ཨར་ཐེའུ་རམ་བྷོ་ཡི་སྙན་ངག་རིང་མོ་ཞིག་གི་འགྱུར།

7.jpgརྩོམ་པ་པོ་ངོ་སྤྲོད།
ཨར་ཐེའུ་རམ་བྷོ(Arthur Rimboud,1854 --1881)ནི་ཧྥ་རན་སེའི་སྐབས་ཐོག་མའི་མཚོན་བྱེད་རིང་ལུགས་པའི་སྙན་ངག་པ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང༌། ལོ་བཅུ་བཞིའི་སྟེང་སྙན་ངག་གསར་རྩོམ་གྱི་འགོ་བརྩམས་ཤིང་ལོ་ཉེར་གཅིག་སྟེང་སྨྱུག་མཚམས་བཞག་སྟེ་དུག་རྫས་དང་མཚོན་ཆ་འཚོང་བའི་བར་ཁེ་བ་བྱས་མྱོང་། སྙན་ངག་པ་འདི་བ་ལོ་བཅོ་ལྔའི་སྟེང་ལ་ཏེན་སྐད་ཀྱིས་སྙན་ངག་རྩོམ་པ་ལ་མཁས་པར་གྱུར་ཞིང་ཧྥ་རན་སེའི་སྐད་ཀྱི་ཚིག་བཅད་སྙན་ངག་འབྲི་བར་ཡང་ཐོགས་པ་མེད་པར་གྱུར། ལོ་བཅུ་དྲུག་ནས་བཟུང་ཡུལ་གྱར་གྱི་འཚོ་བ་རོལ་ཞིང་སྙན་ཚིག་<<ཚོར་སྣང>> ཞེས་པ་དང་<< གྲུ་ཤན་བཟི་བོ>>ཞེས་པ་གཉིས་བྲིས་ཏེ་སྐབས་དེའི་སྙན་ངག་པ་ཝེར་ལུན(Paul Verlaine)ལ་སྤྲིངས་པར། ཝེར་ལུན་གྱིས་བསྔགས་བརྗོད་དང་གདན་ཞུ་བྱས་པ་བརྒྱུད་ཕ་རི་སིར་ཕྱིན་ཅིང་སྙན་ངག་པའི་ཆེས་ཐོག་མའི་སྒྱུ་རྩལ་གྱི་འཚོ་བ་རོལ་འགོ་བརྩམས། ཡིན་ནའང་ཁོང་རྣམ་པ་གཉིས་ཀྱི་མཚན་མཐུན་དགའ་རོགས་ཀྱི་བརྩེ་དུང་ལ་རྐྱེན་བྱས་ཏེ་རྗེས་སོར་ཝེ་ཨེར་ལུན་གྱིས་རམ་བྷོ་ཡི་ལག་པའི་གྲུ་མོར་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་པས་ཝེན་ལེན་བཙོན་དུ་བཅུག་མྱོང་ཡོད་པ་རེད།
རམ་བྷོ་མི་ཡུལ་དུ་དུས་ཐུང་ལོ་ངོ་སོ་བདུན་ལས་བསྡད་མ་ཚུགས་ནའང་དགུང་ལོ་བཅུ་དྲུག་ནས་བཅུ་དགུ་བར་ལ་བྲིས་པའི་གལ་ཆེའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་སྙན་ངག་བརྒྱ་དང་བཞི་བཅུ་ཙམ་ཡོད་པ་དེས་མཚོན་བྱེད་རིང་ལུགས་དར་རྒྱས་སུ་འགྲོ་བ་དང་དངོས་ཡོད་ལས་བརྒལ་བའི་རིང་ལུགས་ཐོན་པ་བཅས་ལ་ལེགས་སྐྱེས་ཤིན་ཏུ་ཆེན་པོ་ཕུལ་ཡོད། སྙན་དེབ་ལ<<དམྱལ་བའི་དུས་ཚིགས་གཅིག>> ཅེས་པ་དང་ <<འོད་ཀྱི་ལེའུ>>ཞེས་པ་གཉིས་ཡོད་དོ།།
 
                                    གྲུ་ཤན་བཟི་བོ།                                      

                                       ཨར་ཟོར་རེམ་བྷོ་ཌི།
                                       རེ་རྐང་གླིང་གིས་བསྒྱུར།

སྔོ་ལྟེམས་ལྟེམས་ཀྱི་གཙང་ཆུའི་འབབ་རྒྱུན་དེད་ནས་ཐུར་དུ་ཟགས་པར
ང་(1)ཡི་སྣང་ངོར་གླ་བ་དག་གིས་གདོང་དུ་ཁ་ལོ་དཀྱོགས་པའི་ཚོར་བ་གང་ཡང་མེད་པར
ཀི་འདེབས་ཀྱིན་པའི་དམར་པོ་གདོང་གི་མི་དག་གིས་ཁོ་བ་ཚོ་འབེན་དུ་བཙུགས་ནས
གཅེར་རྗེན་གྱི་ལུས་པོ་དག་ཁྲ་ཁྲ་རིག་རིག་གི་ཀ་བའི་སྟེང་དུ་བཀྱིགས་འདུག་པ་ཚོར་འོང

