བརྙན།༼རང་མོས༽

དཀར་ཡོལ་འབྲུག་རིས་མ་ཞིག་གི་ཁ་ན་གཡོ་བ་མེད་པའི་སྤྲིས་མ་དེ
སྦྲ་སྒོར་བུད་རྗེས་ལ་མགོའི་ཉི་ཟེར་ལྷག་མ་དེར་གྱུར་འདུག་ཅིང
དེའང་རྫི་མོ་གཞོན་ནུ་མའི་འགྲམ་པའི་དམར་མདངས་ལ་འཁྱུད་ཙ་ན
སེར་ཆེན་གྱི་དྲི་ངད་ཀྱིས་བསྐོར་བའི་ཕྱུགས་ལྷས་དེ་རུ
བརླན་བཤེར་ཅིག་དང བརྩེ་བ་ཞིག
སྐྱེ་འཆི་གཉིས་ཀྱང་ཡུད་ཙམ་ལ་ཁེགས་པར་བྱེད་པའི
རྨི་ལམ་ཞིག་དང་གླུ་སྐད་ཅིག
རྣམ་ཤེས་ཀྱི་རྒྱུན་སྦྲེལ་བྱེད་ཀྱི་ཐག་པ་ཁྲ་ཁྲ་ཞིག་འདུག

སྤོབས་པ་ཆེན་པོས་ཕར་སོང་ཚེ
ཉི་མ་དང་ཟླ་བའང་ཆུང་ནས་ཆུང་དུ་གྱུར་ཏེ
ཁྱོད་ཀྱི་ལག་མཐིལ་དུ་བབས་པའི་ས་རྡུལ་དག་གི་གྲས་སུ་འཐིམ་སྲིད                     
           ༢༠༡༡ལོའི་ཟླ་༡༡པའི་ཚེས་༨ཉིན་རྨ་ཆུའི་མཚན་སྒྲོགས་དགོན་པ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྙན།༼རང་མོས༽

དཀར་ཡོལ་འབྲུག་རིས་མ་ཞིག་གི་ཁ་ན་གཡོ་བ་མེད་པའི་སྤྲིས་མ་དེ
སྦྲ་སྒོར་བུད་རྗེས་ལ་མགོའི་ཉི་ཟེར་ལྷག་མ་དེར་གྱུར་འདུག་ཅིང
དེའང་རྫི་མོ་གཞོན་ནུ་མའི་འགྲམ་པའི་དམར་མདངས་ལ་འཁྱུད་ཙ་ན
སེར་ཆེན་གྱི་དྲི་ངད་ཀྱིས་བསྐོར་བའི་ཕྱུགས་ལྷས་དེ་རུ
བརླན་བཤེར་ཅིག་དང བརྩེ་བ་ཞིག
སྐྱེ་འཆི་གཉིས་ཀྱང་ཡུད་ཙམ་ལ་ཁེགས་པར་བྱེད་པའི
རྨི་ལམ་ཞིག་དང་གླུ་སྐད་ཅིག
རྣམ་ཤེས་ཀྱི་རྒྱུན་སྦྲེལ་བྱེད་ཀྱི་ཐག་པ་ཁྲ་ཁྲ་ཞིག་འདུག

སྤོབས་པ་ཆེན་པོས་ཕར་སོང་ཚེ
ཉི་མ་དང་ཟླ་བའང་ཆུང་ནས་ཆུང་དུ་གྱུར་ཏེ
ཁྱོད་ཀྱི་ལག་མཐིལ་དུ་བབས་པའི་ས་རྡུལ་དག་གི་གྲས་སུ་འཐིམ་སྲིད                     
           ༢༠༡༡ལོའི་ཟླ་༡༡པའི་ཚེས་༨ཉིན་རྨ་ཆུའི་མཚན་སྒྲོགས་དགོན་པ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།