གྲིབ་མ་མགྱོགས་པོ།༼གློག་བརྙན་གྱི་འཁྲབ་གཞུང༽

     མི་སྣ་གཙོ་བོ།   ལུས་ལ་གྱོན་པ་ཧྲལ་ཧྲུལ་བཀླུབས་ཤིང་སྐྲ་ལོ་གཟེངས་པ་དང་།སེམས་མི་སྐྱིད་པའི་ཚོར་བ་ཤས་
ཆེ་བའི་གཞོན་ནུ་ཞིག
       མི་སྣ་ཕལ་བ། དཔོན་པོ། འབྲོག་མོ། སློབ་མ། རྒྱན་པོ་འགྱེད་མཁན། གྲྭ་བ། སློབ་མ་སོགས།
       གསལ་བཤད། གློག་བརྙན་འདིའི་མགོ་ཡི་བརྙན་མ་གཏོགས་ཚང་མ་ནང་གི་བརྙན་ཡིན།

  མི་སྣ་གཙོ་བོ་ལག་ཏུ་ཤོག་བུ་ཞིག་བཟུང་ནས༼གཤམ་གྱི་བརྙན་ཚང་མའི་ཁྲོད་དུ་ཁོས་ལག་ཏུ་ཤོག་བུ་དེ་བཟུང་ཡོད༽དམིགས་འབེན་ཞིག་བཟུང་སྟེ་མདུན་དུ་སྐྱོད་བཞིན་ནའང་ཁོའི་གོམ་ཁ་དེ་འདྲའི་བརྟན་མོ་ཞིག་མིན།བརྙན་ནང་དུ་ཁོའི་ལུས་ཀྱི་ཕྱེད་ཀ་ཙམ་མ་གཏོགས་མི་འཆར།རྒྱབ་ལྗོངས་ནི་ཁང་བརྩེགས་དང་སྲང་ལམ་འབའ་ཞིག་ཡིན་ནའང་དེ་དག་དེ་འདྲའི་གསལ་བོ་ཞིག་མིན།
 
  མི་སྣ་གཙོ་བོས་གཞུང་ལས་ཁང་ཞིག་གི་སྒོ་ཕྱེ་སྟེ་སེམས་ཆུང་གིས་ནང་དུ་འཛུལ་ནའང་གདོང་ལ་ཤིན་ཏུ་བྲེལ་འཚུབ་ཆེ་བའི་ཉམས་ཤིག་མངོན།ནང་དུ་ཡོད་པའི་ནུབ་ཆས་ཆ་ཚང་དང་གོང་དཀྲིས་བཅས་གཙང་མར་སྤྲས་པའི་མི་དེས་སྐད་མཐོན་པོས“ཡ་གསར་བུ།ཤ་སོག་པ་གཅིག་ལ་ཟ་རེས་དང་།།ཆང་དམ་བི་གང་ལ་འཐུང་རེས་ཟེར་བའི་དཔེ་ལྟར་འུ་གཉིས་ཀྱིས་ཁ་བརྡ་ཞིབ་མོ་ཞིག་བྱ།དེ་ནས་ངས་ཁྱོད་ལ་རོགས་པ་རེ་བྱ་ཨེ་ཐུབ་བལྟ།”ཟེར།མི་སྣ་གཙོ་བོ་ཟུར་གྱི་རྐུབ་སྟེགས་ཤིག་ཏུ་བསྡད་ཅིང་ཁོས་མི་དེར་ལག་གི་ཤོག་བུ་དེ་སྟོན་གྱིན“ཁྱོད་ཀྱིས་ཁོ་མཐོང་བྱུང་ངམ།ཁོའི་མིང་ལ་བཀྲ་ཤིས་ཟེར”ཟེར།མི་དེས་སྐད་ཆ་མང་པོ་ཞིག་འཕྲོ་རིམ་འཕྲོར་བཤད་ནའང་ཐག་རིང་གི་བརྙན་དུ་བསྡུས་ཏེ་སྒྲ་མེད་པར་འགྱུར།

