སེང་རྡོར་གྱི་སྙན་ཚིག་ཁག་བཞི།

          ࿉འོག་འགྱུ་ཟང་མ།
རི་རྒྱབ་མང་པོའི་རི་རྩེར།།
ཁྱོད་ཀྱིས་ལིང་ངེར་ལྟ་འདུག །
མག་མོག་བྱེ་བའི་འཁོར་པ།།
ཁ་གསངས་ཞུ་ཡ་མི་འདུག །

འདམ་བུའི་ཚལ་དུ་སུ་ཡོད།།
བྲག་ངོའི་འཁྱུག་འཁྱུག་དེ་གང་།།
དོང་སྒོ་རེ་རེར་འཁྱིལ་བའི།།
ཉག་མའི་གདོས་བཅས་འདི་ཅི།།

ནམ་མཁའ་མཐོ་བ་བཞིན་དུ།།
བུད་མེད་མཛེས་པ་བཞིན་དུ།།
ཁྱི་རྣམས་རྦད་པ་བཞིན་དུ།།
ཅི་ཞིག་ཅི་ལྟར་སྨྲ་ཨང་།།

སངས་རྒྱས་ལྕང་ལོ་ཉིལ་ལེར།།
གྱང་ཕག་ཀུན་ཏུ་གསན་སྐད།།
འགྲོ་བའི་ཉོན་མོངས་ཟེར་ཡ།།
སྙན་ཤོས་ཡིན་པ་མིན་འགྲོ །

སྡོང་རྩར་རྐང་རྗེན་བསྡད་དེ།།
རྒུན་ཆང་ཁམ་གང་འཐུང་དུས།།
ཀ་ཤི་ཀ་ཡིས་བཀླུབས་པའི།།
དགའ་རོགས་གློ་ལུ་བརྒྱབ་བྱུང་།།

ཙག་ཙིག་བསལ་བའི་ཁྲོད་ནས།།
ཤིང་ཕྲེང་རྙིང་སོང་འདུག་པས།།
གངས་དཀར་སེམས་པ་སྨྲེང་ནས།།
དར་ཅིག་ཁྲོང་ངེར་ལུས་སོང་།།

ཞོགས་པ་གནམ་ལ་ལྟ་སྐབས།།
རབ་རིབ་སྐྲ་ཤད་འདྲ་བ།།
ཆོས་ཉིད་གཡུང་དྲུང་ཨོ་ཤེས།།
ང་ཡི་དཀར་ལམ་མ་གཅོད།།

                 ࿉རིག་ཐོའི་གཤེགས་རྫོངས་སུ།
ལོ་བཅུར་ནང་ཚགས་ཡིན་པའི་རིག་ཐོ་ཞེས།།
གཏམ་ཉུང་ཚིག་ཐུབ་འབྲོག་པ་ངོ་ནག་དེ།།
ཞོགས་འདིར་ཀླད་ཁྲག་བོ་སྟེ་མེད་སོང་ཞེས།།
སྐད་ངན་ཐོག་རྒོད་རྣ་ནང་ཝང་ཝང་འཕུར།།
དཀར་ཁུ་དེམ་མང་རྫོགས་ཏེ་སྟོན་ནམ་བསླངས།།
ཁྱིམ་སྒོ་གྲངས་མང་མྱུལ་ཏེ་སྣང་བ་བཙལ།།
བྱས་ལུགས་ཐམས་ཅད་མིག་ལ་ཁངས་བཞིན་བརྩིགས།།
བསྡད་ཀྱིན་བྲང་ག་ལྕི་ཞིང་རྐང་མགོ་ཉོབ།།
འཆི་བ་འདི་བཞིན་ཡིན་པ་སུས་ཀྱང་ཤེས།།
འཆི་རྐྱེན་ངེས་མེད་ཡིན་པ་ཅིས་ཀྱང་གོ །
ཁྱོད་ཀྱི་ལག་མགོར་འཁོན་པའི་ཤིང་ཕྲེང་དེས།།
དོ་ནུབ་ཕྱོགས་ཆ་གསལ་ཞིང་སྣང་བར་ཤོག །
ལར་ན་སྟོང་བའི་སེམས་ངོ་རྙེད་བྱས་ནས།།
སྔ་ཕྱིའི་འགྲོ་འོང་བྲལ་ལ་དབྱིངས་ཞུགས་ན།།
ཆོས་ཀྱི་ཕན་ཐོགས་ཟེར་ན་ཅི་ཆ་མོད།།
འཆི་བར་ཁ་གཏད་ནུས་པའི་གདེང་ཕྲན་ཡོད།།
ང་ནི་ཏན་ཏན་ཁྱོད་ལ་རབ་འཕྲེང་མོད།།
ཕྱི་ཕྱིར་འཆི་བའི་ཚུལ་ལ་འདང་བརྒྱབ་ན།།
བྱ་བ་ཚབ་ཚུབ་མང་པོས་མི་ཕན་པས།།
ཡང་གཅིག་འཁོར་པའི་ཉལ་ཐ་འཐེན་ལ་དགའ།།
སུ་ཡང་ནམ་ཞིག་མིག་འབྲས་སྔོ་འགྱུར་ཏེ།།
ཡུལ་མིས་དུར་ཁྲོད་ག་ཤེད་འཕེན་དགོས་པས།།
འཆི་བ་ཁྱོད་ཀྱི་མ་ཡིན་ཀུན་གྱི་སྟེ།།
རྙི་སྒོ་འདི་ལ་སྟོན་ཆེན་རྣམས་ཀྱང་ཚུད།།
གང་ལ་ཆོས་ཀྱིས་ཕན་ཞེས་ཟེར་མོད་ཀྱང་།།
ཕན་མིན་ཚུལ་དེ་སོ་སོ་ཁོ་ནས་ཤེས།།
ཤི་བའི་ཕན་ཆད་འདི་འདྲ་དེ་འདྲ་ཞེས།།
གསོན་པོའི་ཚོད་དཔག་དེ་ལ་ཉིང་དགོས་ཅི།།
དེས་ན་བློ་འགྱོད་མེད་པའི་ངག་དང་བཅས།།
འཆི་ཁའི་ཆེམས་ཐུང་བཞག་པའི་རེ་བ་ཡོད།།
བདག་ཀྱང་མི་རིང་དེ་ལྟར་རྫོགས་དགོས་པས།།
གོ་སྐབས་བརྩད་དེ་འཁོར་མཚོའི་ཕུ་མདོར་འཇུག །
                            ༡༠༡༢ལོའི་ཟླ༡པོའི་ཚེས༡༧ཉིན།


