པེ་ཅིང་གི་ས་འོག་ལྕགས་ལམ།༼རང་མོས༽

 
འཕུར་ནས་འགྲོ་བའི་བརྡ་རྟགས་མཁྲེགས་པོ
གཟུགས་མེད་པའི་སྦྲང་ནག
གྱོ་མོ་དམར་པོའི་འཚང་ཁ
གང་ཞིག་གང་ལ་འཐིམ་འགྲོ་འམ

ཁྱོད་ནི་སྐད་ཆའི་རླུང་འཚུབ་ཀྱིས་མ་ཁུར
བདག་ཀྱང་མཆུ་ཏོའི་མེ་རིས་མ་ཚིག
ས་ཁར་བུད་རྗེས་གྱོན་ཆས་དང་བཅས་པ་ཆ་ཚང་བར་ཡོད་པས
ཉི་མ་འདིར་གསོན་ཆོག་པའི་རང་དབང་ཐོབ་འདུག
གློད་གྲོལ་ཐོབ་པ་ཇི་བཞིན
བརྩེ་བའི་མལ་སྟན་ལ་ཡང་ཡང་རེག་དུས
ཁ་པར་གྱི་ཕར་ཕྱོགས་ནས་འབོད་མཁན་ནི
ལག་ལ་མཆོད་མེ་བཟུང་བའི་ལྷ་མོ་དེའོ
                                                2010/9/25
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པེ་ཅིང་གི་ས་འོག་ལྕགས་ལམ།༼རང་མོས༽

 
འཕུར་ནས་འགྲོ་བའི་བརྡ་རྟགས་མཁྲེགས་པོ
གཟུགས་མེད་པའི་སྦྲང་ནག
གྱོ་མོ་དམར་པོའི་འཚང་ཁ
གང་ཞིག་གང་ལ་འཐིམ་འགྲོ་འམ

ཁྱོད་ནི་སྐད་ཆའི་རླུང་འཚུབ་ཀྱིས་མ་ཁུར
བདག་ཀྱང་མཆུ་ཏོའི་མེ་རིས་མ་ཚིག
ས་ཁར་བུད་རྗེས་གྱོན་ཆས་དང་བཅས་པ་ཆ་ཚང་བར་ཡོད་པས
ཉི་མ་འདིར་གསོན་ཆོག་པའི་རང་དབང་ཐོབ་འདུག
གློད་གྲོལ་ཐོབ་པ་ཇི་བཞིན
བརྩེ་བའི་མལ་སྟན་ལ་ཡང་ཡང་རེག་དུས
ཁ་པར་གྱི་ཕར་ཕྱོགས་ནས་འབོད་མཁན་ནི
ལག་ལ་མཆོད་མེ་བཟུང་བའི་ལྷ་མོ་དེའོ
                                                2010/9/25
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།