རྨི་ལམ།༼རང་མོས༽

དེ་རིང་གཉིད་ལས་སད་རྒྱུ་ནི་ཅི་འདྲའི་དཀའ་ཨང
མིག་ཟུམ་ཟུམ་གྱིས་ཁ་པར་གྱི་སྒོ་ཕྱེ་ནའང
མདང་དགུང གསེར་གྱི་ངང་བ་དེ
གཡུ་ཡི་མཚོ་མོར་གཤོག་ལྕག་ཅིག་བྱས་ནས་ཡར་འཕུར་དུས
ཆུ་ཐིགས་ཤིག་གིས་བདག་གི་གདོང་ལ་བྲན་སོང
བསིལ་བ་དེ་ད་དུང་ཡལ་མི་འདུག

དེ་རིང་མངོན་སུམ་ལ་འཇུག་རྒྱུ་ནི་ཅི་འདྲའི་དཀའ་ཨང
རྩིས་འཁོར་གྱི་ཤེལ་ངོས་ནས་ཁྲག་དྲི་འཐུལ་བའི་གསར་འགྱུར་འགའ་མངོན་ཡང
མདང་དགུང  སྤང་རྩྭ་ལྗོན་ཤིང་བཞིན་འཁྲིགས་པའི་ཁྲོད་ནས
ཤེའུ་ཞིག་གིས རང་གི་ཨ་མ་ཐག་རིང་དུ་ཡལ་བར་དོགས་ནས
དོགས་ཤིང་འདྲོགས་པའི་ངང་མཆོངས་ལྡིང་ཞིག་བྱས་ཚེ
ཆུ་ལེན་བུ་མོའི་སོར་གདུབ་ཆུ་ནང་དུ་ལྷུང་དུས་སུ
ཉི་ཐིགས་སེར་བོ་དག་གིས མོའི་ལུས་དཀྲིས་པ
མཐོང་ལམ་ནས་ཡལ་བ་མི་འདུག

གལ་སྲིད་གདོང་གཙང་མར་བཀྲུས་ཏེ
ཐོག་སྐས་ལས་མར་བབས་ནས་ཁྲོམ་སྲང་དུ་སོང་བ་ཡིན་ན
ང་རང་སྲེད་པའི་དབང་གིས་གཉིད་དུ་ཡུར་སོང་བའོ
                    ༢༠༡༡ལོའི་ཟླ་༡༢པའི་ཚེས༡༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།