འགྲོ་ཤེས་པའི་རྨི་ལམ། སྒྲུང་ཐུང་ཚན་པ་གསུམ།

                           འགྲོ་ཤེས་པའི་རྨི་ལམ།

   རྨི་ལམ་ཟ་ཟི་དེའི་ཀློང་ན་གྲགས་ཀྱིན་པའི་གཞས་སྙན་མོ་དེ་ནི་བུ་མོ་ཞིག་གི་སྐད་ངག་སྟེ།  གཞས་དེ་ཆུ་རྒྱུན་གྱི་རྩད་པ་བཞིན་སེར་པོའི་ཀླད་པ་རུ་ཟེགས་པར།  ལྗོན་ཤིང་གིས་ཆུ་འཐུང་བ་བཞིན་ཀླད་རྩའི་ཡལ་ཀ་རེ་རེ་དང་ལོ་འདབས་ཀྱི་ལྷུམས་སུ་ཞུགས་པས།  སེར་བོའི་ཡིད་ཡུལ་གྱི་ལྗོངས་ཆེན་པོ་དེ་ལ་དཔྱིད་རླུང་དལ་བུར་ལྡང་ཡོང་།

     “ ཤོད། ཟླ་བ་ལྷ་མོ་གསོད་མཁན་ཁྱེད་རང་ཡིན་ནམ།”
   དམར་པོས་སེར་བོ་ཡི་གདོང་ལ་ཆུ་བསིལ་གཞོང་བ་གང་བཏབ་རྗེས།  ཕུ་ཐུང་ཡར་བརྫེས་ཏེ་ཨ་ལན་ལ་སྒུག་འདུག

     “ ལགས།  ང་རང་ལྷ་བཟོ་ཞིག་ཡིན་པས་ལྷ་མོ་ཞིག་དགྲོང་ག་ལ་སྲིད། ”
   སེར་པོ་རྨི་ལམ་ཟ་ཟི་དེའི་ཀློང་ནས་ཐོན་མ་ཐག་སྔར་བྱུང་གི་དོན་བྱ་མཐའ་དག་བརྗེད་ངས་ཀྱིས་འཁྱེར་བཞིན་ཆོ་མེད་པའི་དྲིས་ལན་དེ་འདྲ་ཞིག་བསྐྱོན། 

     “ མ་རེད།  ཁྱོད་ད་དུང་བརྒྱལ་བ་ལས་སད་མི་འདུག   ང་ཁྱོད་ཀྱི་ངོ་ཤེས་ལྷག་གེ་བ་ཞིག་ཡིན་པ་ངེས་ཟིན་གྱིན་འདུག་གམ།  ཁོ་རེ།  ཁྱོད་ཉེས་ཅན་བཙོན་པ་ཞིག་རེད། ཧ་གོ་སོང་ངམ། ”
   དམར་པོས་ཡང་བསྐྱར་ཕུ་ཐུང་ཡར་ལ་ཐེངས་གཅིག་བརྫེས་ཏེ་སེར་པོའི་གདོང་ལ་འབུར་ཚུགས་སུ་ལྟ། 

     “ ཧ་གོ་སོང་།  ཡིན་ནའང་ཁོ་མོ་དགྲོང་མཁན་ང་ཡིན་པའི་བདེན་དཔང་ཅི་ཞིག་ཡོད། ”
    སེར་པོས་མགོ་བོ་ཡར་ལྟ་བའི་ཚེ་ན་མདུན་དུ་གཤིན་རྗེ་ལས་མཁན་ནང་བཞིན་གྱི་མི་ཞིག་ལངས་འདུག་ལ།  དམར་དྲི་ཐུལ་ལེ་བའི་ཁ་རླངས་ཚ་མོ་ཞིག་གསལ་བར་བསྣམས་ཐུབ་པ་བྱུང་།

     “ ཟླ་བ་ལྷ་མོ་ཞེས་པ་དེ་མི་ཞིག་གི་མིང་མ་རེད།  དེ་གསང་རྒྱའི་ཨང་ཀི་བཏབ་པའི་གློག་ཡིག་ཅིག་གི་ཚབ་རྟགས་རེད།  རྒྱ་ཅན་གྱི་དངོས་པོའི་གསང་ཨང་བརྟོལ་བའི་ལས་ཀ་ཁྱོད་ཀྱིས་བྱས་པས།  ཁྱོད་ད་ལྟ་དོགས་ཡོད་ཉེས་ཅན་ཞིག་རེད།  དཔའ་ཁོག་ཏུ་ཡོད་འདོད་ཀྱི་རྣམ་འགྱུར་ལོག་པ་དེ་འདྲ་མ་སྟོན་ཅིག  ཁ་འཆམ་པོ་ཡོང་ན་མཇུག་ཡག་གི་རེད། ”
   དམར་པོས་དྲག་གཏུམ་ཁྲོས་རྔམ་གྱི་རང་བཞིན་མར་ཕབ་ཅིང་ཟོབ་རྫུ་འཁྲབ་མཁས་ངང་ལག་ཕྱིས་རློན་པ་ཞིག་གིས་སེར་པོའི་གདོང་གི་རྔུལ་ཆུ་འབྱིད་པར་བརྩམས། 

