ཚོར་བ།༢༼རང་མོས༽
འདི་དང་ཕྱི་མའི་བར་ན བོང་རྒན་ནད་པ་ཞིག
སེམས་དང་སྨྲ་ལྕེའི་བར་ན གཟུགས་མེད་ཆོམ་རྐུན་ཞིག
ང་དང་ཁྱོད་ཀྱི་བར་ན བདག་མེད་ནལ་བུ་ཞིག
མིག་གིས་རྒྱང་ལ་བལྟས་ཚེ ཡོད་ཚད་རབ་རིབ་ཅིག
2011/4/8
རྩོམ་ཁུངས། ངེད་དྲ་བ།