གཅེར་བུར་བུད་ནས་ཁྱོད་ལ་བལྟས་པ།


བྱེ་ཐང་དུ་གཅེར་བུར་ཀན་རྐྱལ་དུ་ལོག་ནས 
ཁྱོད་ལ་བལྟས་དུས 
སྐྱེས་པ་ཕོ་ཡི་རྒྱུ་མཚན་གྱིས
བརླན་གཤེར་གྱི་སྤྲིན་པ་རེ་རེ 
མཛེས་སྡུག་གི་ལྷ་མོ་རེ་རེར་འཕྲུལ་འགྲོ 

ཆགས་སྲེད་ཀྱིས་མནར་བའི་ནམ་མཁའ་ཆེན་པོ་འདི
ལྷ་མོ་ཞིག་གི་མིག་ཡ་ཅིག་ལ་འཁྲུན་ཐག་བཅད་པས  
ཁྱོད་ཀྱི་མཛེས་སྡུག་དེ་ཡང
བྱེ་ཐང་སྐྱ་བོ་དེའི་སྒལ་གཞུང་དུ་ནུབ་ངེས་ལ 
ནུ་འབུར་དང་བརླ་ཤ 
མཚན་མ་བཅས་ཀྱི་མཚོན་དོན་དུ་བབས་པའི་
བྱེ་སྒང་གི་ཉམས་འགྱུར་རེ་རེ 
ཁྱོད་ཀྱི་བླ་སྲོག་བརྐུ་བའི་མཛེ་བ་རེ་རེ་ཡིན་ན  
བུད་མེད་ཀྱི་གཟུགས་རིས་ལྟ་བུའི་སྒྲེན་གཟུགས་དེས 
ཁྱོད་ལ་འདོད་སྲེད་ཀྱི་བསླུ་བྲིད་ཅིག་གཏོང་ངེས 

དུས་དེ་ནས་བཟུང་སྟེ 
བུད་མེད་ཅིག་གིས  
རང་གི་ཁ་གཏད་དུ་གྱུར་བའི་བུད་མེད་གཞན་ཞིག་ལ
ཉལ་བོ་བྱེད་འདོད་ཀྱི་འདོད་གཏམ་ངེས  

བྱེ་ཐང་དེ་ཁྱོད་ཀྱི་གཅེར་བུ་བུད་པའི་ལུས་པོ་དེ་ཡིན་ན 
ནམ་མཁའ་དེ་ཉིད་ནི་རང་ལུས་གསལ་བོར་སྟོན་བྱེད་ཀྱི་མེ་ལོང་ཞིག་དང་འདྲ་བས 
ཁྱོད་ཀྱིས་ནམ་རྒྱུན་རང་ལུས་ལ་ཅེར་བཞིན་རང་སྲོག་ཐེངས་ཤིག་གཅོད་ངེས 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅེར་བུར་བུད་ནས་ཁྱོད་ལ་བལྟས་པ།

2009-08-14 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།


བྱེ་ཐང་དུ་གཅེར་བུར་ཀན་རྐྱལ་དུ་ལོག་ནས 
ཁྱོད་ལ་བལྟས་དུས 
སྐྱེས་པ་ཕོ་ཡི་རྒྱུ་མཚན་གྱིས
བརླན་གཤེར་གྱི་སྤྲིན་པ་རེ་རེ 
མཛེས་སྡུག་གི་ལྷ་མོ་རེ་རེར་འཕྲུལ་འགྲོ 

ཆགས་སྲེད་ཀྱིས་མནར་བའི་ནམ་མཁའ་ཆེན་པོ་འདི
ལྷ་མོ་ཞིག་གི་མིག་ཡ་ཅིག་ལ་འཁྲུན་ཐག་བཅད་པས  
ཁྱོད་ཀྱི་མཛེས་སྡུག་དེ་ཡང
བྱེ་ཐང་སྐྱ་བོ་དེའི་སྒལ་གཞུང་དུ་ནུབ་ངེས་ལ 
ནུ་འབུར་དང་བརླ་ཤ 
མཚན་མ་བཅས་ཀྱི་མཚོན་དོན་དུ་བབས་པའི་
བྱེ་སྒང་གི་ཉམས་འགྱུར་རེ་རེ 
ཁྱོད་ཀྱི་བླ་སྲོག་བརྐུ་བའི་མཛེ་བ་རེ་རེ་ཡིན་ན  
བུད་མེད་ཀྱི་གཟུགས་རིས་ལྟ་བུའི་སྒྲེན་གཟུགས་དེས 
ཁྱོད་ལ་འདོད་སྲེད་ཀྱི་བསླུ་བྲིད་ཅིག་གཏོང་ངེས 

དུས་དེ་ནས་བཟུང་སྟེ 
བུད་མེད་ཅིག་གིས  
རང་གི་ཁ་གཏད་དུ་གྱུར་བའི་བུད་མེད་གཞན་ཞིག་ལ
ཉལ་བོ་བྱེད་འདོད་ཀྱི་འདོད་གཏམ་ངེས  

བྱེ་ཐང་དེ་ཁྱོད་ཀྱི་གཅེར་བུ་བུད་པའི་ལུས་པོ་དེ་ཡིན་ན 
ནམ་མཁའ་དེ་ཉིད་ནི་རང་ལུས་གསལ་བོར་སྟོན་བྱེད་ཀྱི་མེ་ལོང་ཞིག་དང་འདྲ་བས 
ཁྱོད་ཀྱིས་ནམ་རྒྱུན་རང་ལུས་ལ་ཅེར་བཞིན་རང་སྲོག་ཐེངས་ཤིག་གཅོད་ངེས 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།