    “ ག་བ། ག་བ།  ང་རང་ལ་གསང་རྒྱའི་ཨང་ཀི་གཏོར་ཐུབ་པའི་རྣམ་དཔྱོད་ཅིག་ག་ནས་ཡོད།  གོང་དུ་བརྗོད་ཟིན་པ་བཞིན་ང་རང་དྲ་བའི་རོལ་རྩེད་ལ་དབྱངས་ཞུགས་མཁན་ཞིག་ཡིན་ན།  གནས་ག་ཤེད་དུའང་རོལ་རྩེད་སོགས་ལ་རིན་མེད་ངང་ནང་འཇུག་བྱ་རྒྱུར་རྔམ་ནས་ཡོད་པས།  གསང་ཨང་སོགས་ཡིད་ལ་གང་འཆར་འཇོག་ཀིན་ཡོད།  གཅིག་བྱས་ན་སྟེས་དབང་གིས་ཡིན་ཀྱང་སྲིད། ”
    སེར་པོ་བརྒྱལ་བ་ལས་ཡོངས་སུ་སངས་པའི་སྟབས་སུ་སྔར་གྱི་རྨོངས་གཏམ་བཤད་པའི་སྤྱོད་པ་བརྟུལ་ནས་ཁ་མཁས་པོ་དང་མི་འཇོན་པོ་ཞིག་གི་རང་བཞིན་ངོམ་ཅི་ཐབས་བྱས། 

    “ ཡག་པོ་འདུག  ཡིད་ལ་གང་འཆར་བཞག་པ་དེ་ལ་ནོག་ཆ་མེད་མོད།  གསང་རྒྱའི་ཨང་ཀི་བཏབ་པའི་གློག་ཡིག་འདིའི་གསང་ཨང་ཨ་རབ་ཀྱི་ཨང་ཀི་ཁོ་ན་མ་ཡིན་པར་དེའི་ཁྲོད་དུ་སྲོག་ཆགས་ཀྱི་མིང་ཞིག་ཀྱང་བཞག་ཡོད་པ་དེ་ཁྱོད་ཀྱིས་ཅི་ལྟར་འགྲོལ་བ་ཡིན། ”
   དམར་པོ་ཡང་ལྷོད་ལ་བབ་པའི་ཚུལ་གྱིས་ངང་རིང་བའི་སྐད་ཆ་འདི་འདྲ་ཞིག་བཤད། 

    “ དེ་ངའི་རྨི་ལམ་ཞིག་ལ་འབྲེལ་ཡོད་དེ།  ཉིན་འདི་དག་གི་རིང་ལ་ངའི་རྨི་ལམ་ནང་ལ་དམ་པོར་བརྒྱབ་པའི་སྒོ་ཞིག་ཤར་ཡོང་ཞིང་།  སྒོ་མདུན་དུ་རྣམ་ཀུན་དྲེད་མོང་ལྟ་བུ་ཞིག་གི་རྐང་རྗེས་དཔར་འདུག  དེ་བས་རྨི་ལམ་དེའི་རྣམ་རྟོག་གི་དབང་གིས་ངས་གསང་ཨང་ཁྲོད་དྲེད་མོང་གི་མིང་དང་ཆ་འདྲ་བའི་དབྱིན་ཇིའི་ཡི་གེ“YETI”ཞེས་པ་འདི་གཏགས་པ་ཡིན།”
   
