ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་གྱི་ཆེད་བསྒྲིགས།

005.jpgཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། ༡༩༣༡ལོའི་ཟླ༤བའི་ཚེས༡༥ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་རུ་སྐུ་བལྟམས། ཁོང་ཉིད་སུའེ་ཏེན་གྱི་སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་རྒྱས་པའི་སྙན་ངག་པ་ཡིན་ཞིང་། “དུས་རབས་ཉི་ཤུ་བའི་ཆེས་མཐའ་མཇུག་གི་སྙན་ངག་པའི་གཙུག་གི་རྒྱན”ཞེས་པའི་མཚན་སྙན་གནང་ཡོད། ཁོང་ཉིད་སྙན་ངག་པ་ཞིག་ཡིན་པ་མ་ཟད། ད་དུང་སེམས་ཁམས་རིག་པ་བ་ཞིག་དང་ལོ་ཙཱ་བ་ཞིག་ཀྱང་ཡིན་པ་རེད།
ཁོང་གི་གཞོན་དུས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བའི་ཉམས་མྱོང་གཞིར་བཟུང་སྟེ་ལོ་ན༢༣སྟེ༡༩༥༤ལོར《སྙན་ངག་ཚན་པ་བཅུ་བདུན》ཞེས་པ་པར་དུ་བཏབ་པས་སུའེ་ཏེན་གྱི་རྩོམ་སྟེགས་ལ་གཡོ་འགུལ་ཆེན་པོ་བྱུང་སྟེ་སྐབས་དེའི་སུའེ་ཏེན་རྒྱལ་ཁབ་ཀྱི་རྩོམ་རིག་གི་དོན་བྱ་གལ་ཆེན་ཞིག་ཏུ་གྱུར། མི་ལོ་བཞིའི་རྗེས་སུ་ཡང་བསྐྱར་སྙན་དེབ《ལམ་གྱི་གསང་བ》ཞེས་པ་པར་དུ་བསྐྲུན་པར་ཁོང་ཉིད་སུའེ་ཏེན་གྱི་སྙན་ངག་ལ་ཁ་ཕྱོགས་འཁྲིད་ཐུབ་མཁན་གྱི་སྙན་ངག་པ་ཞིག་ཏུ་གྱུར་ཞིང་། སྐབས་དེ་ནས་བརྩིས་ཏེ་མི་ལོ་བཞི་ལྔ་རེའི་མཚམས་སུ་ཁོང་གིས་སྙན་དེབ་རེ་པར་སྐྲུན་བྱས་ནས་ད་ལྟ་ལ་ཐུག་གི་བར་སྙན་དེབ་བཅུ་གཉིས་ཙམ་པར་ཟིན་མོད། ཁོང་གིས་མི་ཚེ་གང་བོར་སྙན་ཚིག་ཉིས་བརྒྱ་ཙམ་ལས་བྲིས་མེད་པས་ན་དཔྱད་བརྗོད་པའི་སྡེ་རུ་ཁོང་ལ“རྡོ་རྗེ་ཕ་ལམ་གདུལ་བ་བཞིན་སྙན་ངག་འབྲི་མཁན་གྱི་མི”ཞེས་པའི་ཆོ་ལོ་གནང་ཡོད་པ་དང་། ༡༩༩༠ལོ་ནས་བཟུང་ཁོང་གི་གཡས་སྟོད་ཀྱི་ལུས་པོ་གཉན་ནད་ཀྱིས་བཟུང་སྟེ་སྨྲ་བརྗོད་ཀྱི་ནུས་པར་ཚད་བཀག་ཐེབས་མོད་ཁོང་གིས་རང་ཉིད་གཟིམ་ཁྲི་མཐའ་ཅན་དུ་འགྱུར་རག་བར་སྙན་ངག་གསར་རྩོམ་གྱི་རྒྱུན་བསྐྱངས་ནས་ཡོད་པ་དང་། ཁོང་གི་བརྩམས་ཆོས་ཡིག་རིགས་དྲུག་ཅུ་ལྷག་ལ་ལོ་ཙཱ་བྱས་ཡོད།
དར་མའི་དུས་ཀྱི་མི་ཚེ་ཧྲིལ་བོ་ན་ཆུང་ནག་ཉེས་ཅན་ལ་བདག་སྐྱོང་བྱེད་པའི་ལས་ཀ་ཁོ་ནས་ཆུད་འཛའ་ནའང་། སྙན་ངག་པ་དང་ཉེས་ཅན། སྙན་ངག་དང་བཙོན་ཁང་བཅས་ཕན་ཚུན་འབྲེལ་མེད་ཀྱི་ལས་ཀ་དང་ཁོར་ཡུག་དེས་ཁོང་གི་སྙན་ངག་ལ་གཞན་དྲིང་མི་འཇོག་པའི་ཁོ་ལག་རྒྱས་སུ་བཅུག་ཡོད་པ་རེད།
༢༠༡༡ལོར་སུའེ་ཏེན་གོང་མའི་སློབ་གླིང་གིས༼ཁོང་གིས་རབ་ཏུ་དམ་ཞིང་ཕྱི་གསལ་ནང་གསལ་ཡིན་པའི་ཡིད་བཪྙན་ལ་བརྟེན་ནས་མངོན་སུམ་ལ་འཇུག་པའི་ལམ་གསར་བ་ཞིག་བཟོས་ཡོད༽ཅེས་པའི་མིང་ཐོག་ནས་ལོ་དེའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཁོང་ལ་གནང་།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལགས་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཆེས་རླབས་ཆེ་བའི་སྙན་ངག་པ་དང་རྩོམ་པ་པོ་ཚོའི་ཁྲོད་ཀྱི་གཅིག་ཡིན་པ་དང་། དེང་གི་ཡོ་རོབ་ཀྱི་སྙན་ངག་གི་སྡིངས་ཆ་ནས་ཆེས་ཕུལ་དུ་བྱུང་བའི་མཚོན་དོན་རིང་ལུགས་དང་། དངོས་ཡོད་ལས་བརྒལ་བའི་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཏུ་ཀུན་གྱིས་ཁས་ལེན་ཞིང་དུས་རབས་ཉི་ཤུ་བ་རྫོགས་ལ་ཉེ་དུས་སུ་སྙན་པའི་གྲགས་པའི་ཅོད་པན་གྱིས་ཀུན་ནས་བརྒྱན་པར་གྱུར་ཡོད་པས། ཁོང་གི་སྙན་ངག་ལ་དགའ་བའི་ཀློག་མཁན་མང་པོ་ཞིག་གིས་ཁོང་ནི་མིག་སྔའི་བར་འཇིག་རྟེན་དུ་འཚོ་གཞེས་གནང་ཡོད་པའི་ཡོ་རོབ་གླིང་གི་སྙན་ངག་པ་ཆེས་ཕུལ་དུ་བྱུང་བ་ཡིན་པར་འདོད་ཡོད།
༢༠༡༥ལོའི་ཟླ༣པའི་ཚེས༢༦ཉིན། སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལགས་སྨན་ཁང་ནས་ནད་ཀྱིས་གདུང་སྟེ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ༨༣ཡིན་པ་རེད།།

 ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལ་བཅར་འདྲི་བྱས་པ།

06.jpgལིས་ལིས། (李笠) ཁྱོད་རང་ལ་རྩོམ་པ་པོ་གང་དག་གིས་ཤན་ཐེབས་མྱོང་།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། ཧ་ཅང་མང་སྟེ། ཨེ་ལུའུ་ཐྲི(T. S. El iot,1888—1965)དང་ཕཱ་སི་ཅའེ་ནཱ་ཁུ།(Boris Pasternak,1890—1960) ཨེ་ལོའུ་ཡ།( Paul éluard,189–1952) སུའེ་ཏེན་གྱི་སྙན་ངག་པ་ཨའེ་ཁི་ལའོ་ཧྥུའུ་(Gunnar Ekel?f,1907—1968)སོགས་མང་ངོ་།།

ལིས་ལིས། ཁྱོད་ཀྱིས་བལྟས་ན་སྙན་ངག་གི་ཁྱད་ཆོས་དེ་གང་རེད་འདོད།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། རབ་ཏུ་དམ་པ་སྟེ། བརྗོད་པ་ཟོར་ཡངས་ལ་དོན་གྱི་རྒྱབ་ལྗོངས་སྟུག་པ་ཅན་ཞིག་ཏུ་འདོད།

