སྒྱོགས་མདེའུ།༼རང་མོས༽

ལག་མགོ་གཉིས་རྒྱབ་ནས་བསྣོལ་ཏེ

ལུས་པོ་དྲང་དྲང་གིས་བཀའ་ཚིག་སྒྲོག་པའི་ཁྱེད་རང་གང་ནས་ཕེབས
བྲག་དམར་གཏོར་བྱེད་ཀྱི་ཐོག་རྒོད་དེའང
ཤེལ་གྱི་ཡོལ་བས་ཕྱི་རོལ་ཏུ་ཕུད་ནས
མལ་གདན་འཇམ་པོ་དངུལ་ལོར་གྱིས་བརྩིགས་པར་བྱིལ་བྱིལ་གཏོང་དུས
རྫོགས་ལྡན་གྱི་དུས་རབས་སླེབ་ཉེར་ཡོད་ཨང
ཡིན་ཡང་འདམ་ཉོག་སྒྱོ་བ་གང་ཁང་ཁུར་བའི་རྒན་པོ་ཞིག་རླུང་གིས་ཁུར་སོང་ལ
ནད་ཡམས་མཚན་མ་གང་བཟུང་བའི་བུད་མེད་ཅིག་འདྲེ་རུ་གྱུར་སོང

ཉི་འོད་ཚ་ནས་ཚ་རུ་གྱུར་ཏེ

མེ་ཏོག་འགའ་དང་བྱིས་པ་འགའ་མཉམ་དུ་སྲེག་དུས

ང་ཚོའི་ཁྱིམ་སྦུག་ན་ཆུ་དཀར་ཡོལ་གང་ཡང་མེད་པ་འདི་ཅི

རྨ་ཆུ་ནི་གམ་ནས་བཞུར་ཡང

མགྲིན་པ་ནི་བཀྲེས་པས་ངར་ཡོང

སྤང་རྩྭ་འཇོམས་བྱེད་ཀྱི་བྱེ་མའི་དམག་ཚོགས་ནི

ཁྱེད་ཀྱིས་གང་ཞིག་ནས་ཁྲིད་ཡོང་བ་ཡིན་ནམ་ཅི

མི་སེར་རེའི་ལག་ལ་ཤོག་ལོར་བརྒྱ་རེ་བཞག་ཚེ

སུས་ཀྱང་རང་གི་རྣམ་ཤེས་བཙོང་ངེས་ཞེས

ཚོགས་ཐོག་ནས་ཡང་ཡང་གླེང་དུས

བསེ་མོག་ཕོག་པའི་གསར་བུ་རྣམས

གྱོལ་མ་ལྡིང་གིས་ཁྱེད་ཀྱི་གཞུང་ལས་ཁང་དུ་འོང་ངེས

སྤྲིན་པ་སྲབ་མོ་དག་སྤྲིན་པ་མཐུག་པོས་གཡོགས་ཏེ

འགྱིག་ཁུག་སྲབ་མོ་དག་འགྱིག་ཁུག་མཐུག་པོས་གཡོགས་ཏེ

ཀུ་ཤུ་དམར་བོ་ཞིག་དང་མཚུངས་པའི་ན་ཆུང་མ་འགའ

བསམ་དབང་དྲན་དབང་མེད་པར་རུལ་མྱགས་སུ་གཏོང་དུས
ལྕགས་དང་ཐོ་བའི་བར་དུ་བཙིར་བའི་བརྩེ་སེམས་ལ

ཡང་ན་ཤ་དང་ཁྲག་གི་འདོད་གཡེམ་ལ
དངུལ་ལོར་ག་ཚོད་རིན་ནམ

ལྐོག་ནས་བླངས་པའི་ཉོ་ཚོང་གི་སྒྲ་འདི་ལ

ཉན་ཐབས་ཡེ་ནས་མི་འདུག

                     2009/11/16

        གསལ་བཤད། འདིར་བསེ་མོག་ཅེས་པ་ནི་རྒྱ་སྐད་དུ་梅毒ཟེར་བའི་མཚན་མའི་ནད་དེར་གོ་བ་ཡིན་ལ་དེང་སང་རིམ་པ་ཧ་ཅང་དམའ་བའི་གྲོང་གསེབ་ཀྱི་སྨད་འཚོང་མ་དག་དང་ལུགས་མིན་འཁྲིག་སྦྱོར་བྱས་པ་རྒྱུན་འབྱམས་སུ་གྱུར་བའི་དབང་གིས་འབྲོག་ཕྱོགས་ཀྱི་གསར་བུ་མང་པོར་ནད་དེ་འགོས་ཡོད་ལ་ཁོ་ཚོས་ཅི་མི་སྙམ་པར་རང་གི་ཆུང་མ་བགོ་བཞིན་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།