 དམར་པོ་ཏབ་ཅིག་ལ་བསམ་གཞིག་གི་ཀློང་དུ་འཕྱན་ཅིང་དེ་ནས་ཡང་བསྐྱར་རྒྱུད་འཇམ་པོའི་ངང་།  
     “ དེང་གི་དུས་སུ།  རྨི་ལམ་ཡང་ཚིག་མཛོད་ཁྲོད་ཀྱི་གདོད་མའི་ཐ་སྙད་དེ་ག་ཙམ་ཞིག་མ་ཡིན་པར།  གཞན་གྱི་ལག་ཆར་འགྱུར་ཉེན་ཆེ་བས། ང་ཚོས་ཁྱོད་ཀྱི་རྨི་ལམ་དེའི་བརྡ་རྟགས་གང་ནས་བཟུང་བ་དང་།  ཡང་ན་གང་ནས་བྱུང་བ་སོགས་ཀྱི་ཁུངས་སྣེ་བསྔོག་རྒྱུ་དོན་སྙིང་གཙོ་བོ་ཡིན་པས།  ཁྱོས་ང་ཚོའི་ཐུན་མོང་གི་བགོས་སྐལ་དུ་བབས་པའི་བགྱི་བ་འདི་ལས་ཀ་ལམ་རོབ་ཙམ་དུ་མི་བལྟ་བར་གལ་ཆེན་པོ་ཞིག་ལ་ངོས་འཛིན་མ་ནོར་བ་བྱེད་དགོས། དེ་བས་ཁྱེད་རང་གིས་རྨི་ལམ་དེ་གང་དྲན་བཅོས་མེད་དུ་སྨྲོས་ཤིག”

     “ ལགས།  ག་རེ་ངས་གློ་བུར་དུ་ཡིད་ལ་མི་དྲན་པས་བསམ་བློ་ཞིག་གཏང་དགོས།  ཐ་ན་ངས་མགོ་ཐོན་པ་ཞིག་ལབ་ཤེས་མིན་ཅི་ཆ།  གང་ལྟར་ཉིད་ཀྱི་བཀའ་ངག་དེ་ལྕགས་ཆུ་ནག་པོའི་གཟུངས་དང་འདྲ་བར་ལྡོག་དཀའ་བ་ཞིག་ཏུ་འདུག་པས།  ངས་ང་ལ་རྨི་ལམ་ཞིག་ཡོད་ཅེས་མགོ་བརྩམས་ན་ག་འདྲ་འདུག”

   སེར་པོར་མཚོན་ན་རྨི་ལམ་སབ་སིབ་དེ་གླེང་རི་བ་ཞིག་དང་བསྟན་ཆོག་པ་ཞིག་ནི་མ་ཡིན་ནའང་། དམར་པོའི་གཡོ་འཛུམ་གྱི་སྒྱུ་མ་དེའི་ཀློང་དུ་ཀླད་ཞོ་འཐུང་བྱེད་ཀྱི་རྫུ་འཕྲུལ་གྱི་དངོས་པོ་གང་ཞིག་བཏོན་ཡོང་བ་ལ་ཐེ་ཚོམ་བཅད་ཆོག་པས་ན།  རྨི་ལམ་དེའི་བྱུང་རིམ་བརྗོད་པའི་སྟ་གོན་གྱི་ཆོ་གར་ཞུགས།  

