ན་གཞོན་གསར་བའི་སྐོར་ལ་སྐད་ཆ་རེ་བཤད་ན།

           ན་གཞོན་གསར་བ་ཞེས་པ་འདི་ཁོ་བོས་ཐོག་མ་ནས་ཚ་ཚ་འུར་འུར་ཞིག་དང་བཀག་ན་མི་ཁོག་པ་ཞིག་ཡིན་པ་སེམས་ཀྱིས་རྙེད་ནས་ཡོད་ནའང༌།  འདུ་ཚོགས་སྟེང་གི་གཟབ་ནན་གྱི་ངོ་གདོང་རེ་རེ་དང་གཏམ་བཤད་ཀྱི་ཤོག་བུ་རྩེག་མ་དག་མཐོང་བས་ང་དངོས་ནས་ཧ་ལས་སོང༌།  དེ་ཡང་ཁག་མི་འདུག་སྟེ་རྒན་པར་བཀུར་བསྟི་ཆེ་བའི་ན་གཞོན་ཁ་ཤས་ཤིག་གིས་གཏམ་བཤད་དུས་སུ་ངག་འདར་གྱིན་ཡོད་པས་ཁ་གཏད་ཀྱི་རང་ཉིད་ལ་གཞན་དག་འདར་བར་བྱེད་པའི་གཟུགས་མེད་ཀྱི་མཚོན་ཆ་ཞིག་ཡོད་པ་ཡིན་ན་དེ་ཉིད་ལ་སྲུང་སྐྱོབ་ལོས་བྱེད།  དེ་ལྟར་ན་ཡང་ཁ་བ་སྙིང་ལྕགས་ཟེར་མཁན་གྱི་སློབ་ཆེན་ལོ་རིམ་དང་པོའི་གསར་བུ་ཞིག་དང་ཁ་བ་ལྷ་མོ་ཟེར་མཁན་གྱི་བུ་མོ་སྙིང་རྗེ་བ་གཉིས་ཀྱིས་ང་ལ་འགྲན་དུ་མེད་པའི་སྟོབས་ཤུགས་ཤིག་དང་མ་འོངས་པའི་རེ་བ་ཞིག་བསྟན་སོང༌།  གསར་བུ་དེས་སྤྱི་ཚོགས་ཚན་རིག་གི་གཞུང་ལུགས་མང་པོ་ཞིག་དང་རང་བྱུང་ཚན་རིག་གི་གནས་ལུགས་མང་པོ་ཞིག་དབུགས་ཐེངས་གཅིག་གིས་ངོ་སྤྲོད་འདྲ་ཞིག་བྱས་པས་ན་བདག་གི་སེམས་ལ་མ་གཞི་དུས་ཚོད་སྐར་མ་བཅུའི་ཡུན་གྱི་གཏམ་བཤད་ཅིག་ཡིན་ན་འདི་ལྟར་བཤད་དགོས་ས་རེད་སྙམ་བྱུང་ལ།  ཁོའི་སྟོབས་ཤུགས་ཀྱིས་ལག་པ་གནམ་ལ་གཤར་བཞིན་“ང་ཚོ་ལ་དགོས་པ་ངོ་ལོག་ཡིན”ཞེས་དང་ཡང་“ང་ཚོ་འབར་དགོས”ཞེས་བརྗོད་མ་ཐག་ངའི་སེམས་ལ་འདི་ནི་ན་གཞོན་གསར་བའི་རང་ཉིད་ནས་མགོ་རྩོམ་ཚུལ་ཞེས་པ་དེ་མ་ཡིན་ནམ་སྙམ་བྱུང་ལ། ལོ་ཆུང་དེས་སྐད་ངག་གིས་ང་དང་བཅས་པའི་སྒམ་པོ་མང་པོ་ཞིག་གད་སྙིགས་ཀྱི་ཁྲོད་ལ་གཡུག་བྱུང་སྙམ་པའི་སྐྲག་སྣང་ཞིག་ཀྱང་སྐྱེས་སོང༌། དེར་མཐུད་ནས་ཁ་བ་ལྷ་མོ་ཞེས་སྐད་གདངས་དག་ལ་དྲི་མ་གོས་པའི་བོད་མོ་ངོ་མ་ཞིག་གི་གཤིས་ཀ་དང་ལྡན་པའི་བུ་མོ་ཞིག་གིས་ཟིན་བྲིས་ཀྱི་སྐོར་དང་ལྷག་ཏུ་བོད་རིགས་བུད་མེད་ཀྱི་ཐོབ་ཐང་སྐོར་ནས་སྐད་ཆ་འགའ་བཤད་པ་དེ་ཁོ་བོ་སེམས་ཉོབ་པའི་དུས་སུ་རིག་པ་སྐྲ་རྩེར་རྒྱུག་ཏུ་བཅུག་པའི་སྨན་དུ་བྱིན་སོང༌།   