བདག་རང་མཉན་པ་དག་གང་ནས་ཕེབས་པར་འཛིན་པ་མེད་དེ
བདག་གི་ཁོག་པ་ཨིན་ཇིའི་སྲིང་བལ་དང་ཧྥུ་རན་དྷི་ཡི་ནས་འབྲུས་བྱུར་བུར་གཏམས་ཡོད
འུར་ཟིང་ཆེ་བའི་ལབ་གླེང་དང་གླ་བ་ཚོ་དུས་མཉམ་ཞི་བའི་རྗེས་སུ
གཙང་བོས་ང་རང་བག་ཡངས་གང་འདོད་ཀྱིས་རྒྱ་མཚོའི་ལྷུམས་སུ་འཁུར

ལོ་དེའི་དགུན་ཁར  མཚོ་མོ་སྐྱོམ་ཞིང་སྐྱོམ་ལ  རྦ་རླབས་སྐྱེད་ཅིང་སྐྱེད་ནའང
བདག་གིས་ནི  བྱིས་པ་ཞིག་གི་འཆར་སྒོ་ལས་ཀྱང་ཅི་ཡང་བསམ་མ་ནུས
ང་རང་བང་གིས་རྒྱུགས་ནའང  ཆུ་ནང་དུ་ཤུད་པའི་གླིང་ཕྲན་དག་ལ་གཟུར་ཐུབ་པ་དེར
ངའོ་སྙམ་གྱིན་མཆོངས་ལྡིང་བྱས་མ་མྱོང

ང་རང་རྒྱ་མཚོའི་ཀློང་ནས་རྟོག་པ་སད་པར་རླུང་དམར་གྱིས་སྨོན་ལམ་བཏབ་ཡོད
རྦ་རླབས་ཀྱི་ཡང་རྩེ་ནས་གར་དུ་རྩེན་ན  ལུས་པོ་ཤིང་ཐུར་ལས་ཀྱང་ཡང
བཤད་རྒྱུན་དུ་རླབས་ཀྱི་འདུ་འགོད་ལས  མཉན་པ་ཚེ་འདས་ཀྱི་བེམ་པོ་གཡེང་ཞིང་ཁུར་ཡོང་ཟེར་ནའང
ང་ཡིས་ཞག་མ་བཅུ་ལ  གླེན་མདོག་ཚ་བའི་སྒྲོན་སྟེགས་ཀྱི་མིག་ཟུང་ལ་ཕྱིར་མིག་བལྟས་མྱོང་མེད་པ་ལ་ཨང

མཚོ་ཆུ་སྔོན་མོ་ང་ཡི་ཐང་ཤིང་གིས་བཟོས་པའི་ཁོག་པར་སིམ་འོངས་པ
བྱིས་པའི་སེམས་ནང་གི་ཀུ་ཤུའི་སྐྱུར་ཁུ་ལས་ཀྱང་ཞིམ་མངར་ལྡན
ངའི་ལུས་ཀྱི་ནག་ནོག་གི་ཆང་སྙིགས་དང་སྐྱུག་རོ་མ་ལུས་པ་དག་པར་བྱས་ཤིང
ད་དུང་ལྕགས་ཀྱི་གྲུ་ཁེགས་དང་རྟ་མགོ་མའང་བྲབ་ཅིང་གཙང་མར་བཤལ

དེ་ནས་བཟུང  བདག་ནི་རྒྱ་མཚོ་ཆེན་པོའི་སྙན་ངག་གི་ཕང་པར་སིམ་ཞིང
སྐར་ཚོམས་ཀྱི་ནུ་མ་དལ་གྱིས་འཇིབ་ཀྱིན
ལྗང་མདོག་གི་གནམ་སའི་ཧྲག་བར་དང  སྨྱོ་རྒྱུག་གི་རླབས་དཀར་ཁོག་ལ་མིད་དུས་སུ
ལན་རེར་ཞི་དུལ་གྱི་བེམ་པོ་དཀར་ལ་རྗེན་པ་རེའང་ང་ཡི་ཕྱོགས་སུ་མངོན་ཡོང

གནས་དེ་གར ལི་གྲི་དམར་བོའི་མདངས་འཛིན་གྱི་བརྩེ་དྲོད་ལྷོག་ལྷོག་ཁོལ་ཏེ
སྐབས་ཤིག་ལ་མཐིང་མདོག་གི་མཚོ་མོ་དམར་བོའི་ཁ་དོག་གིས་སྤུད་ནའང
ཉི་མའི་དྲོད་ཐིག་གི་འོག་ཏུ  སྨྱོ་འབོག་དང་འགྲོས་དལ་བའི་འགྱུར་ཁུགས་ནི
ཨ་རག་ལས་བཙན་ལ  ཁྱེད་ཅག་གི་གདངས་དབྱངས་ལས་ཀྱང་འབྱམས་ཀླས་པ་ལའང

