བྲིས་མ་ཚར་བའི་སྙན་ངག་ཚན་པ་གཉིས།༼བཅད་མ༽

          མཚན་མོའི་བརྩེ་བ།

ཁྱོད་ནི་དབྱར་ཀའི་ཆར་དང་དགུན་གྱི་མེ་དཔུང་ཞོགས་པའི་ཉི་འོད་དགོང་ཁའི་མཚམས་སྤྲིན་ཏེ།།
མི་རྟག་འཇིག་རྟེན་འདི་ཡི་མཛེས་པའི་ཆོས་རྣམས་སྤྲུལ་བས་འགྱེད་ཅིང་སྟོན་པ་བཞིན།།
བདག་གི་ལུས་ལ་འཁྱུད་པ་མེད་པར་ཤིན་ཏུ་སྲ་བའི་གྱང་ལ་བཅར་བ་ནི།།
མི་ཚེ་འདི་རུ་གནས་མལ་མེད་པར་ཞག་གཅིག་མགྲོན་པོ་དེ་རུ་ཉལ་བ་བཞིན།།

ཁྱོད་ཀྱི་མིག་གིས་ཐེ་ཚོམ་དང་བཅས་ཉེ་རིང་མཐའ་དག་སླར་ཡང་མོག་པོར་བསྒྱུར་བྱས་ཤིང་།།
རེས་འགར་དོགས་པའི་དངན་པ་རིང་མོས་འཁོར་བ་འདི་ཉིད་རང་བཞིན་སྟོང་བ་ཉིད་དུ་བྱས།།
སྔོན་ནས་འདྲིས་པའི་ཆུང་གྲོགས་བུ་མོ་བརྗེད་ངེས་ཀློང་ལས་གློ་བུར་སད་པ་ལྟར།།
བཅོས་མའི་ཕྱག་རྒྱ་གང་ཡང་མེད་པར་ང་ཡིས་བསྟན་པའི་ལམ་དུ་དྲང་བོར་འཇུག།

ཁྱོད་ཀྱི་སྐྲ་ཡི་ལན་བུ་ཐུར་ལ་དཔྱངས་པས་ཚང་ཚིང་སྟུག་པོ་གྲུབ་གྱུར་ཅིང་།།
རྟོག་པའི་ཀློང་གི་རི་དྭགས་འཛིན་ཕྱིར་བདག་ནི་དྲི་བསུང་ཞགས་པས་ཀུན་ནས་ཁྲིད།།
ཕྱི་ཕྱིར་ལྟ་ཞིང་མདུན་དུ་ཕྱོགས་པའི་སྤོབས་པ་དག་ནི་རབ་ཏུ་ཉམས་གྱུར་བས།།
དུས་ཀྱི་ཐག་པ་ཆད་པ་བཞིན་དུ་མུན་པའི་ཆས་ཀྱིས་རང་ཉིད་གདུང་བར་བྱས།།

ཅི་སྟེ་སྐྱ་རེངས་ཐལ་དཀར་མཆེ་བས་རྨི་ལམ་ལྕི་འདམ་རབ་ཏུ་སློག་ཅིང་སྐྱོད་པ་ཡིས།།
ཉིན་མོའི་འོད་ཀྱིས་ལམ་དག་གྲུབ་པས་ཁྱོད་ཀྱི་མགྱོགས་པའི་གོམ་སྟབས་འདྲེན་མཛད་ཅིང་།།
བདག་ནི་དུབ་ཅིང་ངལ་ལ་འབྲལ་ཁའི་སེམས་ཀྱིས་གཉིད་ཀྱི་བདེ་བ་དཀྲོག་པ་བཞིན།།
རྒྱང་ཐག་རིང་བའི་ནུབ་ཀྱི་ཕྱོགས་སུ་རྨས་པའི་སེམས་པ་བསྐྱོར་ཏེ་ཞུགས་པར་བྱས།།

          སྲང་ལམ་གྱི་ན་ཚ།

རྐང་བ་ཁོ་རང་བྲེལ་ཅིང་མདུན་དུ་སྐྱོད།།
སེམས་པ་ཏིང་ངེ་འཛིན་གྱིས་བཏགས་ཏེ་འདུག།
གྲོགས་མོས་ཁྱོད་རང་ཅི་ལ་ཧད་བྱུང་ཟེར།།
བདག་གིས་ཅི་ཡང་མ་བྱུང་བ་ལྟར་བྱས།།

ཁང་བརྩེགས་མཐོན་པོ་སོ་སོའི་མིག་ལ་འཐབ།།
ཨར་འདམ་ཚ་བོ་ལྗོན་པའི་གྲིབ་མར་རེ།།
ངས་ནི་རང་གིས་རོལ་མོས་རྣ་བ་བཀབ།།
སྨུག་སྤྲིན་འཐིབས་ཤིང་མི་རྣམས་འཚང་ཁ་རྒྱག།

