དུས་མཐའི་གླུ་དབྱངས།༼རང་མོས༽

ནམ་མཁའ་སྟོང་བ  
དགུ་ཚིགས་ཀྱི་གསང་བའི་ཕུག་པ
རི་རྒྱལ་ལ་དམ་དུ་དཀྲིས་པའི་སྐྱེ་བ་དང་འཆི་བ
ཀྱེ་ཀྱེ དུས་ཚོད་ཀྱི་བདག་པོ
རིང་ཐུང་གཉིས་ཀ་འཁྲུལ་སྣང་ཡིན་ནམ

བདག་ནི ཁྱེད་དང་ཁོང་ཚོའམ་དེ་ཚོ་དང་འདྲ་བར 

སྙིང་རྩས་ངར་ཤུགས་ཀྱིས་བསྒུལ་ཅིང
རྨི་ལམ་གྱི་གཟེབ་དྲར་ཚུད་པའི 
གཟིག་ཁྲ་ཁྲ་ཞིག་སྟེ
ད་དུང་ཡང་སྣང་བའི་ནགས་ཚལ་འདི་ལས་བརྒལ་བར་མ་ནུས

རབ་ཏུ་འབར་ཏེ་ཤིན་ཏུ་ཁྲོས་པའི
ཉི་མའི་དཀྱིལ་འཁོར
ས་འོག་ནས་ཤར་མར་བཏོན་པའི
གསེར་ནག་གི་བུ་ཆུང
མཆེ་བ་དང་འདྲ་བའི འཇོར་དང་ལག་པ
མི་ཡི་རིགས སྲིན་འབུའི་ཁྱུ
འཚང་ཁ་ཤིག་ཤིག་གིས་མདུན་དུ་སྐྱོད་དུས
རེ་བ་དེ་གང་ན
བདེ་སྐྱིད་དེ་གང་ན

ད་དུང་ཡང་ལམ་ཁ་འགོག་པར་བྱ་ན
ལམ་ཁར་ནོར་སྤུངས་ནས་མཛེས་པའི་འཇིག་རྟེན་དེ་སྦ་བར་བྱ་ན
ངས་རང་ལུས་འདི་ཡུད་ཙམ་ལ་ལྡང་བའི་རླུང་བསིལ་མོ་ཞིག་ཏུ་བསྒྱུར་ངེས

             ༢༠༡༡ལོའི་ཟླ་༡༢པའི་ཚེས་༡༣ཉིན་གྱི་ཆུ་ཚོད་༡༥དང་སྐར་མ༢༢ལ་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་སྐབས་ལྔ་བར་ཞུགས་པའི་དོད་དུ་ཞིན་ལའང་པོད་ཕྲན་ལས་ཐད་ཀར་བརྩམས་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།