སྨྲ་བསམ་བརྗོད་མེད། སྙན་ངག

      སྨྲ་བསམ་བརྗོད་མེད། ( ཞར་བཀོད་གཅིག )

སྟོང་བའི་མེ་ལོང་གི་དབུས་སུ   འོད་ཟེར་གྱི་སྡོམ་རྒྱ་ཞིག་བཟོས
སྐུད་པ་རེ་རེའི་ངོས་ལ   ཆགས་འཇིག་གི་རི་མོ་རེ་ཕབ
སྣང་བའི་རྒྱབ་ཏུ་བསྐུངས་པའི་རྟེན་འབྲེལ་གྱི་རྡུལ་ཕྲ་རབ་དག
ཡུལ་དུས་ཀྱི་ངེས་པ་མེད་པར   སྡོམ་སྐུད་ཀྱི་སྟེང་ལ་ཟགས་ཏེ
ཁ་དོག་སྣ་ཚོགས་ཀྱི་རྨི་ལམ་ཞིག་བཞེངས

རྨི་ལམ་གྱི་སྟེང་ལ་རྨི་ལམ་གྱི་བང་རིམ་བརྩིགས་པས
མཆོད་རྟེན་གྱི་གཟུགས་སུ་གྲུབ་པའི་ནམ་མཁའ་སྔོན་པོ་ཞིག
རྨི་ལམ་གྱི་ཞིང་དུ་འཁོད    མེ་ལོང་གི་དབུས་སུ་འཆར

སྟོང་བསམ་གྱི་ཟམ་པ་གཏོར་བའི་སྐད་ཅིག་མའི་དུས་དེ་ལ
རྨི་ལམ་གྱི་ཆག་ཀྲུམ་མཐའ་དག    སྐར་མ་རེ་རེར་གྱུར་ཞིང
ནམ་མཁའ་སྔོན་པོ་དེའི་གཞུང་ལ་བཀྲམ

འཇའ་རིས་ཀྱི་ཀློང་ནས་མངོན་པའི་གཟུགས་མེད་ཀྱི་ལག་པ་དེས
ཡིད་ཀྱི་རྩིག་ལྡེབས་ངོས་སུ་ཡིད་བརྙན་གྱི་ཕྲ་ཚོམ་བཀོད་པས
ནམ་མཁའི་གཙང་བོ་དལ་གྱིས་རྨི་ལམ་དུ་བཞུར

སེམས་ཀྱི་བང་རིམ་ལས་བཏོན་པའི་འོད་ཀྱི་སྣང་བ་མཐའ་དག
ཡུལ་དུས་ཀྱི་ངེས་པ་མེད་པར    སྡོམ་སྐུད་ཀྱི་སྟེང་ལ་ཟགས་དུས
སྐུད་པ་རེ་རེའི་ངོས་ལ    ཆགས་འཇིག་གི་རི་མོ་རེ་བྱོན
སྟོང་བའི་མེ་ལོང་གི་དབུས་སུ    འོད་ཟེར་གྱི་སྡོམ་རྒྱ་ཞིག་བཟོས།

                                                                   May 8,2013

           སྔོ་ཚོད་ཚོང་ར།

འཛེར་སྐད་ལས་བཏོན་པའི་སྡིག་རྭའི་ཁྱུ་ཚོགས་དེ
ནག་ཉུག་ཉུག་གིས་བུད་མེད་ཅིག་གི་རྣ་སྒོར་ཐོན་དུས
འོད་འཚེར་བའི་ཕ་ལམ་གྱི་རྣ་རྒྱན་དག
མིག་ཤེལ་གྱོན་པའི་སྐྱེས་པ་དག་གི་ལྕེབས་ཐག་རེ་རེར་གྱུར་ཞིང
རྨི་ལམ་ཁྲོད་འབུ་བཞིན་པའི་མྱུ་གུ་དག་ས་འོག་ནས་སྐམ་སོང

 ཉི་མའི་རླུང་འཚུབ་ཀྱིས
འཚོ་བའི་ཆུ་ཁོལ་ལྷོག་ལྷོག་གདུ་རུ་བཅུག་པའི་སྐད་ཅིག་མ་དེ་ལ
ཕྱི་ནང་མེད་པའི་ཁྱོད་ཀྱི་ལུས་པོ   རུལ་མྱགས་སུ་གྱུར་ཞིང
མྱ་ངམ་ཐང་གི་སྨུག་སྒྱུའི་ཕོ་བྲང་གི་རྩེ་ལ   མེ་ལྕེས་དུ་བ་ཞིག་གཙུབས

གཏམ་རྒྱུད་ཀྱི་གླེགས་ཐག་གྲོལ་བའི་སྐྱོ་གར་གྱི་ན་བུན
མཚམས་དང་མཚམས་སུ་ལྡང་བས
ཉ་བའི་སེམས་ནང་གི་ཡིད་འཕྲོག་ལྷ་མོ
གླེགས་བམ་གྱི་ཁོངས་གསེང་ནས
རྒྱལ་སྲས་ཤིག་གི་རྨི་ལམ་དང་ལྷན་དུ་རྒས་པར་གྱུར
 
གློ་བུར་ཁ་ཕྱིར་འཁོར་དུས   མུན་ནག་གི་སྲིང་བལ་ལས
དུས་ཚོད་ཀྱི་ལྕེབས་ཐག་ཅིག་བཏགས་ནས་འདུག 

                                                    September 3,2012

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲ་བསམ་བརྗོད་མེད། སྙན་ངག

2014-12-22 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།