བརྡ་འཕྲིན་འབྱོར་བའི་སིལ་སྒྲ་ཆུང་ཆུང་གིས།།
གྲོགས་མོ་གློ་བུར་ཕྱི་ཕྱིར་རྗེས་སུ་ཁྲིད།།
ཕ་ཡུལ་ཕྱོགས་ན་བཅོ་ལྔའི་ཟླ་བ་ཞིག།
ཀུན་གྱི་མེ་ལོང་ལྟ་བུར་ཤར་འདུག་ཟེར།།

རྩིག་པའི་གསེང་ནས་འབུ་རྣམས་ཕྱི་ལ་ཐོན།།
ཤ་ཁྲག་བཟའ་འདོད་སྲོག་ཀྱང་དེ་ནས་བོར།།
མེ་ཏོག་ཅིག་གི་ཟུར་མིག་མ་བཟོད་པར།།
གསེར་སྦྲང་འགའ་ཞིག་སྙན་ངག་ཀློག་ལ་བྲེལ།།

སྒེག་མ་ཁྱུ་གཅིག་གློག་བཞིན་འཁྱུག་སྟེ་སོང་།།
བརྒྱལ་བར་མ་བྱས་ཐམས་ཅད་ངོ་མཚར་ཆེ།།
ངས་ནི་ཅི་ཡང་མ་མཐོང་བའི་ཚུལ་གྱིས།།
གྲོགས་མོ་སྒུག་བཞིན་གླེང་གཞི་གཞན་དུ་བསྒྱུར།།

གལ་སྲིད་མཚན་མོ་མགྱོགས་པོར་བསླེབ་སྲིད་ན།།
བཟོ་ལྟ་ཤོར་བ་རྣམས་ནི་བསྒྲིབ་འགྱུར་ཅིང་།།
བཅོས་མའི་གཏམ་དང་ཟོལ་གྱིས་འཛུམ་པའང་།།
འདོད་པའི་རྩེད་མོས་བསུབ་ཅིང་སུབ་འགྲོའོ།།

འོན་ཀྱང་འདི་རུ་ཉི་འོད་རབ་གསལ་མས།།
སྐྱི་ལྤགས་བཅོས་པའི་བྱ་བ་བཀག་པ་དང་།།
གདོང་གི་རི་མོ་ཉེས་པའི་ཁ་དོག་ཅན།།
མཐོང་བ་ཉིད་ཀྱིས་གྲོགས་མོ་ཁྲོ་བར་བྱས།།

ཕྱེ་ལེབ་ཅིག་གིས་བརྡུངས་ཏེ་རྨས་པ་དང་།།
རྒྱ་སེ་ཞིག་ལ་ཐོགས་ཏེ་ཚ་བ་སོགས།།
བསམ་བཞིན་ན་ཚ་མྱོང་བའི་སྐྱེ་བོ་ཁྱོད།།
སད་པར་གྱིས་ཞེས་གྲོགས་མོས་གཏམ་དུ་སྨྲས།།

མནལ་གྱི་སྣང་བ་རབ་ཏུ་ལྕི་བ་དེས།།
མལ་གོས་མཐུག་པོ་བཞིན་དུ་མར་མནན་པས།།
ཉི་ཟེར་སོར་མོས་ཇི་ལྟར་བསྣུན་བྱས་ཀྱང་།།
མིག་ཙམ་འབྱེད་པའི་སྟོབས་ཀྱང་ཀུན་ནས་ཤོར།།

ཇི་ལྟར་འཚང་ཁའི་གྲིབ་མ་བརྩེགས་བྱས་ཀྱང་།།
སྐྲ་ལོ་སེར་ནག་ཕན་ཚུན་མི་འཛིང་ཞིང་།།
ཇི་ལྟར་བརླ་དང་འཕོང་ཚོས་འཕྲད་བྱས་ཀྱང་།།
གློག་དང་འཕྲད་བཞིན་འབྲོ་བ་འདི་ལ་གཟིགས།།

བར་དོར་ལྟུང་བ་ལྟ་བུ་དེ་མཐོང་ནས།།
གྲོགས་མོའི་སྤྱན་ལས་མིག་ཆུ་འཐོར་གྱུར་ཅིང་།།
ལག་པ་ཟུང་ནི་སྐད་ཅིག་འཁྱུད་གྱུར་ནས།།
བདེན་པའི་འཇིག་རྟེན་གསལ་ལ་རངས་པར་གྱུར།།
    སྙན་ངག་འདི་གཉིས་ཀའི་འཕྲོ་བསྐྱང་མ་ཐུབ། གལ་སྲིད་རྗེས་མར་འདི་གཉིས་ཀྱི་འཕྲོ་བསྐྱང་བའི་རྣམ་རྟོག་བྱུང་ཚེ་ཀློག་མཁན་གྱི་སྤྱན་སྔར་དབུལ་བར་བྱའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།