  【 ཁོའི་སྡོད་ཁང་གི་ཕྱོགས་སུ་རྣམ་ཀུན་མི་མ་ཡིན་པ་ལྟ་བུ་ཞིག་གི་རྐང་རྗེས་འཐེན་ནས་ཡོད།  བལྟས་པ་ཙམ་གྱིས་དོམ་ཁམ་པ་ཞིག་ལ་རིག་ནའང་དོམ་དེའི་ལུས་ལ་སྤུ་མེད་པར་སྐྱ་ཤར་ཤར་དུ་གནས་ཡོད། སེམས་ཀྱི་ཁུར་པོ་འདི་དབབ་པའི་ཐབས་སུ་ཁོས་སེམས་ཅན་དེ་ལ་ཁ་གཏད་གཞལ་རྩིས་ཡོད་མོད།  འོན་ཀྱང་སྨྲར་མི་གཏུབ་པའི་གཉུག་གནས་ཀྱི་དངངས་སྐྲག་ཅིག་དང་སྡར་སྡར་བའི་སེམས་ཀྱིས་ཅི་ཡང་བརྗོད་མ་ནུས།  
     ཉིན་ཞིག་བསམ་དབང་དྲན་དབང་མེད་པར་ཁོའི་སྡར་སྡར་བའི་སེམས་ཀྱི་འབབ་ཚིགས་སུ་དོམ་ཁམ་པ་ངོ་མ་ཞིག་བྱུང་ཞིང་།  དེས་ཁོ་རང་འཁྲིད་དེ་སྡོད་ཁང་གི་མདུན་སྒོར་བསྙེགས།  
     མི་མ་ཡིན་པ་ལྟ་བུ་དེའི་རྐང་རྗེས་ནག་ཡོ་རེ་བ་ཞིག་སྡོད་ཁང་གི་ཕྱོགས་སུ་འཐེན་ཡོད་མོད།  ཡིན་ནའང་ཁོ་ལ་མདུན་གྱི་ཁང་བ་དེའི་བདག་པོ་རང་ཉིད་ཡིན་པའི་དྲན་རྟོག་ཅི་ཡང་མེད་པར།  སྲོག་ཆགས་དེ་ལ་འཇིགས་ཤིང་སྐྲག་ནས་བ་སྤུ་གཟིངས་པ་ལ་ཡིད་ཀྱི་གུད་དུ་ལ་རྒྱ་རྩོད་འདོད་ཀྱི་གཉུག་མ་བའི་འཁོན་སེམས་དེ་བཅངས་ནས་ཡོད། 
     གློ་བུར་དུ་མདུན་སྒོ་དེ་ལས་སྐད་ཅིག་ཉིད་ལ་བུག་པ་ཆུང་ཆུང་ཞིག་ནུར་ཞིང་བཞུར་བའི་ཚུལ་གྱི་ཁ་ཕྱེས་འོངས་ཞིང་།   སེམས་ཅན་དེ་ཡང་ཕྱིར་བུད།   
     ཏག་ཏག་ཉི་མ་དེ་ལ་ད་གཟོད་ཁོས་སེམས་ཅན་དེའི་ངོ་གདོང་དངོས་སུ་མཐོང་བས་ཀྱང་།  ཁོའི་ཡིད་ངོར་ཅི་ཡང་དྲན་རྒྱུ་མེད་པར་ནོངས་འགྱོད་དང་ངོ་ཚ།  དངས་སྐྲག་སོགས་སྐྱེས་ཡོང་། 
    སྲོག་ཆགས་དེས་དོམ་ཁམ་པ་ངོ་མ་དེ་མཐོང་བའི་མོད་ལ་འདར་སིག་རྒྱག་གིན་མགོ་ས་ནང་དུ་བཙུགས་ནས་ཤི་བའི་ཚུལ་སྟོན་ནའང་།  དོམ་ཁམ་པ་ངོ་མ་དེ་ལ་གྲག་འགུལ་ཅི་ཡང་མེད།
    ལྟར་སྣང་གི་ཚུལ་དེ་ལ་མི་བཟོད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་ཡི་ཁོང་ཁྲོའི་དབང་གིས་ཁོས་གྲག་འགུལ་མེད་པའི་དོམ་ཁམ་པ་དེ་རྩ་མེད་དུ་བསྣུབས་པར།  མགོ་ས་ནང་དུ་བཙུགས་པའི་སྲོག་ཆགས་དེ་དྲག་ཏུ་ཁྲོས་བཞིན་ཁོའི་ཟོབ་རྫུ་དང་ཚུལ་འཆོས་ལ་ཤིན་ཏུ་ཞེ་མེར་བའི་ཚུལ་གྱིས་ཁོ་ལ་དམ་དུ་འཁྱུད་ཅིང་སྣ་རྫེ་བཞིན་ལྷུག་ལྷུག་ཏུ་རྒོད། 