ང་གློག་དམར་གྱིས་སིལ་བར་གཏོར་བའི་སྤྲིན་རིམ་གྱི་ནམ་མཁའ་དང
རླུང་དམར  རྦ་རླབས་བཅས་ལ་གསལ་ཆ་ཡོད་ཅིང
ས་སྲོད་དང་ཕུག་རོན་ཁྱུ་ཚོགས་སུ་བཀྲ་བའི་སྐྱ་རེངས་ལའང་གསལ་ཆ་ཡོད་པས
ང་ཡིས་མིའི་སྟོང་བསམ་གྱི་རྒྱུད་དུ་ཐེ་བའི་གནས་ཚུལ་མཐའ་དག་མཐོང་ཡོང

དམའ་སར་གནས་པའི་ཉི་མར  དངངས་སྐྲག་འཕེར་བའི་ནག་ནོག་གི་དྲི་མས་འབགས་ལ
དཀྱུས་རིང་བའི་འོད་ཟེར་ཆུ་བརྙན་དུ་ཟུངས་ཁྲག་གི་རྒྱུ་བ་བཞིན་འཆར་བ་ངས་མཐོང་ཞིང
ཡང་ན་ནི་གནའ་བོའི་ཟློས་གར་ཁྲོད་ཀྱི་འཁྲབ་སྟོན་པ་དག་དང་འདྲ་བར
འདས་ཟིན་པའི་རྦ་ཀློང་གི་རླབས་ལྕེ་སྒེའུ་ཁུང་ལས་འབབ་པ་ངས་མཐོང་མྱོང

བདག་གི་རྨི་ལམ་དུ་ཁ་བ་ལྷབ་ལྷུབ་འབབ་པའི་ལྗང་མདོག་གི་མཚན་མོ་ཞིག
དལ་བ་དལ་བུར་ཆེར་བསྐྱེད་ཅིང  རྒྱ་མཚོའི་གཉིད་ལ་མཆུ་འདབ་སྦྱོར་བ་རྨིས་ཞིང
བདག་གི་རྨི་ལམ་དུ་སྔར་མེད་འདི་ལྟའི་འབྱམས་ཀླས་པའི་རྒྱུག་ཆུ་དང
སད་པའི་ལིན་སེར་དང་ལིན་དཀར་གཉིས་གླུ་ལེན་པ་བཞིན་འོད་དུ་འཚེར་བ་རྨིས་མྱོང

ང་ཡིས་རྦ་རླབས་ཀྱི་རྗེས་དེད་ནས  ཟླ་ངོ་རེ་རེ་བཞིན་འདས་པར
རླབས་རྒྱུན་གྱིས་ཆུ་འོག་གི་བྲག་རྡོ་ལ་བརྡེགས་པ
ཞའེ་སི་ཏིས་ལིས་ཀྱི་བ་མོའི་སེམས་ཚོར་ཇི་ལྟ་བ་བཞིན་འཇིགས་སུ་རུང་བས
མྰ་རེབ་ཡའི་(2)གཟི་འོད་འཕྲོ་བའི་ཞབས་ཟུང་ཁོ་ནར་སྐྱབས་རེ་བཞིན
ཧུར་སྒྲ་སྒྲོག་པའི་རྒྱ་མཚོའི་ཀློང་གི་དམུ་རྒོད་ཀྱི་བྱུང་བ་མཐའ་དག་འགོག་པར་ག་ལ་ནུས

ཁྱོད་ཀྱིས་ཤེས་ཡོད་དམ  སྔོན་ཆད་ང་རང་དྲན་ཚོར་དུ་ཟིན་དུ་མེད་པའི་ཧྥུ་རོན་ལེ་རྡ་དང་གདོང་ག་བརྒྱབ་ཅིང
མི་ལྤགས་ཀྱི་གདོང་ལ་གཟིག་མིག་བཀྲ་བའི་མེ་ཏོག་གི་དགའ་ཚལ་དུ་འཛུལ་བར
རྒྱ་མཚོའི་མགོ་ཐོག་ཏུ་སྣར་བའི་སྲབ་མདའ་སྟེ  བཀུག་པའི་འཇའ་ཚོན་དག་གིས
མཚོ་ངོགས་སུ་རྩེན་པའི་རྟ་བོ་ལྗང་སྨུག་དག་གི་རྟ་ཁ་བསྒེགས་མྱོང

