ཆགས་ལྡན་དགའ་མའི་སྙིང་ཐིག་ཅེས་བྱ་བ།

༄༅།།མཛེས་པའི་གངས་ལ་ཟླ་བའི་དབུ་རྒྱན་བཞིན།།
བཞིན་ལེགས་ལང་ཚོའི་ཆ་བྱད་ཀུན་རྫོགས་ཤིང་།།
ཤིང་སྐམ་ལྟ་བུའི་སེམས་པ་འདུལ་བྱེད་ལ།།
ལ་མོར་བརྩེ་བ་སྦྱིན་མཛད་བྱང་ཆུབ་མ།།
མ་ཐུལ་འདོད་པའི་མེ་ཀླུང་འཁྲིགས་པའི་རླབས།།
རླབས་ཆེན་བསོད་ནམས་འཇོམས་པའི་མཐུ་ཡིན་ན།།
ན་ཆུང་ཁྱོད་ཀྱི་དྲི་མེད་ཆུ་སྐྱེས་སྒོ།
སྒོ་གསུམ་བག་མེད་བྱེད་པའི་རྒྱུ་མིན་ནམ།།
ནམ་མཁའི་ཁྱོན་ཀུན་བསླད་པའི་མྱོས་བྱེད་ཆུ།།
ཆུ་ཤིང་དྲན་པ་བཟི་བའི་བདུད་རྩི་ཡིན།།
ཡིན་ལུགས་དེ་འདྲ་སྐད་ཅིག་དྲན་པའི་ཚེ།།
ཚེ་ཡི་རྟེན་ཡང་ཁྱོད་ཀྱི་མངལ་དུ་འཇུག།
འཇུག་སྒོ་མ་ནོར་དུར་ཁྲོད་བསིལ་བའི་ཚལ།།
ཚལ་བར་བཀས་པའི་ཆགས་པ་མྱོང་དྲགས་ཏེ།།
ཏེ་པོར་ལུས་ཀྱི་ས་གཞི་བསྒུལ་བ་འདི།།
འདི་ཕྱི་སྦྲེལ་བའི་ཟམ་དུ་གོ་ཡང་ཆོག།
ཆོག་ཤེས་མེད་པར་ཡང་ཡང་བརྒྱལ་བའི་ཚུལ།།
ཚུལ་ལྡན་རྣམས་ཀྱིས་སྙིང་ནས་བཟོད་དཀའ་ཡང་།།
ཡང་དག་ཆོས་ཀྱི་སྙིང་བོ་རྟོགས་པའི་མི།།
མི་ཆོས་གཙང་མར་སྤྱོད་ལ་སུ་ཞིག་ཁྲེལ།།
ཁྲེལ་བའི་གད་མོ་འཛིན་པའི་གཤིས་དོར་ནས།།
ནས་འབྲུ་བཞིན་གས་སེམས་ཀྱི་འཆར་སྒོ་ཀུན།།
ཀུན་རྟོག་ཡོལ་བའི་ངོས་ནས་བསུབ་པའི་དཔལ།།
དཔལ་ཆེན་སྟོང་བའི་གནས་ལུགས་མཐོང་བའི་རྒྱུ།།
རྒྱུ་དང་ས་བོན་དྲོད་ཀྱིས་བསྐྱེད་པ་དག།
དག་པ་གསུམ་ལྡན་རྡོ་རྗེའི་ཕོ་བྲང་དུ།།
དུ་བའི་རླབས་བཞིན་འཕྱུར་བའི་བདེ་བ་མཆོག།
མཆོག་གི་ནོར་ལྟར་སྲིད་པའི་རྒྱན་དུ་གཅེས།།
གཅེས་ཤིང་ཕན་པའི་མཆུ་དང་ལྕེ་ཡི་མེ།།
མེ་ཏོག་སྐྱ་བོའི་ཟེའུ་འབྲུ་བཞིན་དུ་གཙུབས།།
གཙུབས་ཤིང་ལྟ་བུའི་ནུ་མའི་རྩེ་མོ་ན།།
ན་ཟུག་སྟེར་བྱེད་དུག་གི་རླངས་པ་འཕྱུར།།
འཕྱུར་བའི་རླུང་ལ་འགོག་ཐབས་མ་བྱུང་ཞིང་།།
ཞིང་ཁམས་ཐམས་ཅད་སིད་སྒྲས་རབ་ཏུ་ཁྱབ།།
ཁྱབ་བདག་དབང་ཕྱུག་གཞོན་ནུའི་ལུས་ཅན་ལ།།
ལ་ལུང་མེད་པར་ཚོགས་ཀྱི་འཁོར་ལོ་ཕུལ།།
ཕུལ་བྱུང་གཅེར་བུའི་ལུས་ཀྱི་མཚན་མ་གང་།།
གང་བའི་མཚོ་ལ་གློག་གི་རོལ་རྩེད་ལྟར།།
ལྟར་མི་མངོན་པར་ཕན་ཚུན་བསྣུན་པ་ཡི།།