  མི་སྣ་གཙོ་བོ་སྒོ་གཞན་ཞིག་གི་ནང་དུ་འཛུལ་ཅིང་ནང་དུ་བོད་ལྭ་ལ་མ་ལུག་ཏུ་གྱོན་པའི་འབྲོག་མོ་ཞིག་གིས་ཤོག་སྒམ་སྟོང་བ་འགའ་གཅིར་ནས་རྩིག་གིན་འདུག  མོའི་གམ་ན་བྱིས་པ་སྣབས་ལུག་ཅིག་གཅེར་བུར་བུད་ནས་བསྡད་འདུག  མི་སྣ་གཙོ་བོས་དོགས་མི་བདེ་བའི་ངང་དུ་ལག་གི་ཤོག་བུ་དེ་སྟོན་གྱིན“ཁྱོད་ཀྱིས་འདིའི་ངོས་ཀྱི་མི་དེ་མཐོང་བྱུང་ངམ།ཁོའི་མིང་ལ་གཞན་གྱིས་བཀྲ་ཤིས་སུ་འབོད”ཟེར་བ་ན་འབྲོག་མོ་དེས“མཐོང་མ་མྱོང་། མཐོང་མ་མྱོང་”ཟེར་ནས་ཁ་ཕྱིར་འཁོར་ཅིང་སླར་ཡང་རང་གི་ལས་ཀའི་འཕྲོ་བསྐྱངས།

   མི་སྣ་གཙོ་བོས་འཚུབ་ཆ་དང་བཅས་འཕུད་རྒྱག་གིས་སྒོ་གཞན་ཞིག་ཕྱེ་བ་ན་དེ་རུ་སྐྱེ་བོ་འགས་ཐ་མག་གི་དུ་བའི་ཁྲོད་ན་ཀུ་ཅོ་དང་བཅས་ཤོ་མ་ཅང་ཟེར་བ་དེ་རྩེ་བཞིན་འདུག་ཅིང་ཚང་མས་སྒོ་གློ་བུར་ཏུ་ཕྱེ་བ་ཚོར་ནས་མཉམ་གཅིག་ཏུ་ཁོའི་ཕྱོགས་སུ་བལྟས། ཁོས་དབུགས་ཧལ་བཞིན“ཁྱོད་ཚོས་མི་འདི་མཐོང་ཨེ་བྱུང”ཟེར་བ་ན་གཅིག་གིས་མ་ཅང་རྩེ་བཞིན་པའི་མི༼གླང་རྫིའི་དོར་མ་གྱོན་ཞིང་བོད་ཀྱི་སྟོད་གོས་གྱོན་པའི་གསར་བུ་སྐྲ་རིང་ཞིག༽གཞན་ཞིག་བསྟན་ནས“ཁོ་ཨེ་རེད”ཟེར་བ་ན་ཚང་མ་ཧབ་ཆ་དི་རེར་བགད་བྱུང་།

   ཁོ་སླར་ཡང་སྒོ་གཞན་ཞིག་ཏུ་འཛུལ་བ་ན་དེ་རུ་གྲྭ་བ་ཞིག་གིས་ནང་ལོགས་ཀྱི་རྒྱ་མོ་ཞིག་དང་བོད་ཀྱི་ཚོང་བ་ཞིག དེ་མིན་གྲྭ་བ་ཞིག་བཅས་ལ་རྒྱ་སྐད་ཀྱིས་ཆོས་འཆད་ཀྱིན་འདུག ཁོས་གྲྭ་བ་དེར“ཁྱོད་ཀྱིས་མི་འདི་མཐོང་མྱོང་ངམ”ཟེར་བ་ན་གྲྭ་བ་དེས་རང་གི་གམ་གྱི་རྒྱ་མོ་དེར
“你可以给我的同胞帮个忙吗?,把这条寻人信息发到你的微博上”ཟེར་བ་ན། རྒྱ་མོ་དེས་གུས་པ་དང་བཅས་“还是发到师傅的微博上吧!师傅的粉丝最多”ཟེར།