སྐྱུར་ཞིང་ནུར་བའི་ན་ཁུགས་དང་ཉ་རྒྱའི་ཁྲོད་དུ
འདམ་བུའི་ཁྲོད་གཉིད་དུ་ཡུར་བཞིན་རུལ་རགས་སུ་གྱུར་བའི་འཇིགས་རུང་གི་གཅན་གཟན་དེ་ངས་མཐོང་མྱོང་ལ
རླུང་དམར་མ་ལྡང་བའི་སྔ་མཚམས་ཀྱི་མཚོ་ཆུའི་འདར་ཡོམ་དང
རྒྱང་རིང་གི་ཡུལ་ལྗོངས་རྦབ་ཆུ་བཞིན་དོང་ཞབས་མེད་ཅིག་ཏུ་བཞུར་བ་ངས་མཐོང་མྱོང

འཁྱག་དར་གྱི་རི་བོ་དང  དངུལ་གྱི་ཉི་མ
འབར་གྱིན་པའི་ནམ་མཁའ  མུ་ཏིག་གི་རྦ་རླབས
རྒྱ་སྨུག་མདོག་གི་མཚོ་ཞབས་ཀྱི་གྲུའི་ཁང་བཟང་གི་གནོད་པ་དག་ནི་རྟོགས་པར་དཀའ་སྟེ
དེ་གའི་འབའ་འབུར་གྱི་སྡོང་ཤུན་ཁོ་ནས་མདོག་ནག་པོའི་དྲི་ངད་འགྱེད་པ
ཡལ་ག་ལས་ལྷུང་སྟེ་འབུ་གྱོག་གི་ཁ་ཟས་སུ་གྱུར་བའི་དུག་སྦྲུལ་ཞིག་གོ

ང་ཡིས་བྱིས་པ་དག་ལ་རླབས་སྔོན་ཁྲོད་ཀྱི་རལ་གྲི་ལྟ་བུའི་ཉ་མོ་དག་སྟོན་པར་འདོད་དེ
གསེར་འོད་ལམ་ལམ་གྱི  གཞས་གཏོང་མཁས་ཀྱི་ཉ་མོ་དེ་དག་ཨང
རླབས་དཀར་གྱི་མེ་ཏོག་གིས་ང་ཡི་བཞུར་རྒྱུན་ལ་གྲོགས་དན་མཛད་ཅིང
སྨྲ་བསམ་བརྗོད་མེད་ཀྱི་རླུང་བུས་ང་ཡི་འཕུར་རྒྱུན་ལ་གཞོག་འདེགས་མཛད

སྐབས་འགར  ང་རང་ཕྱོགས་མཚམས་ཀུན་ཏུ་འཁྱམས་པའི་ངལ་བས་གཟིར་དུས་སུ
རྒྱ་མཚོ་ཆེན་མོས་ངུ་ཤུབ་ཀྱིས་ང་ཡི་ལུས་པོ་གཡོ་འགུལ་དུ་སྐུལ་ཞིང
ཆུ་རིས་ཀྱི་མེ་ཏོག་ཁོ་ནས  ང་ཡི་ཕྱོགས་སུ་སེར་མདོག་གི་མཆུ་ཏོ་བརྐྱངས་ཡོང་བས་ན
ང་ནི་པུས་ས་ལ་བཙུགས་པའི་བུད་མེད་ཅིག་ནང་བཞིན་འགུལ་བར་མི་ནུས་ཨང་་་ ་་་ ་་་

ང་ནི་ཆུ་ཁར་གཡེང་བའི་གླིང་ཕྲན་ཞིག་སྟེ
གསེར་མིག་ལྡན་པའི་འདབ་ཆགས་ཚོགས་ཀྱིས་ཅག་ཅག་གི་བྱ་སྐད་སྒྲོག་གིན
རྟུག་པ་རེ་རེས་མཚམས་མེད་པར་ང་ཡི་ཕུང་བོ་རྫོད
ང་རང་མདུན་ཕྱོགས་སུ་ནུར་བགྲོད་བྱས་པར
ང་ཡི་ཆུ་ནང་དུ་གཟར་བའི་ཉམས་ཞན་གྱི་ཐག་པའི་ནང་ལ
བེམ་པོའི་ཚོགས་འཁོར་ཞག་ཏུ་ཕེབས་ནས་ལྡོག་ཕྱོགས་སུ་འཛུར་དེ་འགྲོ

ང་ནི་བོར་ཟིན་པའི་གྲུ་ཤན་སྟེ  མཚོ་རྩྭའི་སྦུབས་སུ་འཚང་བའམ
ཡང་ན་དྲག་རླུང་གིས་འདབ་ཆགས་མེད་པའི་མཚོ་མཐར་དེད་པ་གང་ཡིན་རུང
གནའ་བོའི་གཡོར་གྲུ་དང་དེང་གི་གྲུ་བོ་ཆེ་གང་གིས་ཀྱང
མཚོ་ཆུས་མྱོས་ཤིང་བྲན་པའི་ང་ཡི་ལུས་པོ་ལེན་ཐབས་བྲལ

