ་བའི་མཐོ་ཚད་ལ་བསྲིངས་ཀྱང
ཡོད་ཚད་སྟོང་བ་རེད་ཤག
མདང་དགུང་ང་ཡི་རྨི་ལམ་དུ
ཤོག་དངུལ་ངོས་ཀྱི་སྐྱེ་བོ་དག
སྨྲ་ལྕེ་མཉེན་མོ་མེ་མདའ་བཞིན་བཀད་ཀྱིན
ཚུར་མཆོངས་འོང་གིན་འདུག
གནའ་བོའི་རྒྱལ་བློན་དག་གིས
བྲག་ངོས་སུ་བཅས་པའི་གཡར་དམ་རྣམས
མེ་ཏོག་གི་ཟེའུ་འབྲུ་དང་ཟེའུ་འབྲུའི་ཟིལ་བར་གྱུར་ནས
ཁྲ་ཆིལ་དགུ་ཆིལ་དུ་གྱུར་སོང
དེ་རིང་གཉིད་ལས་སད་རྗེས
ཞོགས་པ་ནས་སྲོད་ཁའི་བར་དུ
སླར་ཡང་རྨི་ལམ་དེ་ཐེངས་གཅིག་ལ་མཐོང་བྱུང
                    2011/5/10
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདང་དགུང་ང་ཡི་རྨི་ལམ་དུ།༼རང་མོས༽

 

མདང་དགུང་ང་ཡི་རྨི་ལམ་དུ
མི་ཕོ་ཞིག་གིས་རང་གི་འགྲམ་པར་དམར་ཐིག་འབྲི་ཡི་འདུག
ལམ་འགྲམ་དུ  ལྷུང་བཟེད་ཆག་པོ་དག་གི་ནང་དུ་ཆར་ཆུ་འབབ་ཀྱི་འདུག
ཁང་བརྩེགས་མཐོན་པོ་དག
སུ་ཞིག་གི་སེམས་ལས་སྐྱེས་པ་བཞིན
ཉི་མ་ཟླ་བའི་མཐོ་ཚད་ལ་བསྲིངས་ཀྱང
ཡོད་ཚད་སྟོང་བ་རེད་ཤག
མདང་དགུང་ང་ཡི་རྨི་ལམ་དུ
ཤོག་དངུལ་ངོས་ཀྱི་སྐྱེ་བོ་དག
སྨྲ་ལྕེ་མཉེན་མོ་མེ་མདའ་བཞིན་བཀད་ཀྱིན
ཚུར་མཆོངས་འོང་གིན་འདུག
གནའ་བོའི་རྒྱལ་བློན་དག་གིས
བྲག་ངོས་སུ་བཅས་པའི་གཡར་དམ་རྣམས
མེ་ཏོག་གི་ཟེའུ་འབྲུ་དང་ཟེའུ་འབྲུའི་ཟིལ་བར་གྱུར་ནས
ཁྲ་ཆིལ་དགུ་ཆིལ་དུ་གྱུར་སོང
དེ་རིང་གཉིད་ལས་སད་རྗེས
ཞོགས་པ་ནས་སྲོད་ཁའི་བར་དུ
སླར་ཡང་རྨི་ལམ་དེ་ཐེངས་གཅིག་ལ་མཐོང་བྱུང
                    2011/5/10
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།