ལིས་ལིས། ཁྱོད་ཀྱི་སྙན་ངག་དེ་རོལ་དབྱངས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ནམ།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། ང་ཡི་སྙན་ངག་ལ་རོལ་དབྱངས་ཀྱི་བརྗོད་པའི་ཤན་ཟབ་མོ་ཞིག་ཐེབས་ཡོད་དེ། དེ་ཡང་བརྗོད་པ་དང་ཚོར་སྣང་གང་ཞིག་རྣམ་པ་རུ་འཕོས་པའི་ཆེས་མཐར་ཐུག་གི་འཕྲོས་རྟོག་ཅིག་ཏུ་འདོད། རྣམ་པ་ཁོ་ནའི་སྟེང་བཤད་པ་ཡིན་ན་ངའི་སྙན་ངག་རི་མོ་དང་ཐག་ཉེ་སྟེ། ང་རི་མོ་འབྲི་རྒྱུར་དགའ་ཞིང་ན་ཆུང་གི་དུས་ནས་ངས་སྐྱ་རིས་བྲིས་མྱོང་ངོ་།།

ལིས་ལིས། ཁྱོད་ཀྱིས་འབྲི་ཐབས་ཀྱི་ཐད་ལ་ཇི་ལྟར་སེམས་ཀྱི་ཡོད།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། སྙན་ངག་པ་ཞིག་ཡིན་ན་རང་གིས་སྤྱད་ཟིན་པའི་འབྲི་ཐབས་དེ་ངེས་པར་འདོར་ཐུབ་དགོས་ལ། བློས་གཏོང་དང་ཉུང་བསྡུའི་བློ་སྟོབས་མངའ་བ་ཅན་ཞིག་ཡིན་དགོས་པ་མ་ཟད། ཐ་ན་ཁུངས་བཙུན་པའི་གནས་ལུགས་དག་རྒྱབ་ཏུ་བསྐྱུར་ནས་སྦས་པའི་ཚུལ་འཛིན་པའི་སྙན་ངག་པ་ཞིག་བྱ་དགོས་སོ།།

ལིས་ལིས། ཁྱོད་ཀྱི་སྙན་ངག་སྟེ། ལྷག་ཏུ་སྔ་དུས་ཀྱི་སྙན་ངག་ཁྲོད་དུ་རང་ཉིད་ཀྱི་དུངས་ཚོར་བློས་གཏོང་གི་བཟོ་འདྲ་མཐོང་རྒྱུ་ཡོད་པའི་བློ་དེ་ཡང་དག་ཅིག་རེད་འདོད་དམ།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། སྙན་ངག་འབྲི་བའི་དུས་སུ་ང་རང་གིས་རང་ཉིད་ནི་བསོད་བདེ་དང་མནར་སྡུག་གི་རོལ་ཆ་ཞིག་ལ་མྱོང་འཇུག་ཐུབ་པ་ནི། ངས་སྙན་ངག་འབྲི་བ་མ་ཡིན་པར། སྙན་ངག་གིས་ང་རང་འབྲི་གིན། བཙན་གྱིས་སྙན་ངག་ཉིད་མངོན་པར་མཚོན་གྱིན་ཡོད། སྙན་ངག་ཅིག་འགྲུབ་པ་ལ་དུས་ཚོད་ཤིན་ཏུ་རིང་མོ་ཞིག་དགོས་ཏེ། སྙན་ངག་ནི“གློ་བུར་བའི་སེམས་ཁམས”མཚོན་པ་ཙམ་གྱིས་མཇུག་རྫོགས་སོང་བ་ཞིག་མ་ཡིན་པར། སྲིད་པའི་འཇིག་རྟེན་ངོ་མ་ནི་སྐད་ཅིག་མའི་ཡུན་ལ་མི་སྣང་བར་གྱུར་བའི་རྒྱུན་དེ་དང་སྤྱི་ཁོག་དེ་གཉིས་འགལ་ཟླའི་ཕུང་བོ་གཞི་གཅིག་ཏུ་གྲུབ་པ་དེ་འདྲ་ཞིག་རེད་འདོད།

ལིས་ལིས། མི་འགའ་རེས་ཁྱེད་ཉིད་ཡོན་ཏན་ཅན་གྱི་སྙན་ངག་པ་ཞིག་ཏུ་བརྗོད་ཀྱིན་པར་ཁྱོད་རང་གིས་གང་བསམ་གྱིན་ཡོད།
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། ཡང་མི་འགའ་རེས་ང་ཡི་སྙན་ངག་ལ་ཤེས་རབ་མེད་པར་འདོད་ཀྱིན་ཡོད། སྙན་ངག་ནི་ནང་སེམས་ལས་བྱུང་བའི་དངོས་པོ་ཞིག་ཡིན་པས་ན། རྨི་ལམ་དང་ཆ་འདྲ་བར་ནང་སེམས་ཀྱི་དངོས་པོ་གང་ཞིག་ཕན་ཚུན་གང་ནི་ཤེས་རབ་དང་གང་ནི་ཤེས་རབ་མ་ཡིན་པར་ཤིན་ཏུ་དབྱེ་བ་འབྱེད་དཀའ་ལ། དེ་དག་ནི་སྙན་ངག་གིས་ཅི་ཞིག་བརྗོད་འདོད་ཀྱི་སྤྱི་ཁོག་ཙམ་ལས་བླང་དོར་བྱ་དགོས་པ་ཞིག་མ་རེད། ངའི་བརྩམས་ཆོས་གང་ཞིག་སྤྱིའི་ཆ་ནས་རྒྱུན་ལྡན་དཔྱོད་ཤེས་ཀྱིས་གོ་བ་འཇུག་པར་གཡོལ་ཡོད་དེ། ངའི་ཀློག་མཁན་རྣམས་ལ་མྱོང་འཇུག་གི་རང་དབང་ཁོད་ཡངས་པ་ཞིག་བསྩོལ་འདོད་པས་ཡིན།

