སྒྱུ་མ་མཁན་གྱི་བརྩེ་དུངས།༼རང་མོས༽

ཆགས་སྲེད་ཀྱི་ཞགས་པ་དེ་འཕེན་དུས
ངས་རང་ཉིད་ནི་ཞགས་པ་འཕེན་ཤེས་པའི་དུག་སྦྲུལ་ཅིག་ཡིན་པ་ཤེས་བྱུང
ཁྱོད་ནི་ཤེལ་གྱི་བུ་མོ་ཞིག གམ་དུ་བཅར་ཚེ་སིལ་དི་རེར་ཆག་སོང་མོད
མར་ལྷུང་བ་དེ་རྣམ་ཤེས་སམ་ལུས་པོ་གང་ཡིན་པ་བདག་གིས་ཤེས་མ་སོང

འུ་གཉིས་ཀྱི་བར་དུ་མཁའ་དབུགས་ཀྱི་དར་གོས་སྲབ་མོ་དེ་ལས་མེད་མོད

སྨག་རུམ་གྱིས་མིག་ཟུང་བཀང་བ་བཞིན
སྨུག་པ་དུམ་བུ་ཞིག་བདག་གི་སེམས་ཀྱི་ངོས་རེ་རེར་ལྷུང་སོང

དེས་བདག་གི་དབུགས་ཀྱང་བཅད་སོང

སྙིང་ཉེ དེ་ནི་སྐྱེ་བ་སྔོན་མའི་གཏམ་རྒྱུད་ཅིག་སྟེ

ཡོ་རོབ་ཀྱི་མཚོ་ཁའི་གྲོང་ཁྱེར་ཆུང་བ་ཞིག་ཏུ
ང་རང་གཉིས་དེ་ལྟར་འཛོམས་པ

ནམ་ཡང་གཉིད་བཤད་ལྡབ་ལྡིབ་ཅིག་ལ་བརྟེན་ནས་གླེང་དགོས་ཀྱི་འདུག

བདག་གི་རྩིབས་མ་ཁྱོད་ཀྱི་སྙིང་དང་གློ་བར་གཤིབས་ནས
བདག་གི་སྐད་ངག་ཁྱོད་ཀྱིས་དཀྲོལ་བའི་རྣོ་སྦྲེང་གི་དབྱངས་དང་གཤིབས་ནས
བདག་གི་སྙན་ངག་ཁྱོད་ཀྱི་བཟི་སྣང་དང་ཁྱོད་ཀྱི་འཁྲུལ་སྣང་ལ་གཤིབས་ནས
བདག་གི་ཟུངས་ཁྲག་ཁྱོད་ཀྱི་རྩ་ལམ་གྱི་རྒུན་ཆང་དང་གཤིབས་ནས
གངས་ཏི་སེ་ཐེངས་གཅིག་བསྐོར་རྗེས
མ་ཕམ་གཡུ་མཚོའི་འགྲམ་ནས་འཚོ་བའི་ལམ་སྣེ་རྙེད་ཚུལ་གླེང་ཚེ

དཔྱིད་ཀའི་ལག་མཐིལ་ལ་མེ་ཏོག་ཅིག་བབས་པ་བཞིན

ཁྱོད་ཀྱི་ངོ་གདོང་འཁྱག་པ་དེ་ལ་དྲོད་ཐིག་ཅིག་འབབ་བམ 

སྙིང་ཉེ
ང་ཡི་སྙིང་ཉེ
         
            ༢༠༡༢ལོའི་ཟླ་༦པའི་ཚེས་༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།