    ལུས་ལ་རྩེ་ཟིང་སྐྱེ་བའི་ཚོར་བ་སྐྱུར་མོ་དེ་ཀླད་གཙུག་ནས་རྐང་མཐིལ་བར་ཁུ་བ་བཞིན་རྩ་ལམ་ལ་རྒྱུག་སྟེ་འདོམ་ལ་ཟུག་པར་མྱ་ངན་མ་བཟོད་པར་ཆོ་ངེ་གདོན་འདོད་ནའང་ངག་སྨྲ་བའི་སྤོབས་པ་ཡོངས་སུ་ཟད། 
    སྲོག་ཆགས་དེས་ཁོ་རང་འབུ་གྲོག་མ་ཞིག་ནང་བཞིན་གཉའ་ལྟག་ནས་བཟུང་སྟེ་ཁྲེལ་དགོད་དང་བཅས་འཁར་རྒྱུག་མང་པོ་ལས་གྲུབ་པའི་པྲ་ཚིལ་གྱི་གཟེབ་དྲའི་བཙོན་ཁང་ཞིག་གི་ནང་དུ་བཅུག 
   ཁོས་རང་གི་ཁྲོང་ཁྲོའི་མེ་ལྕེ་དེ་ལ་བདག་དམ་མ་བྱས་དུས་པྲ་ཚིལ་གྱིས་བཟོས་པའི་གཟེབ་དྲ་དེ་འབར་ཉེན་ཆེ་བ་རྟོགས་ཡོད་ནའང་།  བསྡར་གཤིས་ཀྱི་ཉམས་ལས་བཏོན་པའི་མིའུ་ཆུང་གི་ལས་དབང་དེས་པྲ་ཚིལ་གྱི་གཟེབ་དྲ་དེ་ཙག་སྒྲ་དང་བཅས་མེ་རུ་འབར།   སྐབས་འདིར་ཁོ་ལ་འཆི་ཁ་མའི་ཞེན་ཆགས་ཀྱི་སྡུག་བསྔལ་བཟོད་བརླག་མེད་པ་ཞིག་སྐྱེས་ཙ་ན།  ཁོའི་སེམས་རྒྱུད་དུ་སྙིང་ནས་བརྩེ་བའི་ཆུང་མ་དང་བུ་ཕྲུག་གཉིས་དྲན་ཡོང་བ་དང་།  ལུས་དང་གྲིབ་མ་བཞིན་འགྲོགས་ཡོང་བའི་གྲོགས་པོ་སེང་གེའང་དྲན་ཡོང་། 
   ཆོ་འཕྲུལ་བསྟན་པ་ནང་བཞིན་ཁོིའི་ཆུང་མ་དང་བུ་ཕྲུག  གྲོགས་པོ་སེང་གེ་བཅས་ཁོའི་མདུན་སར་མངོན་ཡོང་བ་དང་།  རེ་རེས་ཞེ་སྡང་གི་མིག་གིས་འབུར་ཚུགས་སུ་ཁོ་ལ་ཅེར་བ་ནི།  “ཁྱོད་ཀྱི་ཟོབ་རྫུ་དང་ཚུལ་འཆོས་ལ་འགན་འཁུར་རྒྱུའི་དོད་དུ་ང་ཚོའང་གནས་འདིར་དོང་བ་ཡིན”ཟེར་བ་དང་འདྲ།
   ཡུད་ཙམ་ན་ཆུང་མས་རུམ་ཁའི་ཁྱེའུ་དམར་འབྱར་དེ་ཁོའི་ཕྱོགས་སུ་གཏོད་ཀྱིན“ཁྱེད་རང་གིས་བུ་ཆུང་ཁྲིད་དེ་སྔོན་ལ་ཕེབས་ཤིག  གཟེབ་དྲ་འདི་ཐོར་ཞིག་ཏུ་འགྲོ་བར་ད་དུང་དུས་ཚོད་ཤིན་ཏུ་རིང་བོ་ཞིག་ཡོད་ངེས་ན།  སྐྱེས་པ་གཉིས་དང་བུད་མེད་གཅིག་ཁང་མིག་གཅིག་ཏུ་འདུག་ཐབས་མེད།  དེ་བས་ཁྱེད་རང་གིས་ཁྱེའུ་འདི་གཉོར་ཞིག  ཁྱོད་ཀྱི་གྲོགས་པོ་དང་ངེད་གཉིས་བཟའ་ཚོ་བྱ་ངེས་ཡིན”ཟེར་བཞིན་མི་སྣང་བར་གྱུར།
   གནམ་ས་ཁ་བཀད་པ་ནང་བཞིན་གྱི་ཕྲག་དོག་གི་སེམས་ངོ་ཞིག་གིས་ཁོ་རང་རྟོག་པའི་ཁམས་གཞན་ཞིག་ཏུ་དྲངས་སོང་།   ལུས་ཡོངས་སྤུ་ནག་པོས་ཁེབས་ཤིང་གདོང་ཁམ་ནག་ལ་སྤུ་མེད་པ།  ཡ་ཐོད་འབུར་དུ་ཐོན་པའི་སྲོག་ཆགས་ཤིག་ཁོ་ལ་ཅེར་ནས་འདུག】 
 
