རྨི་ལམ་གྱི་ཁྲོད་ནས།༼རང་མོས༽


ལོང་བ་ཞིག་གིས་མཚན་གུང་ལ་བསྐྱལ་ཡོང་བའི་གླེགས་བམ་དེ
ཡི་གེ་དང་ཨང་ཀིའི་གྲོག་མཁར་ཞིག་སྟེ
ཐག་རིང་དུ་ཡོད་པའི་སྨིག་རྒྱུ་བཞིན་འགུལ་བར་བྱེད
བརླག་པར་བརྩམས་ནའང
རང་གི་མཛུབ་རྩེ་བརྒྱུད་ནས་ལུས་ལ་འབྱར་ཡོང

དེ་བས་རྨི་ལམ་གྱི་ཁྲོད་ནས
ལུས་ཕུང་ཉིད་གྱོན་པ་ཞིག་ལྟར་ཕར་གཡུག་ནས
རི་མཐོ་སར་འགོས་ནས་མར་བལྟས་ཚེ
སྡེ་འདབས་ཀྱི་ཞིང་ས་ལྟ་བུའི་འཇིག་རྟེན་དེ

ཚོན་མདངས་མེད་པའི་སྐྱ་རིས་ཤིག་ཏུ་སྣང་ཡོང་ལ
མིང་ལ་འཆི་བ་ཟེར་བའི་གྲོགས་པོ་དེས་ཀྱང
ཆང་སྟོན་ཞིག་ཡོད་པ་དང་འདྲ་བར་ལག་གཡུག་བྱེད་ཀྱི་འདུག
                 ༢༠༡༢ལོའི་ཟླ་༤བའི་ཚེས་༢༣ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་གྱི་ཁྲོད་ནས།༼རང་མོས༽


ལོང་བ་ཞིག་གིས་མཚན་གུང་ལ་བསྐྱལ་ཡོང་བའི་གླེགས་བམ་དེ
ཡི་གེ་དང་ཨང་ཀིའི་གྲོག་མཁར་ཞིག་སྟེ
ཐག་རིང་དུ་ཡོད་པའི་སྨིག་རྒྱུ་བཞིན་འགུལ་བར་བྱེད
བརླག་པར་བརྩམས་ནའང
རང་གི་མཛུབ་རྩེ་བརྒྱུད་ནས་ལུས་ལ་འབྱར་ཡོང

དེ་བས་རྨི་ལམ་གྱི་ཁྲོད་ནས
ལུས་ཕུང་ཉིད་གྱོན་པ་ཞིག་ལྟར་ཕར་གཡུག་ནས
རི་མཐོ་སར་འགོས་ནས་མར་བལྟས་ཚེ
སྡེ་འདབས་ཀྱི་ཞིང་ས་ལྟ་བུའི་འཇིག་རྟེན་དེ

ཚོན་མདངས་མེད་པའི་སྐྱ་རིས་ཤིག་ཏུ་སྣང་ཡོང་ལ
མིང་ལ་འཆི་བ་ཟེར་བའི་གྲོགས་པོ་དེས་ཀྱང
ཆང་སྟོན་ཞིག་ཡོད་པ་དང་འདྲ་བར་ལག་གཡུག་བྱེད་ཀྱི་འདུག
                 ༢༠༡༢ལོའི་ཟླ་༤བའི་ཚེས་༢༣ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།