ལོ་མ་རྐང་གཅིག༼རང་མོས༽


ངའི་མེས་པོ   ནགས་ཀྱི་གཏིང་ནས་མྱགས་པའི་ཆར་ཆུ
ལག་པ་ཕར་བསྲིངས་ཚེ  བསིལ་བའི་ཐིགས་པ་དེར་རེག་པར་སྲིད་ཀྱང
མཐོ་ནས་མཐོ་རུ་འཕུར་བཞིན་པའི་ཁང་བ་འདིས
ཅིས་ཀྱང་ང་རང་སྤྲིན་ཀླད་དུ་དྲངས་འགྲོ

ལོ་མ་རྐང་གཅིག་ལག་པའི་མཐིལ་ལ་བཟུང་ནས
སུ་ཞིག་གི་ཡལ་ཀ་བཙེམ་པར་འདོད་ཀྱང
ཡོད་ཚད་མགྱོགས་དྲགས་པས་གཅིག་ཀྱང་མ་ཟིན
དུ་བ་འབུད་པར་ཉེ་དུས་མེ་ནི་འབར་ཟིན

གཞུང་ལམ་གྱི་པ་ཏྲ་དང་རླངས་འཁོར་གྱི་སྲིན་འབུའི་བར་ནས
སྙན་ངག་པ་ཞིག་གིས་སྙན་ངག་པ་གཞན་ཞིག་དྲན
གཟུགས་བརྙན་དག་ཤིན་ཏུ་དྭངས་པའི་མེ་ལོང་ལ་ཤར་བ་ཇི་བཞིན

                               2009/12/21ཉིན་ཀོ་རེ་ཡེའི་གླིང་ཕྲན་གྱི་གྲོང་ཁྱེར་ཇེ་ཇོའུ་ནས་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་མ་རྐང་གཅིག༼རང་མོས༽


ངའི་མེས་པོ   ནགས་ཀྱི་གཏིང་ནས་མྱགས་པའི་ཆར་ཆུ
ལག་པ་ཕར་བསྲིངས་ཚེ  བསིལ་བའི་ཐིགས་པ་དེར་རེག་པར་སྲིད་ཀྱང
མཐོ་ནས་མཐོ་རུ་འཕུར་བཞིན་པའི་ཁང་བ་འདིས
ཅིས་ཀྱང་ང་རང་སྤྲིན་ཀླད་དུ་དྲངས་འགྲོ

ལོ་མ་རྐང་གཅིག་ལག་པའི་མཐིལ་ལ་བཟུང་ནས
སུ་ཞིག་གི་ཡལ་ཀ་བཙེམ་པར་འདོད་ཀྱང
ཡོད་ཚད་མགྱོགས་དྲགས་པས་གཅིག་ཀྱང་མ་ཟིན
དུ་བ་འབུད་པར་ཉེ་དུས་མེ་ནི་འབར་ཟིན

གཞུང་ལམ་གྱི་པ་ཏྲ་དང་རླངས་འཁོར་གྱི་སྲིན་འབུའི་བར་ནས
སྙན་ངག་པ་ཞིག་གིས་སྙན་ངག་པ་གཞན་ཞིག་དྲན
གཟུགས་བརྙན་དག་ཤིན་ཏུ་དྭངས་པའི་མེ་ལོང་ལ་ཤར་བ་ཇི་བཞིན

                               2009/12/21ཉིན་ཀོ་རེ་ཡེའི་གླིང་ཕྲན་གྱི་གྲོང་ཁྱེར་ཇེ་ཇོའུ་ནས་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།