མི་འུ་ཚོ་བཙོག་པ་ལ།༼རང་མོས༽

 

ཤྭ་བ་རྭ་ལག་ཆ་བརྒྱད་ཅན་དེའི་མགོ་རང་ཁྱིམ་གྱི་གྱང་ངོས་སུ་བཀལ་ནས
གླང་ཆེན་གྱི་རུས་པས་གསེར་ཁང་ཞིག་གི་ཀ་བ་བྱས་ནས
བྱ་གླག་དག་བསད་ནས་ཤོག་བུའི་གླག་ཅིག་བཟོས་ནས
ད་དུང་སྐྱིད་པ་ལ་ཟེར་ནས་ཆང་འཐུང་མཁན་ནི
ལྭ་བ་མདོག་ངན་སྔོ་སྐྱ་གྱོན་པའི་རྔོན་པ་འུ་ཚོའོ
གྲོག་ཚང་ནང་ལ་གཅིན་གཏོང་མཁས་པའི
སྤྲེའུ་མགོ་དག་བ་རྡོ་རུ་བཟོ་མཁས་པའི
སྦྲུལ་གསོན་པོས་སྐེད་ཆབ་བྱེད་མཁས་པའི
བོང་བུ་ཚོར་ལག་སྐྱོར་འཕྲུལ་འཁོར་འདྲུད་དུ་འཇུག་པའི
གསེར་ནག་ས་འོག་ནས་ས་སྟེང་ལ་ལེན་མཁས་པའི
བཟོ་བ་ལྕགས་ཁེམ་ཅན་འུ་ཚོ་བཙོག་པ་ལ  བཙོག་པ་ལ
ཡི་གེའི་མཚོན་ཆ་དང་སྨྲ་ལྕེའི་ཞགས་པ་ཡིས
ཉམ་ཆུང་ཚོ་དུམ་བུར་དུམ་བུར་གཏུབས་ཏེ
གཞུང་ལུགས་ཀྱི་ལྕགས་རིས
སེམས་བཟང་ཚོ་འགྲོ་ས་མེད་པར་བཟོས་ཏེ
བདེན་ལུགས་ཀྱི་རིགས་པས
གོམས་གཤིས་འགའ་རྨང་ནས་འཇོམས་པར་བྱེད་པའི
མཁས་པ་མིག་ཤེལ་ཅན་འུ་ཚོ་བཙོག་པ་ལ
གཟིགས་དང   གད་སྙིགས་ཀྱི་ར་བ་འདི་མིས་གང་སོང
དམར་གསོད་ཀྱི་ཟློས་གར་འདི་མིས་འཁྲབ་སོང
ནད་ཡམས་གསར་བ་དེ་མིས་བཟོས་སོང
སྨད་འཚོང་མ་ལས་ཁྱེར་འོང་བའི་སྦྱར་དུག་དེ་
སླར་ཡང་རང་གི་ཆུང་མ་ལ་མིས་བགོས་སོང
གངས་རི་བཞུས་པའི་གཙང་བོ་དེ
འགྱིག་གི་དམ་བུ་རུ་མིས་བླུགས་སོང
སངས་རྒྱས་ཀྱི་གཟིགས་པར་གཡོལ་འདོད་པའི
ཁུ་ཁྲག་གི་འཐབ་རྩོད    བཟི་བོ་ཚོས་གང་འདོད་དུ་བསྐྱུགས་པའི
ཚིག་གྲུབ་ནད་པ  དཔའ་བོ་བཙོན་དུ་འཇུག་བྱེད
བླུན་པོར་རྒྱལ་སྲིད་སྤྲོད་བྱེད
འཕྲུལ་འཁོར་གྱི་འཕལ་ཁ་དག་ཨུ་ཚུགས་ཀྱིས་སྤྲོད་བྱེད
རང་གི་ཟ་འཕྲུག་དེའི་མགོ་མ་ནོན་པར
ས་གཞི་ཆེན་པོར་རྨ་ཁ་བཟོ་བའི་ཡོ་བྱད་དེ
འུ་ཚོ་མི་ཨ  མི་ཨ
                                                 2010/6/26
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་འུ་ཚོ་བཙོག་པ་ལ།༼རང་མོས༽

