མིག་མདུན་གྱི་འཚོ་བ་འདི།


འབུ་སྦྲང་གི་འཚུབ་སྣང་ཁོ་ནས
དབྱར་ཁའི་ཉི་འོད་ཀྱི་ཕུགས་བསམ་བརླགས་པས
སྲང་མདོར་སྤུངས་པའི་གད་སྙིགས་ཀྱི་མཁར་རྫོང་དག་གིས
ཝུ་བ་སོབ་སོབ་ཀྱི་རྐང་རྗེས་དག་ལ
ཚེ་སྲོག་གཞན་ཞིག་གི་བསླུ་བྲིད་བསྒོས་ཡོད་ནའང
ཁྱིམ་ཕྱགས་ཀྱི་ཁྲོད་དུ་ཁ་ཟས་འཚོལ་བའི
སྤྲང་བོ་དག་གི་བླ་ན་མ་མཆིས་པའི་བརྩོན་འགྲུས་དེས
འཇིག་རྟེན་ལ་འཚོ་བའི་མྱོང་གོམས་གཞན་ཞིག་སྟོན་པས་ན
ང་ཚོས་ཀྱང་རང་གི་མིག་ཁར་ལྷགས་པའི་འཚོ་བ་འདི་ལ
བསྐྱར་དུ་ཚང་རྩིས་ཤིག་མི་རྒྱག་ཐབས་མེད་བྱུང་སོང

 ཀླ་ཀློ་དང་ལོངས་སྤྱོད  དམར་གསོད་དང་རྐུ་འཕྲོག
ཚིག་མཛོད་ཀྱི་ཁྲོད་དུ་བསྐུངས་པའི་ཇག་པའི་ཐ་སྙད་འདི་དག་གིས
བྱེད་པ་པོ་གང་ཞིག་གི་སྒྲིག་ལམ་གྱི་སྒྲོམ་བུ་དུམ་བུར་གས་དུས་སུ
བྲག་ངོས་ལ་འབྱར་བའི་བྱིས་པ་དག་གི་ཨག་སྐད་ཁོ་ནས
མ་ཡུམ་གྱི་བྲང་ཁ་ན་རྒྱགས་པའི་ནུ་མ་དེ་ཡང
སྐམ་ཞིང་རྙིད་པའི་རས་ཁུག་ཅིག་ཏུ་བསྒྱུར་ལ
གསེར་འོད་ཀྱི་རླབས་སུ་འཐིམ་པའི་མི་བོ་ཆེ་དག་གི་རྣམ་ཐར་ཡང
ཐ་གུས་བསྒགས་པའི་རོ་སྒམ་དག་གི་གཟུངས་གཞུག་ཁོ་ནར་གྱུར་ཅིང
རུས་རྐང་གི་སེར་ག་ལས་མཆེད་པའི་རླུང་བུའི་ཤུ་སྒྲ་ལའང
ཉམ་ཐག་གི་རང་བཞིན་ཞིག་མངོན་ནས་ཡོད

སྟེས་དབང་གིས་གྲུབ་པའི་ཡུལ་ལྗོངས་འདི་དང
རང་བྱུང་དུ་བཏོན་པའི་སེམས་པ་འདི་གཉིས
ངོ་བོ་གཅིག་ཏུ་མ་གྱུར་བས
ང་ཚོས་ད་དུང་ཡང་ཀླད་པ་ཡོད་མདོག་གིས
སྐྱེས་བུ་ཆེན་པོ་ཞིག་གི་མིང་ཡིག་ཅིག་སྐེ་ལ་བཏགས་ནས
སའི་གོ་ལའི་སྒལ་སྟེང་དུ་ཁྲོམ་སྐོར་ག་ཚོད་བྱ་དགོས

འཚོ་བ་འདིས་ང་ཚོ་ལ་རི་རབ་ཀྱི་བདེན་པ་སངས་སུ་བཅུག་པས་ཀྱང
མིག་ཟུང་ཞར་བའི་རྒྱལ་སྲས་ཤིག་གི་དངོས་ཡོད་ཀྱི་མཐོང་རྒྱ་སུ་ཡིས་འགོག

