ང་དང་ཁྱོད། ཁོང་དང་ཁོང་མོ་སོགས་ཀྱིས་གྲུབ་པའི་འཕྲུལ་འཁོར་འདི།


བཞིན་གྱི་གཉེར་མ་བསྡུས་སམ་ལྷོད་ཀྱང་རུང་།།
གྲོགས་སམ་དགྲ་བོ་གང་ཡིན་མངོན་མ་སོང་།།
དགའ་བའི་སྙིང་གཏམ་བཤད་དམ་མ་བཤད་རུང་།།
མགོ་བོ་སྙེ་སའི་མི་དེ་ཡིན་མི་འདུག།

འབྱུང་བཞིའི་ལུས་ནི་བདེ་བདེ་འདྲ་ནའང་།།
ན་ཚའི་ཚོར་བ་འདི་ནི་མི་འཇགས་པས།།
བདག་གི་སེམས་ཀྱི་སྨན་པ་གར་ཡོད་ཅེས།།
རྨི་ལམ་ནང་ནས་གཅེར་བུར་འདུར་དགོས་སོང་།།

སྒོ་མོ་འདི་དག་ཅི་ཙམ་ཆེར་ཕྱེ་ཡང་།།
ལོག་སའི་ཁྱིམ་དེ་རྙེད་པར་དཀའ་བ་ལ།།
གླུ་གཞས་འདི་དག་ཅི་ཙམ་སྙན་ནའང་།།
གླུ་མཁན་འདི་དག་ཅི་འདྲའི་བཙོག་པ་ལ།།

མི་སྡུག་གཟུགས་ཀྱིས་ཚུར་ལ་འབུར་ཡོང་བའི།།
ནད་གདོན་མཚོན་བྱེད་བརླན་གྱི་ཐིགས་པ་གཅིག།
གདོང་ལ་བྱུགས་ནས་སེམས་ལ་སིམ་པའི་ཚེ།།
འཇིག་རྟེན་འདི་ཉིད་གློ་བུར་འཇིག་ན་སྙམ།།

ལག་པ་གློད་ཅིག་སྲིད་པའི་བཙོན་མ་དག།
སྟོང་བའི་དབྱིངས་ན་ཟགས་པའི་ཕུང་བོ་འདིར།།
དུས་ཀྱི་མཚོན་ཆས་ཡང་ཡང་བསྣུན་པ་ལ།།
རྨ་ཁ་མེད་པའི་སྡུག་བསྔལ་ཤུགས་ཀྱིས་འབྱུང་།།

འཁོར་ནས་བྲོས་ཤིང་སླར་ཡང་ཚུར་འོང་སྟེ།།
སྡོད་ཀྱིན་སྡོད་ཀྱིན་ཟུག་རྔུ་མི་བཟོད་པར།།
འོ་དོད་བོས་ཀྱང་སྐད་སྒྲ་མེད་པའི་མཐུས།།
མགོ་བོ་དུད་ནས་འཆི་བར་སྒུག་འཚལ་ལོ།།

མཁྲེགས་ནས་མཁྲེགས་པར་འགྱུར་བའི་བཅུད་འདི་དག།
སྙིང་དང་ཁྲག་རྩ་མེད་པའི་སྣོད་ཀྱིས་བཟུང་།།
སྐད་ཅིག་ཅིག་ལ་འཁྲབ་པའི་གར་འདི་དག།
ཞིབ་ཏུ་བལྟས་ཚེ་ཕྱེ་མའི་སྣོད་བཞིན་འཇིག།

དར་ཆ་འདི་དག་སུ་ཡིས་བཟོས་པ་དང་།།
དར་ཡུ་འདི་ལ་སུ་ཞིག་འཇུས་ཡོད་པ།།
གཙོ་བོ་དེས་ཀྱང་གསལ་བོར་མ་བཤད་པར།།
དཔུང་གི་གྲལ་ནས་འགྲེང་བ་འདིའང་ཅི།།

བཏུལ་བའི་དགྲ་ནི་གྲོགས་ལ་འགྱུར་བྱེད་ཅིང་།།
བོར་བའི་གྲོགས་ཀྱིས་དགྲ་བོའི་ཚུལ་འཆང་སྟེ།།
སྤྲུལ་བའི་རྫས་ཀྱིས་མིད་པ་བཀང་བ་ཡིས།།
འགྲང་ཞིང་བཀྲེས་པའི་ཚོར་བ་ལན་མང་འོང་།།