སེར་པོས་དངན་པ་རིང་མོ་ཞིག་འཐེན་རྗེས། 
    “ དོན་དམ་པར་ངས་སེམས་ཅན་དེ་དྲེད་མོང་ཞིག་གམ་ཡང་ན་དོམ་ཁམ་པ་ཞིག་གང་ཡིན་ང་རང་གིས་ཀྱང་ཐེ་ཚོམ་གཅོད་དཀའ ”ཞེས་བརྗོད།
 
  དམར་པོ་ཁྲེལ་དགོད་ལྷུག་ལྷུག་གིས་ཡར་ལངས་ཤིང་།  ཕུ་ཐུང་ཡར་བརྫེས་ཤིང་ལག་ཕྱིས་རློན་པ་དེ་བཙན་གྱིས་སེར་པོས་ཁ་ནང་ལ་བརྫངས། 

    “ གཉིད་ལམ་མྱི་ལ་བཤད་ལ་བརྗེད་འགྲོ།  གཉིད་ལམ་མྱི་ལ་བསྟན་ན་འཁྱེར་འགྲོ ”
     
                    …     …       …
 
                                                        April 4, 2021
 
                                    སའི་གོ་ལ།
                                              
     ང་དཔེ་ཁང་དུ་འཐོམ་མེ་བར་སྡོད་པའི་དུས་སུ།   འཛམ་གླིང་ལ་ལྟད་མོར་གཡེང་འདོད་ཀྱིས་ཕྱི་རུ་སའི་གོ་ལའི་འདྲ་དཔེ་ཆུང་ངུ་ཞིག་ཉོ་རུ་སོང་བ་ཡིན།  ཚོང་ཁང་ནང་གི་འདྲ་དཔེ་དག་ལས་གཉིས་བློ་ལ་བབས་བྱུང་།  གདམ་ཀ་དེ་ཡིས་ངའི་མི་ཚེ་ལ་འགྱུར་བ་ཐེབས་སྲིད་པ་གོ་ལ་ཆུང་ངུ་དེ་ཉོས་པ་ཡིན་ན་ཟོར་ཡང་བས་རང་ཁྱིམ་ལ་རྐང་ཐང་དུ་བསྐྱོད་ཆོག་མོད།  ལམ་རྐེད་དུ་མོ་ཊས་བརྡུང་སྟེ་ཚེ་སྲོག་འཆོར་འགྱུར་ཞིང་།   གོ་ལ་ཆེ་བ་དེ་ཉོས་ན་འཁྱེར་སྟབས་མི་བདེ་བས་ང་མི་ལ་རྡུང་མཁན་གྱི་མོ་ཊ་དེའི་ནང་འཛུལ་དགོས་ལ།   ལམ་རྐེད་དུ་བེམ་པོ་ཞིག་ལ་རེག་པའི་སྟབས་ཀྱིས་ངའི་ལག་ངོས་ཀྱི་རྨ་ཁ་ཆུང་ངུ་དེའི་ནང་མི་དེའི་ཁྲག་འདྲེས་ཏེ་ང་ལ་ཨེ་ཙི་ནད་འགོ་སྲིད།  ཁ་ཕྱོགས་གང་ལ་བསྙེག་ཀྱང་མཇུག་འབྲས་སྡུག་བསྔལ་ལས་མི་འདུག་པས།  ངས་ང་འཛམ་གླིང་ངམ་སའི་གོ་ལ་དགོས་མཁོ་མེད་པར་དཔེ་ཁང་དུ་འཐོམ་མེ་བར་འདུག་མཁན་གྱི་ད་ལྟ་བའི་ང་ཡིན་ན་ཅི་མ་རུང་སྙམ།    
       ཡིན་ནའང་།   ང་དཔེ་ཁང་དུ་འཐོམ་མེ་བར་སྡོད་པའི་དུས་སུ། འཛམ་གླིང་ལ་ལྟད་མོར་གཡེང་འདོད་ཀྱིས་ཕྱི་རུ་སའི་གོ་ལའི་འདྲ་དཔེ་ཆུང་ངུ་ཞིག་ཉོ་རུ་མི་འགྲོ་ག་མེད་བྱུང་། 
                                    
                                                              October 27, 2020
 
                                    སྲིད་བཤིག་པ།
 
   བུ།  ང་མ་ལགས་ལ་སེམས་གཏིང་ནས་སྙིང་རྗེ་ཤོར་འགྲོ། 
 
  གཤིན་རྗེ་ལས་མཁན།  ཁྱོད་འཇིག་རྟེན་དུ་མ་སྐྱེས་པར་མངལ་ནས་བཀྲོངས་ཟིན་པར་ཨ་མ་ཞིག་གང་ན་ཡོད།
 
   བུ།  མངལ་གྱི་གུར་ཁང་དུ་སྦྲུམ་པ་ནས་ང་ལ་ཕ་མ་གཉིས་ཡོད་པ་གཏན་འཁེལ་བ་མིན་ནམ།
 
   གཤིན་རྗེ་ལས་མཁན།  མི་ཡུལ་དུ་ཕ་མ་ཞེས་པ་ཁྱིམ་ཚང་གི་དོན་ཏེ།  དེའི་ཤུགས་བསྟན་དུ་གཅེས་སྐྱོང་དང་འཚར་ལོངས།  སྐྱེ་རྒ་ན་འཆི་སོགས་ལྐོག་གྱུར་གྱི་དོན་བྱ་མང་པོ་ལུ་གུ་བརྒྱུད་དུ་བསྟར་ཡོད་ན། ཕལ་ཆེར་རྟགས་གྲུབ་ས་མ་རེད་བསམ།
 