ལིས་ལིས། སྙན་ངག་གི་ངོ་བོ་ནི་ཅི་ཞིག
ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར། སྙན་ངག་གིས་བྱ་དངོས་གང་ཞིག་ལ་མྱོང་འཇུག་བྱས་པའི་བློ་དེ་བསྐྱར་དུ་ངེས་ཟིན་པ་དེ་སྟོན་པ་མ་ཡིན་པར་སྟོང་བསམ་ཞིག་མཚོན་པ་ཡིན་པས། སྙན་ཚིག་གཅིག་ནི་ངས་སྙན་ངག་དེ་སད་བཞིན་རྨི་ལམ་རྨིས་སུ་བཅུག་པ་ཞིག་ཡིན། སྙན་ངག་གི་གལ་ཆེའི་ལས་ཀ་དེ་བསམ་པའི་འཚོ་བཅུད་བཟོ་རྒྱུ་དེ་དང་། གསང་བ་ལྐོག་གྱུར་དེ་མཚོན་བརྗོད་བྱེད་པ་དེའོ། ། 07.jpg

ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་གྱི་སྙན་ངག་ཚན་པ་གཅིག

                         ཀའོ་ཀི་ལེ།

ཕྱི་གོས་རྙིང་རལ་དུ་གྱུར་བ་སྤྱང་ལྟོགས་ཁྱུ་ཞིག་དང་དབྱེར་མེད་ལ
ངོ་གདོང་ཉིད་རྡོ་ཀ་མ་རུ་ཞིག་དང་མཚུངས
འཕྲིན་ཡིག་གི་ཚལ་དུ་ཙོག་ན
མཐོང་ཆུང་དང་ནོངས་འགྱོད་ཀྱིས་ཅ་ཅོ་སྒྲོག་པའི་ལྗོན་ཚལ་དུ་ཙོག་ན
ཨོ སེམས་པ་དམར་པོ་ཤོག་བུ་ཐར་གཅིག་གྲང་སྣང་གིས་ཟིན་པའི་ལམ་ཁར་སྤུར་བ་ནང་བཞིན

དུས་སྐབས་འདི་ལ
ནུབ་ཁ་ཝ་མོ་ཞིག་བཞིན་རྒྱལ་ཁམས་ཀྱི་ལྷུམས་སུ་གཤེགས་ཏེ
སྐད་ཅིག་དེ་ཉིད་ལ་རྩྭ་སྔོན་སྦར་བར་བྱས
སྟོང་བའི་དབྱིངས་སུ་རྭ་ཅོ་དང་རྨིག་པའི་ཁེངས་ལ དེ་ཡི་ཞབས་སར
ཤིང་རྟ་དེ་གྲིབ་གཟུགས་ཤིག་དང་དབྱེར་མེད་པར་བདག་གི་ཡབ་ཆེན་ལས་འདྲེད་དེ
སྒྲོན་མེ་བཀར་བའི་གཞིས་ཀ་རུ་ལྷགས་བྱུང

པའེ་ཏི་པའོ་དང་གཏོར་བརླག་ཐིག་རིས་གཅིག་ཏུ་བཀོད
(ཁྱོད་ཀྱིས་འཁྱོག་གཟུགས་མཆོད་རྟེན་སྟེང་ནས་མཐོང་བྱུང་ངམ)
ལྭ་རིང་གྱོན་པའི་ཉམ་ཐག་གི་མི་དེ
མཚོ་འབུ་ཞིག་ནང་བཞིན་འཁྱག་གྲང་གྲང་གི་ཁྲོམ་སྲང་ན་འཁྱམས
འདི་གར སྨྱུང་གནས་སྲུང་མཁན་གྱི་མི་དེ་དགོད་སྐྱེན་པའི་དུད་འགྲོའི་ཚོགས་ཀྱིས་བསྐོར་ནའང
དུད་འགྲོའི་ཚོགས་སྔར་ནས་ལྗོན་ཤིང་གི་རྩེ་མོར་འཕགས་པའི་རྒྱང་རིང་སྟེ
མི་ཚོགས་ཀྱིས་སྒུལ་བའི་སྒྲོག་ཙེ་ལས་བརྒལ་ཚར་འདུག