                                2010/2/2


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ཁྱོད། ཁོང་དང་ཁོང་མོ་སོགས་ཀྱིས་གྲུབ་པའི་འཕྲུལ་འཁོར་འདི།


བཞིན་གྱི་གཉེར་མ་བསྡུས་སམ་ལྷོད་ཀྱང་རུང་།།
གྲོགས་སམ་དགྲ་བོ་གང་ཡིན་མངོན་མ་སོང་།།
དགའ་བའི་སྙིང་གཏམ་བཤད་དམ་མ་བཤད་རུང་།།
མགོ་བོ་སྙེ་སའི་མི་དེ་ཡིན་མི་འདུག།

འབྱུང་བཞིའི་ལུས་ནི་བདེ་བདེ་འདྲ་ནའང་།།
ན་ཚའི་ཚོར་བ་འདི་ནི་མི་འཇགས་པས།།
བདག་གི་སེམས་ཀྱི་སྨན་པ་གར་ཡོད་ཅེས།།
རྨི་ལམ་ནང་ནས་གཅེར་བུར་འདུར་དགོས་སོང་།།

སྒོ་མོ་འདི་དག་ཅི་ཙམ་ཆེར་ཕྱེ་ཡང་།།
ལོག་སའི་ཁྱིམ་དེ་རྙེད་པར་དཀའ་བ་ལ།།
གླུ་གཞས་འདི་དག་ཅི་ཙམ་སྙན་ནའང་།།
གླུ་མཁན་འདི་དག་ཅི་འདྲའི་བཙོག་པ་ལ།།

མི་སྡུག་གཟུགས་ཀྱིས་ཚུར་ལ་འབུར་ཡོང་བའི།།
ནད་གདོན་མཚོན་བྱེད་བརླན་གྱི་ཐིགས་པ་གཅིག།
གདོང་ལ་བྱུགས་ནས་སེམས་ལ་སིམ་པའི་ཚེ།།
འཇིག་རྟེན་འདི་ཉིད་གློ་བུར་འཇིག་ན་སྙམ།།

ལག་པ་གློད་ཅིག་སྲིད་པའི་བཙོན་མ་དག།
སྟོང་བའི་དབྱིངས་ན་ཟགས་པའི་ཕུང་བོ་འདིར།།
དུས་ཀྱི་མཚོན་ཆས་ཡང་ཡང་བསྣུན་པ་ལ།།
རྨ་ཁ་མེད་པའི་སྡུག་བསྔལ་ཤུགས་ཀྱིས་འབྱུང་།།

འཁོར་ནས་བྲོས་ཤིང་སླར་ཡང་ཚུར་འོང་སྟེ།།
སྡོད་ཀྱིན་སྡོད་ཀྱིན་ཟུག་རྔུ་མི་བཟོད་པར།།
འོ་དོད་བོས་ཀྱང་སྐད་སྒྲ་མེད་པའི་མཐུས།།
མགོ་བོ་དུད་ནས་འཆི་བར་སྒུག་འཚལ་ལོ།།

མཁྲེགས་ནས་མཁྲེགས་པར་འགྱུར་བའི་བཅུད་འདི་དག།
སྙིང་དང་ཁྲག་རྩ་མེད་པའི་སྣོད་ཀྱིས་བཟུང་།།
སྐད་ཅིག་ཅིག་ལ་འཁྲབ་པའི་གར་འདི་དག།
ཞིབ་ཏུ་བལྟས་ཚེ་ཕྱེ་མའི་སྣོད་བཞིན་འཇིག།

དར་ཆ་འདི་དག་སུ་ཡིས་བཟོས་པ་དང་།།
དར་ཡུ་འདི་ལ་སུ་ཞིག་འཇུས་ཡོད་པ།།
གཙོ་བོ་དེས་ཀྱང་གསལ་བོར་མ་བཤད་པར།།
དཔུང་གི་གྲལ་ནས་འགྲེང་བ་འདིའང་ཅི།།

བཏུལ་བའི་དགྲ་ནི་གྲོགས་ལ་འགྱུར་བྱེད་ཅིང་།།
བོར་བའི་གྲོགས་ཀྱིས་དགྲ་བོའི་ཚུལ་འཆང་སྟེ།།
སྤྲུལ་བའི་རྫས་ཀྱིས་མིད་པ་བཀང་བ་ཡིས།།
འགྲང་ཞིང་བཀྲེས་པའི་ཚོར་བ་ལན་མང་འོང་།།

                                2010/2/2


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།