ང་ཉིད་རང་སྣང་གང་ཤར་གྱིས  ཆུའི་རླངས་པའི་ཉེན་ཁའི་ཁྲོད
སྨུག་པ་དམར་སྨུག་ལྟང་གཅིག་ཁུར་ནས
གྱང་ངོས་ཀྱི་ཕྱི་ནང་བགྲལ་བའི་ཚུལ་གྱིས་དམར་སྐྱའི་མདོག་གི་ལྷ་གནས་ཕུགས་པར
གྱང་ངོས་སུ  ཉི་མའི་ལྟེ་ཐག་དང  འཇའ་རིས་སུ་མངོན་པའི་ནུར་ཉིག་དག་སྐྱེས་བྱུང་བ
ངེས་པ་དོན་གྱི་སྙན་ངག་པ་ལ་ནི་ཞིམ་མངར་ལྡན་པའི་སིལ་ཤ་དང་འདྲ་ཨང

ངས་གློག་ཞགས་ཀྱི་རྨ་ཁ་ཟོར་དབྱིབས་ཅན་དེ་འཁུར་བཞིན  མདུན་དུ་རྒྱུག་ན
སྨྱོ་མཆོང་གི་ཤིང་གྲུ་ང་ལ་ནག་ཉིག་ཉིག་གི་མཚོ་རྟས་སྡོང་གྲོགས་མཛད་ཅིང
ཟླ་བདུན་པའི་མཁར་རྒྱུག་གིས་དྭངས་གསལ་གྱི་ནམ་མཁའ་ལ་རྡེག་ན
གློག་ཞགས་ཀྱི་འདུ་འགོད་འཁྲུག་ཅིང  མིག་ལ་གཟན་པའི་ཀློང་འཁོར་མང་པོའི་ཁྲོད་ནམ་མཁའ་ཉིད་རྡིབས་ནས་འགྲོ

ང་རང་འདར་ལྕུག་ལྕུག་གིས་མདུན་སར་སྙེགས་ནའང  ལེ་དབར་སྟོང་གིས་ཆོད་པའི་ས་ཡི
དྲུས་རྩ་ལངས་པའི་ཆུ་སྲིན་གྱི་ཧུར་སྒྲ་དང  ཀློང་འཁོར་གྱི་འཇིགས་སྐད་ཐོས་ཐུབ་མོད
རྟག་བརྟན་གྱི་ནམ་མཁའ་གདོང་གིས་བསུ་བཞིན་མདུན་དུ་བཅར་བཞིན་པ་ནི
ཡོ་རོབ་གླིང་དེ་གནའ་བོའི་གཟེབ་དྲའི་ཁྲོད་བཅུག་པའི་སྐྱོ་ཉམས་དེ་མཐོང་མ་འདོད་པས་ཡིན

ང་ཡིས་སྐར་ཚོམ་གྱི་གླིང་ཕྲན་མཐོང་མྱོང་སྟེ  དེ་གར
སྨྱོ་འབོག་གི་ནམ་མཁའི་སྒོ་མོ་མཚོ་འགྲུལ་པའི་ཕྱོགས་སུ་ཕྱེས་ཏེ
༼ཁྱོད་རང་མཐའ་མེད་པའི་མཚན་མོ་འདིའི་ནང་གཏི་མུག་གཉིད་ལ་རོལ་ལམ།
ཀྱེ་མ།  གསེར་བྱ་ངང་བ་སྟོང་ཕྲག་ཡིན་ནམ།  ཀྱེ་ཧུད།  མ་འོངས་པའི་མྱ་ངམ་གྱི་མཚན་རིང་དེ་ཡིན་སོང་། ༽ཞེས་འབོད

ཡིན་ནའང  ང་ངུ་མི་སྲིད་དེ  སྐྱ་རེངས་ཀྱི་སྣང་བ་ཡོད་ཅོག་སྐྱོ་བས་དུབ་ཅིང
ཉི་གཞོན་མཐའ་དག་སྡུག་ཅིང་བསྔལ་ལ  ཟླ་བ་ཡོད་ཅོག་དྲག་ཅིང་རྩུབ་པས
གནག་པོའི་བརྩེ་དུང་གིས་ང་རང་མྱོས་པའི་འཐོམ་སྣང་ལ་སིམ་པར་བྱས་སོང
ཨ ང་ཡི་རུས་སྒྲོམ་རྨང་ནས་གཏོར་ཏེ
ང་རང་རྒྱ་མཚོ་ཆེན་མོའི་ལྷུམས་སུ་དུར་འཇུག་བྱ་རོགས་གནང་དང