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་མདུན་གྱི་འཚོ་བ་འདི།

2009-12-22 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།


འབུ་སྦྲང་གི་འཚུབ་སྣང་ཁོ་ནས
དབྱར་ཁའི་ཉི་འོད་ཀྱི་ཕུགས་བསམ་བརླགས་པས
སྲང་མདོར་སྤུངས་པའི་གད་སྙིགས་ཀྱི་མཁར་རྫོང་དག་གིས
ཝུ་བ་སོབ་སོབ་ཀྱི་རྐང་རྗེས་དག་ལ
ཚེ་སྲོག་གཞན་ཞིག་གི་བསླུ་བྲིད་བསྒོས་ཡོད་ནའང
ཁྱིམ་ཕྱགས་ཀྱི་ཁྲོད་དུ་ཁ་ཟས་འཚོལ་བའི
སྤྲང་བོ་དག་གི་བླ་ན་མ་མཆིས་པའི་བརྩོན་འགྲུས་དེས
འཇིག་རྟེན་ལ་འཚོ་བའི་མྱོང་གོམས་གཞན་ཞིག་སྟོན་པས་ན
ང་ཚོས་ཀྱང་རང་གི་མིག་ཁར་ལྷགས་པའི་འཚོ་བ་འདི་ལ
བསྐྱར་དུ་ཚང་རྩིས་ཤིག་མི་རྒྱག་ཐབས་མེད་བྱུང་སོང

 ཀླ་ཀློ་དང་ལོངས་སྤྱོད  དམར་གསོད་དང་རྐུ་འཕྲོག
ཚིག་མཛོད་ཀྱི་ཁྲོད་དུ་བསྐུངས་པའི་ཇག་པའི་ཐ་སྙད་འདི་དག་གིས
བྱེད་པ་པོ་གང་ཞིག་གི་སྒྲིག་ལམ་གྱི་སྒྲོམ་བུ་དུམ་བུར་གས་དུས་སུ
བྲག་ངོས་ལ་འབྱར་བའི་བྱིས་པ་དག་གི་ཨག་སྐད་ཁོ་ནས
མ་ཡུམ་གྱི་བྲང་ཁ་ན་རྒྱགས་པའི་ནུ་མ་དེ་ཡང
སྐམ་ཞིང་རྙིད་པའི་རས་ཁུག་ཅིག་ཏུ་བསྒྱུར་ལ
གསེར་འོད་ཀྱི་རླབས་སུ་འཐིམ་པའི་མི་བོ་ཆེ་དག་གི་རྣམ་ཐར་ཡང
ཐ་གུས་བསྒགས་པའི་རོ་སྒམ་དག་གི་གཟུངས་གཞུག་ཁོ་ནར་གྱུར་ཅིང
རུས་རྐང་གི་སེར་ག་ལས་མཆེད་པའི་རླུང་བུའི་ཤུ་སྒྲ་ལའང
ཉམ་ཐག་གི་རང་བཞིན་ཞིག་མངོན་ནས་ཡོད

སྟེས་དབང་གིས་གྲུབ་པའི་ཡུལ་ལྗོངས་འདི་དང
རང་བྱུང་དུ་བཏོན་པའི་སེམས་པ་འདི་གཉིས
ངོ་བོ་གཅིག་ཏུ་མ་གྱུར་བས
ང་ཚོས་ད་དུང་ཡང་ཀླད་པ་ཡོད་མདོག་གིས
སྐྱེས་བུ་ཆེན་པོ་ཞིག་གི་མིང་ཡིག་ཅིག་སྐེ་ལ་བཏགས་ནས
སའི་གོ་ལའི་སྒལ་སྟེང་དུ་ཁྲོམ་སྐོར་ག་ཚོད་བྱ་དགོས

འཚོ་བ་འདིས་ང་ཚོ་ལ་རི་རབ་ཀྱི་བདེན་པ་སངས་སུ་བཅུག་པས་ཀྱང
མིག་ཟུང་ཞར་བའི་རྒྱལ་སྲས་ཤིག་གི་དངོས་ཡོད་ཀྱི་མཐོང་རྒྱ་སུ་ཡིས་འགོག

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།