   ཁོ་སྒོ་གླེགས་ཡོད་ཀྱང་སྒོ་མེད་པའི་ཁང་བ་ཞིག་ཏུ་འཛུལ་བ་ན་དེ་རུ་སློབ་མ་གསུམ་འདུག གཅིག་གིས་མལ་ཁྲིའི་སྟེང་ན་རྩིས་འཁོར་ལས་གློག་བརྙན་ལ་ལྟ་བཞིན་པ་དང་གཅིག་གིས་ཐ་མག་འཐེན་བཞིན་རྣ་བའི་ནང་རྣར་གཞུག་དྲངས་ནས་རོལ་དབྱངས་ལ་ཉན་གྱིན་འདུག  ད་དུང་གཅིག་གིས་འཕུར་མདའ་རྩེད་ཀྱིན་འདུག  གཅིག་གིས་མལ་ཁྲིའི་སྟེང་ན་སྔུར་བ་འཐེན་བཞིན་ཉལ་འདུག  ཁོའི་གམ་ན་ཆང་དམ་སྟོང་བ་འགའ་ཡོད།ཁོས་སློབ་མ་ཚོར“ཨ་རོག་ཚོ།མི་འདི་མཐོང་ངམ”ཞེས་པ་ན་འཕུར་མདའ་རྩེད་མཁན་དེས་གློ་བུར་ཏུ་ཁོའི་ཕྱོགས་སུ་འཕུར་མདའ་ཞིག་འཕངས་པ་དང་ཁོ་རང་དེ་མ་ཐག་གཉིད་ལས་སད།

   ཁོའི་དཔེ་ཤག་གི་མདུན་ཅོག་ཏུ་ལག་དེབ་རྩིས་འཁོར་ཅིག་བཞག་ཡོད་པ་དང་ཁོ་རང་དེའི་མདུན་གྱི་མལ་སའམ་གདན་ནས་གཉིད་སོང་བ་རེད། སྐབས་དེར་སྒོ་རྡུང་བའི་སྒྲ་ཞིག་གྲག་པ་དང་མགྲོན་ཤག་ཏུ་ཡོད་པའི་ཁོའི་ཆུང་མས“གཅེས་ཕྲུག་ཁྱོད་བསླེབས་བྱུང་ངམ། ཁྱེད་ཚང་གི་ཨ་མས་ཅི་བྱེད་ཀྱིན་འདུག”ཟེར། དེ་མུར་བུ་མོ་ཆུང་ཆུང་ཞིག་ཁོའི་དཔེ་ཁང་དུ་ཡོང་ནས“ངེད་ཚང་གི་ཨ་ཁུས་འདི་དབྱིན་ཡིག་ཏུ་ཨེ་བསྒྱུར་ཟེར་གི”ཞེས་ཤོག་བུ་ཞིག་དེ་གར་བཞག་སྟེ་བརྒྱུགས་སོང་། 
       
  ཁོས་ལག་དེབ་སད་དུ་བཅུག་ནས་འབྲི་འཕྲོར་ལུས་ཡོད་པའི་སྙན་ངག་དེར་བལྟས། ཁོས་དེར་བྲིས་ཡོད་པ་ནི་
                       ༼ གྲིབ་མ་མགྱོགས་པོ༽
ཉི་མ་ཡལ་རྗེས་ཁྱོད་ཀྱང་ཡལ་བར་གྱུར
རྗེས་ཀྱི་གྲིབ་མ་མགྱོགས་པོ་དེ་ལུས་པོ་དང་འདྲེས་པར་གྱུར
གྲིབ་མ་མགྱོགས་པོ་དེའི་ནང་ན་འདོད་སྲེད་དམ་འཆར་གཞི་གང་རུང་ཞིག་ཡོད་ཡོད་འདྲའང
བདག་གི་མིག་མདུན་ནས་འཆོར་བཞིན་པའི་སྐད་ཅིག་མ་དེར
ཡང་ཅི་ཡང་མེད་པ་འདྲ  ཅི་ཡང་མེད་པ་དེའང་ཡོད་པ་ཞིག་སྟེ
སྟོང་བ་ལས་ལྕི་བའི་ཁུར་བོ་ཞིག་གང་ན་ཡོད་ཨང

དེ་ནས་བཟུང  རང་གི་རྣམ་ཤེས་ཁུར་བའི་རླུང་བུ་དེ་བཞིན

      ཁོས་དེའི་འཕྲོ་བསྐྱང་པར་བསམ་གཞིགས་གཏོང་བཞིན་པའི་སྐབས་སུ་བུ་མོ་དེས་ཁྱེར་ཡོང་བའི་ཤོག་བུ་དེ་མཐོང་བ་དང་ཤོག་བུ་དེའི་ངོས་སུ”འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་པ”ཞེས་བྲིས་འདུག དེ་འཕྲལ་ཁོས་སྙན་ངག་གི་ཁ་བསུམ་ཞིང་ཚིག་དེ་དབྱིན་ཡིག་ཏུ་སྒྱུར་བཞིན་པའི་སྐབས་པར་ཡོལ་བརྒྱབ་བོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།