གལ་སྲིད་ང་ཡིས་ཡོ་རོབ་ཀྱི་ཆུ་ལ་རེ་སྨོན་བཅངས་པ་ཡིན་ན  ང་ཡིས་ནི
རྒྱ་ལམ་ཐོག་གི་ནག་ཅིང་འཁྱག་པའི་གྲོག་ཆུ་སྟེ ས་སྲོད་ཀྱི་དུས་སུ
སྐྱོ་ལ་སྡུག་པའི་བྱིས་པ་ཞིག་གྲོག་ཆུའི་འགྲམ་དུ་ཙོག་ནས
ཟླ་ལྔ་བའི་ཕྱེ་མ་ལེབ་ཤི་བོ་ཞིག་ནང་བཞིན་གྱི་གྲུ་ཆུང་ཞིག་གཏོང་བ་དེ་ག་ཙམ

རྦ་རླབས་ཨང  ང་ཡིས་ཁྱོད་ཀྱི་ངལ་དུབ་ཀྱི་རང་བཞིན་མངོན་པར་རྟོགས་པས
སྲིང་བལ་སྐྱེལ་འདྲེན་གྱི་གྲུ་ལམ་སྙེགས་པར་སེམས་ཀྱིས་མི་ནུས་ཤིང
ཚོན་མདོག་གི་དར་བོ་ཆེའི་འོག་ཏུ་ཤར་བགྲོད་བྱེད་པ་བཟོད་མི་ནུས་ལ
རྟ་མགོའི་(3)སྙིང་ལ་གཟན་པའི་མིག་འབྲས་ཀྱི་འོག་ཏུ་གྲུ་དཀྲུག་རྒྱུ་དེ་ལས་ཀྱང་དཀའོ།།

9.jpgཟུར་མཆན། (1) སྙན་ཚིག་འདིའི་ཁྲོད་ཀྱི“ང”ཞེས་པ་འདིས་གྲུ་ཤན་རང་ཉིད་སྟོན་གྱིན་ཡོད་དེ། སྙན་ངག་གི་མགོ་སྔ་བར་གསུམ་ཀུན་ཏུ་གྲུ་ཤན་རང་གི་མཐོང་ཐོས་མྱོང་གསུམ་ཁེར་ལབ་བྱེད་པ་ཡིན་པས། རེམ་བྷོ་ཡིས་བརྗོད་ཀྱིན་པའི“ང་ཉིད་གཞན་ཞིག་གོ”ཅེས་པ་ལག་ལེན་དུ་ཐོན་པ་ཞིག་ཡིན་ནོ།།
(2) སྐབས་དེ་ཤད་དུ་ཉ་བ་དག་རྒྱ་མཚོར་འཇུག་དུས་དེ་དག་གི་ཆུང་མ་དག་གིས་འཕགས་མ་མྰ་རེབ་ཡ་ཡི་ལྷ་སྐུའི་མདུན་དུ་མཆོད་མེ་སྒྲོན་ཏེ། རྦ་རླབས་ཀྱི་གནོད་འཚེ་མེད་པར་སྙིང་གྲོགས་དག་བདེ་འཚམས་ངང་ཕྱིར་འོང་བར་སྨོན་ལམ་འདེབས་པའི་སྲོལ་ཡོད་པས་ན་དེ་ལྟར་བཤད་པ་ཡིན་ནོ།།
(3) འདི་གར་བསྟན་པའི་རྟ་མགོ་ཞེས་པ་མ་ཡིག་ཏུ་ pontonཞེས་བྲིས་ཡོད་པ། དཔྱངས་ཟམ་དང་གྲུ་ཁ། ཡང་ན་གྲུ་མགོ་སོགས་ལ་འཇུག་པ་དང་། གཞན་དུ་བཙོན་མ་ཕར་ཚུར་བསྐྱེལ་ལེན་བྱེད་པའི་གྲུ་ཞིག་སྟེ། ནྰ་ཕོ་ལོན་དམག་རྒྱག་དུས་སུ(1804-1815)དབྱིན་ཇིའི་དམག་དཔུང་གིས་གྲུ་བོ་འདི་དག་བེད་སྤྱད་དེ་འཇུ་བཟུང་བྱས་པའི་ཧྥ་རན་སེའི་བཙོན་མ་དག་སྐྱེལ་འདྲེན་བྱས་པ་དང་། ཕ་རི་སིའི་སྤྱི་མཐུན་ཚོགས་པར་ཕམ་ཁ་བྱུང་རྗེས་སུའང་འཇུ་བཟུང་བྱས་པའི་བཙོན་མ་དག་གྲུ་འདི་དང་རིགས་འདྲ་བ་དག་གི་ནང་དུ་བཀག་ཉར་བྱས་ཏེ་རྒྱང་ཕུད་དུ་གཏང་སའི་མི་མེད་ལུང་སྟོང་དག་ལ་འཁྱེར་བར་བཤད་ཀྱིན་ཡོད་ལ། སྙན་ཚིག་འདི་སྤྱི་ལོ1871ལོ་སྟེ་ཕ་རི་སིའི་སྤྱི་མཐུན་ཚོགས་པར་ཕམ་ཁ་བྱུང་རྗེས་སུ་བྲིས་པ་ཞིག་ཡིན་པས། སྔོན་གྱི“དམར་པོ་གདོང་གི་མི”དང“ཟླ་ལྔ་བའི་ཕྱེ་མ་ལེབ་ཤི་བོ”ཞེས་པ་ནས། མཇུག་མཐའི“རྟ་མགོའི་སྙིང་ལ་གཟན་པའི་མིག་འབྲས”ཞེས་པ་སོགས་རང་ཉིད་ཅན་གྱི་བསྟན་དོན་དེ་དག་གི་ཁྲོད་དུ་ཕམ་ཁ་ཁས་ལེན་མི་འདོད་ནའང་བྱ་ཐབས་གཞན་གང་ཡང་མ་རྙེད་པའི་ཕ་རི་སིའི་སྤྱི་མཐུན་ཚོགས་པའི་འཐབ་མོ་བ་དག་གི་གྲུབ་བརྙན་མངོན་ནས་ཡོད་པ་རེད། དེ་ལ་རྐྱེན་བྱས་ཀྱིས“pontoon”ཐ་སྙད་དེ་འདི་གར་མིང་ཚིག་གཅིག་ལ་དོན་མང་པོ་སྟོན་རྒྱུ་ཡོད་པ་ཅན་ཞིག་གོ།