   བུ།  ཁྱོད་ང་འཁྲིད་དེ་གང་ལ་འགྲོ་རྩིས་ཡོད།
 
   གཤིན་རྗེ་ལས་མཁན།  མི་ཞིག་གི་ཚེ་སྲོག་ཚར་བཅད་པའི་གོ་རིམ་དེ་ལ་མཇུག་འབྲས་གཅིག་མ་གཏོགས་མེད།  དེ་ནི་འཆི་བ་སྟེ།  ལྔ་ལམ་དུ་ཞུགས་པའི་མི་རྣམས་འགྲོ་ས་ཉག་གཅིག་ཡོད་པའང་གཤིན་རྗེའི་ཡུལ་ཡིན།
 
   བུ།  ཁྱོས་ང་ལ་ཕ་མ་མེད་ཟེར་བ་མ་ཡིན་ནམ།  བྱས་ན་ང་ལ་སྐྱེ་རྒ་ན་འཆིའི་འཚར་སྐྱེད་ཀྱི་གོ་རིམ་དེ་མེད་པས།  ང་མི་ཞིག་ལ་བརྩིས་རུང་ངམ།
 
   གཤིན་རྗེ་ལས་མཁན།  གཤིན་རྗེ་ལས་མཁན་ཞིག་ལ་མཚོན་ན་རྣམ་ཤེས་གཙོ་བ་ལས་གཟུགས་པོར་ཐེ་ཇུས་བྱ་མི་སྲིད།  དེ་ལ་མིའི་རིགས་ཀྱིས་གཟུགས་པོ་ནི་བ་མོས་ལྕི་བ་བཏང་བ་ནང་བཞིན་ས་གང་ནས་དོར་ཀྱང་དེ་ལ་སྙིང་བོ་མེད་ཅེས་བསྡོམས་ཚིག་བཀོད་འདུག
 
   བུ།  དེ་བས།  ང་རང་མ་ཡུམ་གྱི་མངལ་སྒོ་ནས་ཐོན་པ་དེ་བ་མོས་ལྕི་བ་བཏང་བ་དང་འདྲ་མཚུངས་ཡིན་ནམ།
 
   གཤིན་རྗེ་ལས་མཁན།  ཁྱོད་ཀྱི་གཟུགས་པོ་མངལ་ལ་ལྡུག་མཁན་མི་ཡིན་པ་དེ་བཞིན་མངལ་ནས་བཤིག་མཁན་ཀྱང་མི་རེད།  དེ་ལྟར་ཁྱོད་ཀྱི་རྣམ་ཤེས་མངལ་ལ་འཛུགས་མཁན་སུ་ཡིན་པ་དེ་མངལ་ནས་འཁྲིད་འགྲོ་མཁན་ཡིན་པ་དེ་ལ་དོགས་པ་བྱ་རྒྱུ་གང་ཡོད།
 
   བུ།  ང་མངལ་ལ་ལྡུག་དུས་གཤེར་གཟུགས་ཡིན་ནའང་མངལ་ནས་འདོན་དུས་སྲ་གཟུགས་སུ་གྲུབ་འདུག་པ་མ་ཡིན་ནམ། 
 
   གཤིན་རྗེ་ལས་མཁན།  གནས་ལུགས་ཕྲ་ཞིང་ཕྲ་བ་དེ་དག་ངེད་གཉིས་ལ་གླེང་རྒྱུའི་སྤོབས་པ་མེད།  ཡིན་ནའང་ཁྱོད་མངལ་དུ་ཞུགས་པ་སྡིག་སྤྱོད་ཀྱི་རྒྱུ་བསགས་པའི་ས་བོན་དུ་གྱུར་པ་ཡིན་གཤིས།  དྲུང་ནས་འབྱིན་པའི་དམར་གསོད་ཀྱི་ལས་ཀ་དེས་མི་གཞན་ལ་སྡིག་ཉེས་གསག་ཏུ་བཅུག་ཡོད། 
 
   བུ། མངལ་གྱི་སྒོ་མོར་མ་ཐོན་པར་གཞན་ལ་ཉེས་པ་གསོག་ཏུ་འཇུག་པའི་ལས་འདི་ཡི་བྱེད་པ་པོ་སུ་ཡིན་ནམ། 
 
