སྙིང་བོ་མེད་དུས་སུ།


དུས་ཚོད་ཀྱི་མིག་ཟུང་བསལ་རྗེས
རྨི་ལམ་གྱི་སྒོ་མོ་རྡུང་ཤིང
སྐྲ་གསེབ་ན་འབུས་ཀྱིན་པའི་རིག་པ་དག་ལ
རྣོ་ལྕགས་ཀྱི་མཆེ་བ་རེ་སྐྱེས་ནས་ཡོད

སྙིང་བོ་མེད་དུས་སུ
སུས་ཀྱང་རང་གི་ལག་ངར་ལས
སྡུག་བསྔལ་གྱི་པགས་པ་རེ་བཤུས་ཏེ
སྟོང་ཉིད་ཀྱི་བུམ་པ་ཞིག་བཟོ་ངེས་ཤིང
ཞེ་སྡང་གི་མཛེར་མ་མང་པོས
སྡིག་སྒྲིབ་ཀྱི་ལྷན་པ་མང་པོ་ཞིག་རྒྱག་ངེས
ཚེར་མའི་མེ་ཏོག་སྙིང་ལ་བཙུགས་རྗེས
རལ་གྲིའི་སོ་ཁ་ནས་ཀྱང་མིག་ཆུ་བཞུར་ཅིང
སྟོང་ཁམས་ཀྱི་ཐག་པ་དེའི་སྣེ་མོ
སྐར་མ་རུལ་བ་དག་གི་མཚོ་ལ་ལྷུང་སོང

སྙིང་བོ་ཡོད་དུས་སུ
རུས་སྒྲོམ་གྱི་ལྭ་བ་ཁ་ཚང་ཞིག་གྱོན་ནས
ཁྲག་གི་ཁང་བཟང་ཞིག་ཏུ
རྣམ་ཤེས་ཀྱི་ཚོགས་གསེར་སྒོར་རེ་རེར་བརྗེ་སྟེ
སྲོག་གི་རྒྱན་པོ་འབྱེད་ཚུལ་དེ་ཡང
བྲང་ཁ་ན་རྦབ་ཆུ་བཞིན་འབབ་པའི་འཚོ་བ་རེད

དེད་དཔོན་གྱི་ལག་པ་ཉི་མས་བཞུ་དུས
རིགས་རྒྱུད་ཀྱི་ནོར་བུ་བཙའ་ཡིས་ཟིན་ཞིང
ཚེར་མའི་ཐག་པ་དག་གི་སྣེ་མོ
འཆི་བའི་མེ་ལྕེས་འཚིག་སོང

སྙིང་བོ་མེད་དུས་སུ ད་གཟོད་སྙིང་བོ་ཡོད་ཅིང
སྙིང་བོ་ཡོད་པ་དེ་ཅི་འདྲའི་སྙིང་བོ་མེད་པ་ལའང
                                                        2011.3.11

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་བོ་མེད་དུས་སུ།

2011-03-23 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།


དུས་ཚོད་ཀྱི་མིག་ཟུང་བསལ་རྗེས
རྨི་ལམ་གྱི་སྒོ་མོ་རྡུང་ཤིང
སྐྲ་གསེབ་ན་འབུས་ཀྱིན་པའི་རིག་པ་དག་ལ
རྣོ་ལྕགས་ཀྱི་མཆེ་བ་རེ་སྐྱེས་ནས་ཡོད

སྙིང་བོ་མེད་དུས་སུ
སུས་ཀྱང་རང་གི་ལག་ངར་ལས
སྡུག་བསྔལ་གྱི་པགས་པ་རེ་བཤུས་ཏེ
སྟོང་ཉིད་ཀྱི་བུམ་པ་ཞིག་བཟོ་ངེས་ཤིང
ཞེ་སྡང་གི་མཛེར་མ་མང་པོས
སྡིག་སྒྲིབ་ཀྱི་ལྷན་པ་མང་པོ་ཞིག་རྒྱག་ངེས
ཚེར་མའི་མེ་ཏོག་སྙིང་ལ་བཙུགས་རྗེས
རལ་གྲིའི་སོ་ཁ་ནས་ཀྱང་མིག་ཆུ་བཞུར་ཅིང
སྟོང་ཁམས་ཀྱི་ཐག་པ་དེའི་སྣེ་མོ
སྐར་མ་རུལ་བ་དག་གི་མཚོ་ལ་ལྷུང་སོང

སྙིང་བོ་ཡོད་དུས་སུ
རུས་སྒྲོམ་གྱི་ལྭ་བ་ཁ་ཚང་ཞིག་གྱོན་ནས
ཁྲག་གི་ཁང་བཟང་ཞིག་ཏུ
རྣམ་ཤེས་ཀྱི་ཚོགས་གསེར་སྒོར་རེ་རེར་བརྗེ་སྟེ
སྲོག་གི་རྒྱན་པོ་འབྱེད་ཚུལ་དེ་ཡང
བྲང་ཁ་ན་རྦབ་ཆུ་བཞིན་འབབ་པའི་འཚོ་བ་རེད

དེད་དཔོན་གྱི་ལག་པ་ཉི་མས་བཞུ་དུས
རིགས་རྒྱུད་ཀྱི་ནོར་བུ་བཙའ་ཡིས་ཟིན་ཞིང
ཚེར་མའི་ཐག་པ་དག་གི་སྣེ་མོ
འཆི་བའི་མེ་ལྕེས་འཚིག་སོང

སྙིང་བོ་མེད་དུས་སུ ད་གཟོད་སྙིང་བོ་ཡོད་ཅིང
སྙིང་བོ་ཡོད་པ་དེ་ཅི་འདྲའི་སྙིང་བོ་མེད་པ་ལའང
                                                        2011.3.11

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།