8.jpgངོ་སྤྲོད་རགས་བསྡུས། ཨར་ཐེའུ་རམ་བྷོ་ཡི་སྙན་ངག་རིང་མོ་《གྲུ་ཤན་བཟི་བོ》ཞེས་པ་འདི་ནི་སྤྱི་ལོ་1871ལོའི་དབྱར་ཀར་བྲིས་པ་ཞིག་ཡིན། ལོ་དེའི་སྟོན་ཁར་རམ་བྷོ་ཕ་རི་སི་ལ་གདན་འདྲེན་ཞུས་ཡོད་ཙ་ན། ཁོས་སྙན་རྩོམ་འདི་ལ་གཞི་བཅོལ་ཏེ་རང་ཉིད་དུས་སྐབས་ཐུང་ཐུང་ཞིག་གི་ནང་དུ་མིང་གྲགས་འཕེལ་བར་རེ་བའི་སེམས་ངོ་འཛིན་གྱིན་ཡོད་པས། “བརྩམས་ཆོས་འདི་ཉིད་ང་རང་ཕ་རི་སིར་ཐོན་དུས་སུ་དེ་གའི་སྙན་ངག་པ་དག་ལ་ངོ་སྦྱོར་གྱི་ཚབས་རྟགས་སུ་བྲིས་པ་ཞིག་ཡིན”ཞེས་ཟེར་གྱིན་ཡོད་པ་རེད།
རྗེས་སོར་ཁོང་གི་བརྩམས་ཆོས་རྣམས་ལ་ཝེར་ལུན་གྱིས་དགའ་གུས་ཚད་མེད་ཀྱི་བསམ་པ་བསྟན་ཞིང་། ཕན་ཚུན་ཆུ་ལ་ཆུ་བཞག་གི་སེམས་ངོ་དེས་ཁོ་གཉིས་ཀྱི་འཇིག་རྟེན་ཀུན་སྤྱོད་དང་རྦད་དེ་འབྲེལ་ཐག་བཅད་པའི་བརྩེ་དུང་གི་རྨི་ལམ་དེར་དེ་ལྟར་རོལ་མགོ་བརྩམས་ཤིང་། སེམས་ནད་བྱུང་བའི་སྐྱེས་པ་གཉིས་མལ་ཁྲི་གཅིག་གི་སྒང་ལ་འབུད་པའི་ལོ་རྒྱུས་ཀྱི་རྩེད་མཚར་དེ་ཡང་དེ་ལྟར་མི་རུང་བ་ནས་རུང་བར་གྱུར་ཅིང་། དམར་འཛིང་དང་བཙོན་འཇུག ནད་ཡམས་སོགས་ཀྱིས་སྙན་ངག་བརྩམས་ཆོས་ལས་ཀྱང་རིང་བའི་ཟློས་གར་གྱི་འཁྲབ་ཡོལ་ཞིག་ཕྱེ་ནས་ཡོད་པ་རེད།
ཨར་ཐེའུ་རམ་བྷོ་ཡི་བརྩམས་ཆོས་ཀྱི་རྒྱུད་དུ་སིམ་པའི་ཡ་མཚན་ཅན་གྱི་ཁ་དོག་གི་སྣང་བའི་འཇིག་རྟེན་དེ་དག་ནམ་དུ་ཡང་རང་གི་ཟང་ཟིང་གི་འཚོ་བ་དང་དེ་ཉིད་དུ་སྦྱོར་ཐུབ་པ་དེས། མཚོན་བྱེད་རིང་ལུགས་པའི་སྙན་ངག་པ་མང་པོ་ཞིག་གིས་འཇིག་རྟེན་གྱི་ངོ་གདོང་བསྒྱུར་བའི་ཐབས་སུ་མཚོན་དོན་གྱི་ཐབས་རྩལ་སྤྱོད་ཀྱིན་ཡོད་པ་དེ་ལ་འཐུས་སྒོ་ཚང་བའི་གཞུང་ལུགས་ཀྱི་ལམ་བུ་ཞིག་བཏོད་ཡོད་པར་བཤད།