ཡི་གར་འོངས་པའི་ལོངས་སྤྱོད་འདི་རྨད་བྱུང་།།
བྱུང་བའི་ངོ་མཚར་སུ་ཡིས་མི་ཤེས་མོད།།
མོད་ཅིང་འཕེལ་བའི་ཐིག་ལེའི་དཀྱིལ་འཁོར་དབུས།།
དབུས་ཕྱོགས་ཉི་མའི་འོད་སྟོང་བསྡུས་འདྲ་བར།།
བར་མཚམས་མེད་པར་ཆུང་དུ་བསྐྱེད་པ་མཚར།།
མཚར་སྡུག་མིག་གི་བུང་བ་འདར་བའི་སྒྲ།
སྒྲ་འཛིན་བརྟོལ་ནས་སྙིང་གི་འདབ་མར་ཟུག།
ཟུག་རྔུས་མནར་ཅིང་སྐྱོབ་ཏུ་མེད་པའི་སེམས།།
སེམས་བྱུང་གཞན་གྱིས་བཀོལ་བའི་དུས་མ་རིག།
རིག་པ་ཐག་པ་གྲིམས་ནས་ཆད་མ་ཐག།
ཐག་ཉེར་བསླེབས་པའི་ནམ་མཁའ་ཆེན་པོའི་མདངས།།
མདངས་ལྡན་བདེ་བའི་ངོ་བོར་སྒྱུར་བའི་རྩལ།།
རྩལ་གྱི་རྩེ་མོ་མིན་ནམ་རིག་འཛིན་མ།།
མ་འགག་དབྱངས་ཀྱི་ང་རོ་སྒྲོག་པའི་ངག།
ངག་གི་དབང་བོར་སྒྲུབ་པའི་རྟེན་གྱི་ནོར།།
ནོར་བུའི་མཛོད་ལས་བླངས་པའི་སྙན་ངག་མཁན།།
མཁན་པོའི་མཆོག་བཞིན་ཁྱོད་ཀྱི་ལུས་ལ་མཛེས།།

           ༢༠༠༡ལོའི་ཟླ་༨པའི་ཚེས་༧ཉིན་བྲིས་པ་དགེའོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆགས་ལྡན་དགའ་མའི་སྙིང་ཐིག་ཅེས་བྱ་བ།

༄༅།།མཛེས་པའི་གངས་ལ་ཟླ་བའི་དབུ་རྒྱན་བཞིན།།
བཞིན་ལེགས་ལང་ཚོའི་ཆ་བྱད་ཀུན་རྫོགས་ཤིང་།།
ཤིང་སྐམ་ལྟ་བུའི་སེམས་པ་འདུལ་བྱེད་ལ།།
ལ་མོར་བརྩེ་བ་སྦྱིན་མཛད་བྱང་ཆུབ་མ།།
མ་ཐུལ་འདོད་པའི་མེ་ཀླུང་འཁྲིགས་པའི་རླབས།།
རླབས་ཆེན་བསོད་ནམས་འཇོམས་པའི་མཐུ་ཡིན་ན།།
ན་ཆུང་ཁྱོད་ཀྱི་དྲི་མེད་ཆུ་སྐྱེས་སྒོ།
སྒོ་གསུམ་བག་མེད་བྱེད་པའི་རྒྱུ་མིན་ནམ།།
ནམ་མཁའི་ཁྱོན་ཀུན་བསླད་པའི་མྱོས་བྱེད་ཆུ།།
ཆུ་ཤིང་དྲན་པ་བཟི་བའི་བདུད་རྩི་ཡིན།།
ཡིན་ལུགས་དེ་འདྲ་སྐད་ཅིག་དྲན་པའི་ཚེ།།
ཚེ་ཡི་རྟེན་ཡང་ཁྱོད་ཀྱི་མངལ་དུ་འཇུག།
འཇུག་སྒོ་མ་ནོར་དུར་ཁྲོད་བསིལ་བའི་ཚལ།།
ཚལ་བར་བཀས་པའི་ཆགས་པ་མྱོང་དྲགས་ཏེ།།
ཏེ་པོར་ལུས་ཀྱི་ས་གཞི་བསྒུལ་བ་འདི།།
འདི་ཕྱི་སྦྲེལ་བའི་ཟམ་དུ་གོ་ཡང་ཆོག།
ཆོག་ཤེས་མེད་པར་ཡང་ཡང་བརྒྱལ་བའི་ཚུལ།།
ཚུལ་ལྡན་རྣམས་ཀྱིས་སྙིང་ནས་བཟོད་དཀའ་ཡང་།།
ཡང་དག་ཆོས་ཀྱི་སྙིང་བོ་རྟོགས་པའི་མི།།
