སྙན་ཚིག་ཚན་པ་བཞི།

             སྤྲིན་པའི་རབ་ཁ་བརྒལ་དུས།

ས་གཞིའི་སྐྱི་པགས་ཀྱི་སྟེབ་གཉེར་བར་ནས་མངོན་པའི
དབང་རྩའི་འདབ་ལག་དག་ལ
ལྗོན་ཤིང་གི་ཡལ་ག་འབུ་དུས་སུ
འཇིག་རྟེན་ཧྲིལ་བོ་ནུར་བགྲོད་བྱེད་ཀྱིན་པའི
གསེར་གྱི་རུས་སྦལ་ཞིག་སྟེ
རྐང་བ་གཅིག་སྤྲིན་པའི་རབ་ཁར་འཛུགས་ཀྱིན
རྣམ་རྟོག་གི་ཕོ་བྲང་ལས་སྣང་མིན་གསལ་མིན་དུ
སེམས་པའི་རྒྱབ་ཕྱོགས་སུ་འཛུར་སོང

སྲོག་ལྡན་གྱི་ས་བཀྲ་དེ
རླུང་གིས་སྒུལ་བ་བསམ་ན
སྐར་ཚོམས་ཀྱི་ཡིབ་སྒུག་ལ་བཙན་རྫོང་བརྩིགས་བྱེད་ཀྱི
མུན་པའི་སོ་ཕག་དག་ཀྱང
བྱེད་པ་པོ་གང་ཞིག་གིས་བྱ་བ་བྱས་པ་ཞིག་མ་ཡིན་པར
རང་བྱུང་གི་རླུང་འཁོར་དེ་ལས་བསྐྱེད་པའི་སེམས་ཅན་ཞིག་རེད

མདུན་ཕྱོགས་ཀྱི་དམིགས་པ་ཡོངས་སུ་ཚར་དུས
ངས་ད་གཟོད་དུས་ཚོད་ལ་ཚེ་སྲོག་གིས་སྟོང་ནས་ཡོད་པ་ཤེས་བྱུང་།

     2012ལོའི་ཟླ་4བའི་ཚེས་11ཉིན་པེ་ཅིང་དུ་བསྐྱོད་པའི་ལམ་བར་དུ་བྲིས།

            ས་འོག་ལྕགས་ལམ།

འཆར་གཞི་མཐའ་དག་དྲང་ཐིག་ཏུ་གྱུར་དུས
ལྕགས་ལམ་གྱི་གདོང་ནས་རྔུལ་ཆུ་བཞུར་བ་ཚོར་ཞིང
མི་རྣམས་ཀྱི་མིག་འབྲས་ནི
རྒྱུན་བུ་གཅིག་ལ་བརྒྱུས་པའི་ཅ་ལག་དག་དང་འདྲ་བར
ཕན་ཚུན་སྣོལ་བའི་ཁྲོག་ཁྲོག་གི་སྒྲ་ཙམ་ལས
ཅི་ཡང་ཐོས་རྒྱུ་མི་འདུག

སྒོ་འབྱེད་ཚུལ་དེ    མཇུག་བསྡུ་སྟངས་ཤིག་དང
ཡང་ན་མགོ་རྩོམ་སྟངས་ཤིག་ཡིན་པ་དེས
དུས་ཚོད་ཀྱི་ཕ་བོང་ལ་ཁུང་བུ་བཏོད་ནས་ཡོད་པས
རྒྱུགས་ཤར་གློད་གྱིན་པའི་མེ་འཁོར་གྱི་འགྲོས་ཚད་ཁོ་ན
ད་གཟོད་རྟག་པར་ངེས།

      2012ལོའི་ཟླ་4བའི་ཚེས་14ཉིན་པེ་ཅིང་ས་འོག་ལྕགས་ལམ་གྱི་ས་ཚིགས་ག་གེ་མོ་ནས་བྲིས།

            བཙུན་མོའི་གཞིས་སྒར་ལ་མཇལ་བ།

རྐང་རྗེས་ལས་མངོན་པའི་མཆུ་སྒྲོས་དག་ལ་སེར་ཁ་གས་པ་དེས
ལོ་རྒྱུས་ནི་དམ་བུ་ཞིག་དང
བརྩེ་དུང་ནི་ཐག་པ་ཞིག་ཡིན་པ་གསལ་བོར་ཤེས་སོང

མེ་ལོང་ལས་ཪྙེད་པའི་སེམས་ཅན་དེ
སླར་ཡང་མེ་ལོང་གི་ཁྲོད་དུ་འཇིག་གིན་པར་བསམ་ན
མངལ་སྒོར་མདུད་པ་བརྒྱབ་པའི་ལྡེ་མིག་དེ་ཁོ་ན
རང་གི་སྙིང་གྲོགས་ཡིན་ཞིང
གཉིད་ལ་ཤོར་བའི་རླུང་བུ་དག་གི་རྔུར་སྒྲ་ལས
རྡོ་ལ་རི་མོ་བབས་པའང
རྨི་ལམ་གྱི་ལུང་བསྟན་ཙམ་ཞིག་མིན་པ་གསལ་བོར་ཤེས་སོང་།

                   2012ལོའི་ཟླ་4བའི་ཚེས་14ཉིན་གནའ་བོའི་ཕོ་བྲང་དུ། 

             ལྕགས་རི་རིང་བོ།

སྒྲོ་སྤུ་ཐོར་བའི་བྱ་རྒོད་དེས
གཤོག་པ་ནམ་མཁར་བརྐྱངས་ནས་ཡོད་ཀྱང
ལྷུ་ཚིགས་ཀྱི་བར་སྲིབ་ཀུན་ཏུ་འཚང་བའི
མི་ཚོགས་ཀྱི་གཡོ་འགུལ་དེས
ལྕགས་རི་རིང་བོ་ནི
རས་ཡོལ་གྱི་སྟེང་དུ་ཕབ་པའི་ཆུ་ཚོན་རི་མོ་ཞིག་ཏུ་བསྒྱུར་ནས་ཡོད

ཉི་མའི་ཨམ་ཕྲག་གི་སྲུབས་ཀ་ལས་ཐོར་བའི་འོད་ཟེར་གྱི་རྡོ་རིང་ངོས་སུ
མིག་ལ་འཚེར་བའི་ཡིག་འབྲུ་མང་པོ་ཞིག་བརྐོས་ཡོད་ནའང
སའི་གོ་ལའི་གདོང་ལ་བཏོད་པའི་རྨ་ཤུལ་རིང་མོ་དེས
སུ་ལའང་གསང་ཐབས་མེད་པའི་ལོ་རྒྱུས་ཀྱི་ཕམ་ཉེས་ཤིག་བསྟན་ནས་འདུག

                                            2012ལོའི་ཟླ་4བའི་ཚེས་16ཉིན་པཱ་ཏ་ལིན་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ཚིག་ཚན་པ་བཞི།

2015-06-01 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།