གཞན་ཡང་ཨར་ཐེའུ་རམ་བྷོ་ཡིས་སྙན་ཚིག་གི་ཡི་གེ་རེ་རེ་ལ་སྒྲ་དང་ཁ་དོག་དེ་བཞིན་དམིགས་སུ་གཏན་ལ་ཕབ་པའི་བརྩེ་དུང་གི་ཁྱད་ཆོས་རེ་བཟུང་བ་ནས་ཁ་དོག་དང་སྒྲ་གཉིས་ཕན་ཚུན་བརྗེས་པ་ལས་མིག་ཤེས་དང་རྣ་ཤེས་གཉིས་འཆོལ་བ་དང༌། བཟོ་དབྱིབས། ཁ་དོག དྲི། སྒྲ། འགུལ་བསྐྱོད་ལ་སོགས་པའི་གྲུབ་ཆ་རྣམས་ཀྱང་འདྲེས་སྦྱོར་གྱིས་གསོན་ཉམས་ལྡན་པའི་གཟུགས་བརྙན་སྣ་ཚོགས་གྲུབ་པའི་སྒྱུ་རྩལ་གྱི་རང་སྣང་དེ་མངོན་པ་ཞིག་ཡིན་པ་དེས་ཁོས་མཆོག་གྱུར་གྱི་ལྷན་སྐྱེས་དེ་མངོན་ནས་ཡོད་པ་རེད།
སྙན་ཚིག་འདིའི་ཁྲོད་དུ་རང་ལོ་བཅུ་བདུན་མ་ལོན་པའི་ལོ་ཆུང་སྙན་ངག་པ་ཞིག་གི་སྟོང་བསམ་གྱི་ཤུགས་བསྟན་ལས་སྤྱི་ཚོགས་ཀྱི་སྨྱོ་སྦྱོར་ལ་ངོ་ལོག་གི་བསྟན་བཤིག་བསླངས་ནས་ཡོད་ལ། དངོས་ཡོད་ཀྱི་རྒྱ་མཚོ་མ་མཐོང་བར་འཕྲུལ་ཤེས་ཀྱི་དབང་སྟོབས་དེས་ཀློག་པ་པོ་དག་ལ་དངོས་པོའི་ཆོས་ཉིད་ལས་འདས་པའི་སྣང་བརྙན་གཞན་ཞིག་གི་ཚིམས་སྣང་དེ་མངོན་དུ་སྤྱོད་བཅུག་པར་ཕུན་སུམ་ཚོགས་པའི་རེ་འབྲས་ལྟེམས་ནས་ཡོད་པ་ནི། རམ་བྷོ་ཡིས་“ལུང་བསྟན”གྱི་ཆོས་ཉིད་ཟབ་པའི་སྙན་ངག་གི་གོ་སྦྱོར་ལྟར། སྙན་ངག་པ་ལ་མི་ཕལ་བའི་དབང་ཤེས་ཀྱིས་འཛིན་པར་དཀའ་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ཞིག་ཡོད་པར་བཤད་ཅིང་། སྙན་ངག་ངོ་མ་ཞིག་འབྲི་བ་ལ་“འཕོ་བ་གྲོང་འཇུག”ནང་བཞིན་གྱི་ཉམས་ལེན་ཁོ་ནས་རང་གི་སྐྱེ་མཆེད་དག་ཕན་ཚུན་མགོ་མཇུག་ལྡོག་ན་མ་གཏོགས་མི་ཕྲིས་པ་ཞིག་ཏུ་བརྗོད་པ་དེས་ཆང་རག་དང་དུ་ནག་སོགས་བེད་སྤྱད་དེ་དབང་བོར་ན་ཟུག་བསྐྱེད་པ་དེས་ད་གཟོད་སྟོང་བསམ་དང་རྨི་ལམ་འདྲེས་སྦྱོར་གྱི་སྣང་བ་ཟ་ཟིས་ཀུན་རྫོབ་དེ་དོན་དམ་གྱི་འཇིག་རྟེན་ངོ་མ་ཞིག་ཏུ་བསྐྱེད་ཐུབ་པར་བརྗོད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨར་ཐེའུ་རམ་བྷོ་ཡི་སྙན་ངག་རིང་མོ་ཞིག་གི་འགྱུར།

2014-12-15 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།