 

ཤྭ་བ་རྭ་ལག་ཆ་བརྒྱད་ཅན་དེའི་མགོ་རང་ཁྱིམ་གྱི་གྱང་ངོས་སུ་བཀལ་ནས
གླང་ཆེན་གྱི་རུས་པས་གསེར་ཁང་ཞིག་གི་ཀ་བ་བྱས་ནས
བྱ་གླག་དག་བསད་ནས་ཤོག་བུའི་གླག་ཅིག་བཟོས་ནས
ད་དུང་སྐྱིད་པ་ལ་ཟེར་ནས་ཆང་འཐུང་མཁན་ནི
ལྭ་བ་མདོག་ངན་སྔོ་སྐྱ་གྱོན་པའི་རྔོན་པ་འུ་ཚོའོ
གྲོག་ཚང་ནང་ལ་གཅིན་གཏོང་མཁས་པའི
སྤྲེའུ་མགོ་དག་བ་རྡོ་རུ་བཟོ་མཁས་པའི
སྦྲུལ་གསོན་པོས་སྐེད་ཆབ་བྱེད་མཁས་པའི
བོང་བུ་ཚོར་ལག་སྐྱོར་འཕྲུལ་འཁོར་འདྲུད་དུ་འཇུག་པའི
གསེར་ནག་ས་འོག་ནས་ས་སྟེང་ལ་ལེན་མཁས་པའི
བཟོ་བ་ལྕགས་ཁེམ་ཅན་འུ་ཚོ་བཙོག་པ་ལ  བཙོག་པ་ལ
ཡི་གེའི་མཚོན་ཆ་དང་སྨྲ་ལྕེའི་ཞགས་པ་ཡིས
ཉམ་ཆུང་ཚོ་དུམ་བུར་དུམ་བུར་གཏུབས་ཏེ
གཞུང་ལུགས་ཀྱི་ལྕགས་རིས
སེམས་བཟང་ཚོ་འགྲོ་ས་མེད་པར་བཟོས་ཏེ
བདེན་ལུགས་ཀྱི་རིགས་པས
གོམས་གཤིས་འགའ་རྨང་ནས་འཇོམས་པར་བྱེད་པའི
མཁས་པ་མིག་ཤེལ་ཅན་འུ་ཚོ་བཙོག་པ་ལ
གཟིགས་དང   གད་སྙིགས་ཀྱི་ར་བ་འདི་མིས་གང་སོང
དམར་གསོད་ཀྱི་ཟློས་གར་འདི་མིས་འཁྲབ་སོང
ནད་ཡམས་གསར་བ་དེ་མིས་བཟོས་སོང
སྨད་འཚོང་མ་ལས་ཁྱེར་འོང་བའི་སྦྱར་དུག་དེ་
སླར་ཡང་རང་གི་ཆུང་མ་ལ་མིས་བགོས་སོང
གངས་རི་བཞུས་པའི་གཙང་བོ་དེ
འགྱིག་གི་དམ་བུ་རུ་མིས་བླུགས་སོང
སངས་རྒྱས་ཀྱི་གཟིགས་པར་གཡོལ་འདོད་པའི
ཁུ་ཁྲག་གི་འཐབ་རྩོད    བཟི་བོ་ཚོས་གང་འདོད་དུ་བསྐྱུགས་པའི
ཚིག་གྲུབ་ནད་པ  དཔའ་བོ་བཙོན་དུ་འཇུག་བྱེད
བླུན་པོར་རྒྱལ་སྲིད་སྤྲོད་བྱེད
འཕྲུལ་འཁོར་གྱི་འཕལ་ཁ་དག་ཨུ་ཚུགས་ཀྱིས་སྤྲོད་བྱེད
རང་གི་ཟ་འཕྲུག་དེའི་མགོ་མ་ནོན་པར
ས་གཞི་ཆེན་པོར་རྨ་ཁ་བཟོ་བའི་ཡོ་བྱད་དེ
འུ་ཚོ་མི་ཨ  མི་ཨ
                                                 2010/6/26
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།