མི་ཆོས་གཙང་མར་སྤྱོད་ལ་སུ་ཞིག་ཁྲེལ།།
ཁྲེལ་བའི་གད་མོ་འཛིན་པའི་གཤིས་དོར་ནས།།
ནས་འབྲུ་བཞིན་གས་སེམས་ཀྱི་འཆར་སྒོ་ཀུན།།
ཀུན་རྟོག་ཡོལ་བའི་ངོས་ནས་བསུབ་པའི་དཔལ།།
དཔལ་ཆེན་སྟོང་བའི་གནས་ལུགས་མཐོང་བའི་རྒྱུ།།
རྒྱུ་དང་ས་བོན་དྲོད་ཀྱིས་བསྐྱེད་པ་དག།
དག་པ་གསུམ་ལྡན་རྡོ་རྗེའི་ཕོ་བྲང་དུ།།
དུ་བའི་རླབས་བཞིན་འཕྱུར་བའི་བདེ་བ་མཆོག།
མཆོག་གི་ནོར་ལྟར་སྲིད་པའི་རྒྱན་དུ་གཅེས།།
གཅེས་ཤིང་ཕན་པའི་མཆུ་དང་ལྕེ་ཡི་མེ།།
མེ་ཏོག་སྐྱ་བོའི་ཟེའུ་འབྲུ་བཞིན་དུ་གཙུབས།།
གཙུབས་ཤིང་ལྟ་བུའི་ནུ་མའི་རྩེ་མོ་ན།།
ན་ཟུག་སྟེར་བྱེད་དུག་གི་རླངས་པ་འཕྱུར།།
འཕྱུར་བའི་རླུང་ལ་འགོག་ཐབས་མ་བྱུང་ཞིང་།།
ཞིང་ཁམས་ཐམས་ཅད་སིད་སྒྲས་རབ་ཏུ་ཁྱབ།།
ཁྱབ་བདག་དབང་ཕྱུག་གཞོན་ནུའི་ལུས་ཅན་ལ།།
ལ་ལུང་མེད་པར་ཚོགས་ཀྱི་འཁོར་ལོ་ཕུལ།།
ཕུལ་བྱུང་གཅེར་བུའི་ལུས་ཀྱི་མཚན་མ་གང་།།
གང་བའི་མཚོ་ལ་གློག་གི་རོལ་རྩེད་ལྟར།།
ལྟར་མི་མངོན་པར་ཕན་ཚུན་བསྣུན་པ་ཡི།།
ཡི་གར་འོངས་པའི་ལོངས་སྤྱོད་འདི་རྨད་བྱུང་།།
བྱུང་བའི་ངོ་མཚར་སུ་ཡིས་མི་ཤེས་མོད།།
མོད་ཅིང་འཕེལ་བའི་ཐིག་ལེའི་དཀྱིལ་འཁོར་དབུས།།
དབུས་ཕྱོགས་ཉི་མའི་འོད་སྟོང་བསྡུས་འདྲ་བར།།
བར་མཚམས་མེད་པར་ཆུང་དུ་བསྐྱེད་པ་མཚར།།
མཚར་སྡུག་མིག་གི་བུང་བ་འདར་བའི་སྒྲ།
སྒྲ་འཛིན་བརྟོལ་ནས་སྙིང་གི་འདབ་མར་ཟུག།
ཟུག་རྔུས་མནར་ཅིང་སྐྱོབ་ཏུ་མེད་པའི་སེམས།།
སེམས་བྱུང་གཞན་གྱིས་བཀོལ་བའི་དུས་མ་རིག།
རིག་པ་ཐག་པ་གྲིམས་ནས་ཆད་མ་ཐག།
ཐག་ཉེར་བསླེབས་པའི་ནམ་མཁའ་ཆེན་པོའི་མདངས།།
མདངས་ལྡན་བདེ་བའི་ངོ་བོར་སྒྱུར་བའི་རྩལ།།
རྩལ་གྱི་རྩེ་མོ་མིན་ནམ་རིག་འཛིན་མ།།
མ་འགག་དབྱངས་ཀྱི་ང་རོ་སྒྲོག་པའི་ངག།
ངག་གི་དབང་བོར་སྒྲུབ་པའི་རྟེན་གྱི་ནོར།།
ནོར་བུའི་མཛོད་ལས་བླངས་པའི་སྙན་ངག་མཁན།།
མཁན་པོའི་མཆོག་བཞིན་ཁྱོད་ཀྱི་ལུས་ལ་མཛེས།།

           ༢༠༠༡ལོའི་ཟླ་༨པའི་ཚེས་༧ཉིན་བྲིས་པ་དགེའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།