མཚན་མོ་ཞིག་ལ་ཤཱཀྱ་ཐུབ་པ་དྲན་པ།

འཕྲུལ་འཁོར་གྱི་འཚང་ཀ་ཞིག་ཅིང་མི་ཚོགས་ཀྱི་སྐད་ཅོར་འཇགས་དུས
ཐག་རིང་གི  ང་ཡི་ཕ་ཡུལ་ན་དམར་སྨུག་གི་མཚམས་སྤྲིན་ཞིག་མུན་པས་བཏིམས་བཞིན་ཡོད་དུས
སྲང་ལམ་འདི་བཙོན་ར་སྟོང་བ་ཞིག་དང་འདྲ་བར་ཁུ་སིམ་མེར་གནས་དུས
འགྱིག་ཁུག་རལ་བོ་འགའ་བདག་གི་འཕྲུལ་སྣང་བཞིན་བདག་མེད་དུ་ལུས་ཤིང
བཤད་ཡམས་དང་རིམས་ནད་ལྟ་བུའི་རྡུལ་རླུང་གིས་ཁུར་ཡོང་དུས
སྒོ་ཁྱི་ཞིག་གིས་རང་ཉིད་དང་བཅས་པའི་འཇིག་རྟེན་འདིར་གཤེ་བ་བཞིན
ཤུགས་ཆེན་པོས་ལྕགས་ཐག་གིས་འཐེན་བཞིན་ཟུག་སྐད་སྒྲོག་དུས
བགྲེས་མོ་ཞིག་དངུལ་ལོར་གྱིས་བརྩིགས་པའི་སྐས་ཐེམ་ལས་མར་འགྱེལ་ཏེ
ཁྲག་གིས་བརླན་པའི་གདོང་ལག་པས་སྐྱོར་བཞིན་ང་ཡི་གམ་ནས་སྡོད་དུས
ཇག་ལ་སོང་བའི་སྐྱ་མི་འགའ་རྟ་ལས་བབས་མ་ཐག་རླངས་འཁོར་དུ་བུད་ཅིང་
ཉིན་ཞག་བཅོ་བརྒྱད་ལ་བྲོས་རྗེས་ཕག་ར་ཆུང་ཆུང་ཞིག་ཏུ་འཚངས་པའི་ཁ་བརྡ་ཤབ་ཤུབ་དེ་ཐོས་དུས
གཟུགས་མེད་ཀྱི་གློ་གྲི་ཞིག་འོད་ཆི་ལེར་སྣང་བའི་ཡུལ་དུ་མངོན་མོད
ཅི་བྱ་གཏོལ་མེད་ངང་འཆི་འཕོའི་ཕྱོགས་ལ་གྲ་སྒྲིག་གང་ཡང་མེད་པར་ལུས་དུས
གྲོགས་མེད་ཁེར་རྐྱང་གི་ཡུལ་གྱར་བ་ངས
ཤེལ་གྱི་བུམ་པའི་ནང་ཆུ་གཙང་མ་ལྡུགས་པ་བཞིན་ཁོ་རང་དྲན་བྱུང༌།
                                                        ༢༠༠༣ལོའི་ཟླ་༦པའི་ཚེས༣༠ཉིན་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།