ངས་ཀྱང་གཞན་ལ་བལྟས་པ་ན།༼བཅད་མ༽

 

གཞན་གྱིས་ང་ལ་ལྟ་བ་བཞིན།།
ངས་ཀྱང་གཞན་ལ་བལྟས་པ་ན།།
གཟེབ་དྲའི་ནང་གི་མི་འདི་དག།།
ཡ་མ་གཟུགས་སུ་མངོན་སུམ་མཐོང་།།
སྙན་དང་གྲགས་པའི་སྤྲང་ཁུག་ཏུ།།
ཤེས་རབ་སིལ་མའི་དངུལ་བླུགས་ཏེ།།
ལྟ་བར་ཁེན་པའི་རྒན་པོ་འདིར།།
དེ་རིང་ཁོ་བོ་ཞེད་ཙམ་བྱུང་།།
དུས་ཀྱི་ཆུ་ཀླུང་རྒྱུན་རིང་མས།།
མཚན་ཉིད་རིག་པའི་ཡི་གེ་ནི།།
རྒྱང་དུ་ཁྱེར་ནས་མི་སྣང་ཞིང།།
ཆུ་ཀླུང་རང་ཡང་སྐེམ་ཚར་བས།།
ད་ལྟའི་མྱ་ངམ་ཐང་འདི་ན།།
ཁྱི་རོ་རུབ་པའི་སྦྲང་ནག་ཚོགས།།
འཕུར་བའི་སྒྲ་དབྱངས་ཟ་ཟི་དེས།།
གཉིད་ཀྱི་བདེ་བའང་རབ་ཏུ་འཕྲོག།
བྱིས་པ་བྱིས་པའི་དམག་དཔུང་ཅན།།
འགྱིག་གི་རྟ་ལ་བཅིབས་ནས་འོང་།།
ཀུ་ཅོའི་ཆོ་ངེ་བསྒྲགས་ཏེ་འོང་།།
རྩི་ཏོག་རལ་གྲི་ཐོགས་ཏེ་འོང་།།
སྙན་ངག་བདུད་རྩིའི་རོ་མངར་གྱིས།།
དབང་རྩ་སྦྲིད་པའི་སྐྱེ་བོ་ནི།།
སྨྱོན་པའི་འདུ་ཁང་ལ་བཙུད་ནས།།
སེམས་ཀྱི་བཙོན་མར་གྱུར་བ་ན།།
ཐ་སྙད་སྒྱུ་མའི་གཟེབ་ནང་ནས།།
བྱེའུ་འཛིན་པའི་བཙོན་སྲུང་དག།
ཅལ་ཅིལ་གླུ་སྒྲས་མྱོས་གྱུར་ཏེ།།
གདོད་མའི་སེམས་དང་རིང་དང་བྲལ།།
       (མུ་འགོད)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཀྱང་གཞན་ལ་བལྟས་པ་ན།༼བཅད་མ༽

 

གཞན་གྱིས་ང་ལ་ལྟ་བ་བཞིན།།
ངས་ཀྱང་གཞན་ལ་བལྟས་པ་ན།།
གཟེབ་དྲའི་ནང་གི་མི་འདི་དག།།
ཡ་མ་གཟུགས་སུ་མངོན་སུམ་མཐོང་།།
སྙན་དང་གྲགས་པའི་སྤྲང་ཁུག་ཏུ།།
ཤེས་རབ་སིལ་མའི་དངུལ་བླུགས་ཏེ།།
ལྟ་བར་ཁེན་པའི་རྒན་པོ་འདིར།།
དེ་རིང་ཁོ་བོ་ཞེད་ཙམ་བྱུང་།།
དུས་ཀྱི་ཆུ་ཀླུང་རྒྱུན་རིང་མས།།
མཚན་ཉིད་རིག་པའི་ཡི་གེ་ནི།།
རྒྱང་དུ་ཁྱེར་ནས་མི་སྣང་ཞིང།།
ཆུ་ཀླུང་རང་ཡང་སྐེམ་ཚར་བས།།
ད་ལྟའི་མྱ་ངམ་ཐང་འདི་ན།།
ཁྱི་རོ་རུབ་པའི་སྦྲང་ནག་ཚོགས།།
འཕུར་བའི་སྒྲ་དབྱངས་ཟ་ཟི་དེས།།
གཉིད་ཀྱི་བདེ་བའང་རབ་ཏུ་འཕྲོག།
བྱིས་པ་བྱིས་པའི་དམག་དཔུང་ཅན།།
འགྱིག་གི་རྟ་ལ་བཅིབས་ནས་འོང་།།
ཀུ་ཅོའི་ཆོ་ངེ་བསྒྲགས་ཏེ་འོང་།།
རྩི་ཏོག་རལ་གྲི་ཐོགས་ཏེ་འོང་།།
སྙན་ངག་བདུད་རྩིའི་རོ་མངར་གྱིས།།
དབང་རྩ་སྦྲིད་པའི་སྐྱེ་བོ་ནི།།
སྨྱོན་པའི་འདུ་ཁང་ལ་བཙུད་ནས།།
སེམས་ཀྱི་བཙོན་མར་གྱུར་བ་ན།།
ཐ་སྙད་སྒྱུ་མའི་གཟེབ་ནང་ནས།།
བྱེའུ་འཛིན་པའི་བཙོན་སྲུང་དག།
ཅལ་ཅིལ་གླུ་སྒྲས་མྱོས་གྱུར་ཏེ།།
གདོད་མའི་སེམས་དང་རིང་དང་བྲལ།།
       (མུ་འགོད)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།