ལྟོས་ཤིག ཕྱི་རོལ་ན སྨག་རུམ་གྱིས་སྲ་གཟུགས་སུ་གྲུབ་པའི་རྣམ་ཤེས་ཀྱི་དགུ་ཚིགས་ཤིག་བཙོ་སྦྱངས་བྱས་ཡོད་པས ཁྱོད་རང་གི་མེ་ལྕེའི་ཤིང་རྟར་སྡོད་ལ
རྒྱལ་ཁམས་འདི་བརྒལ་བར་རྩོམས་ཤིག་ཨང་།

08.jpgཟུར་མཆན། ཀའོ་ཀི་ལེ་ནི་ཨུ་རུ་སིའི་དུས་རབས་བཅུ་དགུ་བའི་ནང་གི་ཆེས་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་ཡིན་པ་དང་། ཚབ་མཚོན་བརྩམས་ཆོས་ལ་སྒྲུང་རིང《རྣམ་ཤེས་ཤི་བོ》དང་སྤྲོ་གར《གོང་མའི་ཕོ་ཉ》སོགས་ཡོད། ཁོང་གི་འཚར་ལོངས་ཁྲོད་ཀྱི་དོན་ཁ་ཤས་ཤིག་སྙན་ངག་འདི་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ལ། ཁོང་ཉིད་ཡུག་རེན་གྱི་མི་དྲག་གི་ཁྱིམ་རྒྱུད་ཅིག་ཏུ་སྐུ་བལྟམས་ནའང་། གཞི་རིམ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཡབ་ལགས་ཁོ་ཆུང་ངུའི་དུས་སུ་སྐུ་འདས་པས། ཁོ་རང་ཁྱིམ་ནས་ཁྱིམ་མེད་པར་པའེ་ཏི་པའོ་རུ་སོང་སྟེ་འཚོ་ཚིས་ཀྱི་ལས་བྱེད་འགོ་བརྩམས་པ་ནས་ཕོར་ཁེན་སོགས་ངོ་ཤེས་པ་དེས་པའེ་ཏི་པའོ་ཁོའི་མི་ཚེ་ཁྲོད་ཀྱི་ཆེས་གལ་ཆེ་བའི་གྲོང་ཁྱེར་དུ་གྱུར་ཡོད་པ་དང་། ཁོང་གི་མི་ཚེ་ནི་དབུལ་ཕོངས་ཀྱི་མནར་སྡུག་འོག་སྐྱེད་ཅིང་ལོངས་པ་ཞིག་སྟེ་ཚེ་གང་བོར་མི་ཧྲེང་དུ་བསྡད་དེ་ལོ་ན་བཞི་བཅུ་ཞེ་གསུམ་སྟེང་སྐུ་ཚེ་འཕེན་པ་རྫོགས་ཤིང་། འཆི་ཁ་མར་ཆོས་དཔོན་ཞིག་གིས་ཁོ་རང་ལ་དབང་བསྒྱུར་ཏེ་དེའི་ཐུགས་འདུན་ལྟར《རྣམ་ཤེས་ཤི་བོ》ཞེས་པའི་བམ་པོ་གཉིས་པའི་མ་ཡིག་མེ་ལ་བསྲེགས་པ་མ་ཟད། སྨྱུང་གནས་སྡོམ་པ་སྲུང་གིན་ཟས་ལ་ཚོད་བཟུང་བ་དང་། རྨི་ལམ་མི་འབྱུང་བའི་ཆེད་བསྟུད་མར་གཉིད་བཀག་པས་ན་ནད་ཀྱིས་ཟིན་ཏེ་ཚེ་ལས་འདས་པ་ཞིག་ཡིན་པས། ཁོང་གི་མི་ཚེའི་རྒྱབ་ལྗོངས་ཧྲིལ་བོ་སྙན་ངག་གི་སྒྲོམ་གཞིར་བཅག་ནས་ཡོད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་གྱི་ཆེད་བསྒྲིགས།

2015-04-03 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།