   གཤིན་རྗེ་ལས་མཁན།  དེ་མགོ་ནག་མི་ཡི་རིགས་རེད།  ཁོ་ཚོར་དེའི་སྐོར་ལ་ལྟ་ཚུལ་མི་མཐུན་པ་མང་པོ་ཡོད་པ་རེད།
 
   བྱིས་པ།  བྱས་ན་ཁྱེད་ཅག་གཤིན་རྗེ་ཡི་རིགས་ལ་ལྟ་ཚུལ་ག་རེ་ཡོད།
 
   གཤིན་རྗེ་ལས་མཁན།  ལྟ་ཚུལ་ཅི་ཞིག་ཡོད་དམ།  སྡིག་པའི་རྣམ་སྨིན་སྡུག་བསྔལ་འབྱུང་བ་ཆོས་ཉིད་དོ།།
 
   བྱིས་པ།  སྡུག་བསྔལ་སུ་ལ་འབྱུང་སྲིད།
 
   གཤིན་རྗེ་ལས་མཁན།  སྲིད་བཤིག་པར་འབྲེལ་བ་ཡོད་པའི་ཕ་མ་དང་ལྷ་རྗེ་སོགས། 
 
   བྱིས་པ།  ང་།
 
   གཤིན་རྗེ་ལས་མཁན།  རྒྱུ་མཚན་གང་གིས།
 
   བྱིས་པ།  ང་མི་ཡུལ་དུ་མ་སྐྱེ་བར་ཕ་མ་སོགས་ལ་སྡིག་འབྲས་གསོག་ཏུ་བཅུག་པའི་རྣམ་སྨིན་དེའི་དབང་གིས་ཟེར་བ་ཡིན། 
 
   གཤིན་རྗེ་ལས་མཁན།  དེ་ཁྱོད་ལ་འབྲེལ་བ་མེད།  སྩོལ་བ་གང་ཡང་མེད་པར་ཉེས་པ་གསག་ཐབས་མེད། 
 
   བྱིས་པ།  ཁྲིམས་ལ་གནས་པ་དེ་སྩོལ་བ་ལ་ཞུགས་པར་བརྩི་རུང་ངམ།
 
   ཨ་མ།    བརྩི་རུང་། 

             …     …       …
 
                                                                 December 13, 2020
 
    རེ་རྐང་གླིང་།  དངོས་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར། 1979ལོའི་ཟླ12པར་རེབ་གོང་བྱང་ཆུབ་སྡེ་བར་སྐྱེས། 1999ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་རྩེ་ཁོག་རྫོང་དུ་དགེ་རྒན་གྱི་བྱ་བར་ཞུགས། 2004ལོར་རྨ་ལྷོ་ཚགས་པར་ཁང་དུ་ལས་གནས་སྤར། ད་ལྟ་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའམ《རྨ་ལྷོ་བོད་ཡིག་ཚགས་པར》གྱི་གཙོ་སྒྲིག་པ། 《རང་གྲོལ》དུས་དེབ་ཀྱི་གཙོ་སྒྲིག་པ། 《འཛམ་གླིང་རྩོམ་རིག》བོད་ཡིག་པར་མའི་རྩོམ་སྒྲིག་ཁོངས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་ཡོད། སྙན་ངག་དང་སྒྲུང་རྩོམ། དཔྱད་རྩོམ། ལོ་ཙཱ། རི་མོ་སོགས་ཀྱི་བརྩམས་ཆོས་བརྒྱ་ཕྲག་འགའ་བརྩམས་པ་དག་ལས་མང་པོ་ཞིག《མི་རིགས་ཀྱི་རྩོམ་རིག》དང《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་ཚགས་དེབ་རྣམས་སུ་སྤེལ་མྱོང་། 2013ལོར་སྒྱུ་འཕྲུལ་སྒྲུང་ཐུང་དེབ《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2017ལོར་འགྱུར་དེབ《ཕུའུ་ཞི་ཀིན་གྱི་སྙན་ངག་གཅེས་བསྡུས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2020ལོར་སྙན་དེབ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》ཞེས་པ་རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2012ལོར་མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་ཐོབ། 2013ལོར་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་རྩོམ་རིག་བྱ་དགའི“རྩོམ་རིག་སྐར་ཆེན”ཞེས་པའི་བྱ་དགའ་ཐོབ། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འགྲོ་ཤེས་པའི་རྨི་ལམ། སྒྲུང་ཐུང་ཚན་པ་གསུམ།

2021-04-04 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།