ང་ཡི་སྒྲོལ་མ།༼རང་མོས༽


སྒྲོལ་མ ང་ཡི་སྒྲོལ་མ མི་ཚོགས་ཀྱི་ཁྲོད་ཀྱི་ལྦུ་བའི་འོད་དཀར

དུས་ཚོད་ཀྱི་ཐ་གུ་ལས་ཆེས་འགྲོལ་དཀའ་བའི་མདུད་པ

ང་ཡིས་ཀློག་ཐབས་བྲལ་བའི  བྱེ་མའི་གླེགས་བམ

བསྐལ་བའི་ཕུག་པའི་ནང་ལྷུང་བའི་ཤ་ཁྲག་གི་གསེར་སྒོར

ཆུ་ཁར་གཡེང་བའི་ནུ་འབུར་གྱི་ལོ་མ

སྤྲིན་དཀར་གྱི་སྨད་གཡོགས  རྒྱུ་སྐར་གསལ་བོ་དག་གི་མིག་ཟུང

ཕོ་ཉ་བས་བོར་བའི་བརྩེ་དུང་གི་སྙན་ངག

འདོད་པའི་ལྷ་མོ ཇ་ཆང་གི་ལྷ་མོ

སྒྲོལ་མ ང་ཡི་སྒྲོལ་མ

                      2009/7/8

  བྱེ་མའི་གླེགས་བམ་ཞེས་པ་ནི་ཨ་གྷིན་ཐེན་གྱི་རྩོམ་པ་པོ་གྲགས་ཅན་བྷོར་ཧི་ཟིའི་བརྩམས་པའི་སྒྲུང་ཞིག་གི་ཁ་བྱང་གཡར་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་སྒྲོལ་མ།༼རང་མོས༽


སྒྲོལ་མ ང་ཡི་སྒྲོལ་མ མི་ཚོགས་ཀྱི་ཁྲོད་ཀྱི་ལྦུ་བའི་འོད་དཀར

དུས་ཚོད་ཀྱི་ཐ་གུ་ལས་ཆེས་འགྲོལ་དཀའ་བའི་མདུད་པ

ང་ཡིས་ཀློག་ཐབས་བྲལ་བའི  བྱེ་མའི་གླེགས་བམ

བསྐལ་བའི་ཕུག་པའི་ནང་ལྷུང་བའི་ཤ་ཁྲག་གི་གསེར་སྒོར

ཆུ་ཁར་གཡེང་བའི་ནུ་འབུར་གྱི་ལོ་མ

སྤྲིན་དཀར་གྱི་སྨད་གཡོགས  རྒྱུ་སྐར་གསལ་བོ་དག་གི་མིག་ཟུང

ཕོ་ཉ་བས་བོར་བའི་བརྩེ་དུང་གི་སྙན་ངག

འདོད་པའི་ལྷ་མོ ཇ་ཆང་གི་ལྷ་མོ

སྒྲོལ་མ ང་ཡི་སྒྲོལ་མ

                      2009/7/8

  བྱེ་མའི་གླེགས་བམ་ཞེས་པ་ནི་ཨ་གྷིན་ཐེན་གྱི་རྩོམ་པ་པོ་གྲགས་ཅན་བྷོར་ཧི་ཟིའི་བརྩམས་པའི་སྒྲུང་ཞིག་གི་ཁ་བྱང་གཡར་བ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།