སྤྱིར་ན་ན་གཞོན་གསར་བའི་འདུ་ཚོགས་ལ་དམིགས་སའི་བརྗོད་བྱ་དང་གཏན་འཁེལ་གྱི་ཁ་བྱང་དག་ཡོད་ནའང༌། བུ་མོ་འདིས་གོ་སྐབས་དམ་འཛིན་གྱིས་རང་གི་བརྗོད་འདོད་པ་དག་མ་ལུས་པར་བརྗོད་འདོད་པའི་ཀུན་སློང་གཙང་མ་དེ་དང༌།  དོག་བཞིན་ཧུར་ཐག་གིས་བརྗོད་ཀྱིན་པའི་བསམ་འཆར་དག་ལ་ཉན་གིན་ངས་ནི་རང་ཉིད་ལའང་འདི་དང་འདི་ལྟ་བུའི་སེམས་དོན་ཞིག་དང་ན་ཟུག་ཅིག་མེད་པ་ནི་ཅི་ཡི་ཕྱིར་སྙམ་གྱིན་རང་གིས་རང་ལ་ཕྱིར་བལྟ་ཞིག་མི་བྱེད་ག་མེད་དུ་གྱུར་སོང༌། 
       ངོ་མ་བཤད་ན་སྐབས་གཉིས་པའི་ན་གཞོན་གསར་བའི་ཚོགས་འདུ་ལ་དགེ་རྒན་དང་ཡོན་ཏན་པ།  སྙན་ངག་པ།  སློབ་མ་སོགས་ལྔ་བཅུ་གྲངས་རིགས་ཤིག་འདུས་ནས་གཏམ་དཔྱད་སྤེལ་བ་འདི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཁ་ཕྱེ་བའི་དགེ་མཚན་གྱིས་བཏེགས་ནས་ཡོད་ནའང༌།  ང་ཚོའི་ལུས་དང་གྲིབ་མ་བཞིན་མཉམ་གནས་ཡོད་པའི་རང་གི་ཁ་ངོ་དང་སྙན་གྲགས།  ང་རྒྱལ་སོགས་ཀྱིས་ལ་ལུང་བཞི་མདོ་ནས་རེ་བ་དང་བཅས་རྣ་བ་གཙང་མར་ཕྱེ་སྟེ་འཐོབ་རྒྱུ་ཞིག་ལ་རྔམས་ནས་ཡོང་བའི་མི་མང་པོ་ཞིག་ལ་ད་དུང་ཡང་སུ་ཞིག་གིས་ཅི་ཞིག་བརྗོད་མ་སོང་བའམ་གང་ཞིག་གིས་ཁ་གཡེང་སྤྱོད་གཡེང་བྱས་སོང་བའི་ཕྱར་གཡེང་གི་ཕངས་སེམས་འདྲ་སྐྱེས་འོང་བ་ནི་གཙོ་བོ་གོང་གི་ན་གཞོན་འདི་གཉིས་ལྟ་བུའི་ཕྱི་གསལ་ནང་གསལ་ཅིག་མ་བཅོས་བར་ལན་སོང་སྙམ་པའི་སེམས་ཁུར་ཞིག་སྐྱེས་འོངས་པ་ནི་ཚོགས་འདུ་དེའི་ང་ལ་བསྩལ་བའི་ཚོར་བ་དང་པོ་དེ་ཡིན།

རྩོམ་ཁུངས། རེ་རྐང་གླིང་གི་ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་གཞོན་གསར་བའི་སྐོར་ལ་སྐད་ཆ་རེ་བཤད་ན།

2009-07-07 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།