           ࿉ཁ་ནུབ་ཆུང་འདྲིས་མར་ཞུས་པ།
ཆུང་འདྲིས་གཉེན་འཐོར་བརྒྱབ་ནས།།
ང་ལ་ཝ་ཡེ་ཟེར་བྱུང་།།
འཐོར་དོན་ཅིའི་ཆེད་ཡིན་ཡང་།།
ཚིག་གསུམ་སྙན་དུ་བསྒྲོན་དགོས།།

ང་གཉིས་ཕན་ཚུན་འཐད་ལུགས།།
མ་བཤད་བློ་ལ་ཡོང་མོད།།
གཤིབ་ན་འཁོན་འགྲས་མང་བ།།
འཕྲད་ཐེངས་རེ་རེས་བསྟན་ཡོད།།

སེམས་ལ་འཇོག་རེས་བྱས་རྗེས།།
འགྲོ་འགྲོ་ཤོར་ཤོར་གནང་རྗེས།།
ཡང་གཅིག་དགོད་སྒྲ་རྙེད་པའི།།
བསྐྱར་ཟློས་འདི་ཡིས་གཟིར་ཨང་།།

ཨོ་ལོ་ཆུང་ཆུང་ཙམ་ནས།།
ཁྱིམ་གཅིག་སྨོན་ལམ་བཏབ་མོད།།
སེམས་གཉིས་ཡང་ཤི་ཡང་སོས།།
དམྱལ་བ་མིན་པ་མ་བྱུང་།།

བདག་གིས་རི་སྐེད་བསྒུགས་དུས།།
ཁྱེད་ཀྱིས་འགྱངས་ཆ་ཞུས་སོང་།།
ཕྱི་ནས་ལུང་མདོར་འབོད་སྐབས།།
ང་ཡང་དུས་ལྟར་མ་ཐོན།།

ཨ་ཅག་བུ་ཁྲིད་ཅིག་ལ།།
དགའ་འདང་ཞེ་ན་མེད་མོད།།
སྔོན་གོམས་བག་ཆགས་བརྟན་པོས།།
ཡང་གཅིག་མགོ་ལག་བཀུག་བྱུང་།།

སྤྱི་པའི་མཛེས་མར་དགོས་པའི།།
ཚད་ཐིག་སྐོར་ཞིག་ཆད་མོད།།
དཀྱུས་མའི་ཁ་སྣ་དེ་ཡིས།།
ང་ལ་སུམ་སྒྲོག་བརྒྱབ་ཡོད།།

གཞན་གྱི་བག་མར་ཕྱིན་པའི།།
བུ་མོ་རྙིང་སོང་ཞིག་ལ།།
ང་ཡིས་རྨི་ལམ་གཏོང་འདི།།
མཚར་བ་བརྒྱ་ལས་མཚར་སོང་།།

ཡིན་ཡང་ཐ་དད་གཤིས་ཀས།།
གཤིབ་ན་ཡག་པོ་མི་ཡོང་།།
རི་ཆུ་སྟོང་གི་ཕར་ཚུར།།
ཚེ་མཐའ་རྫོགས་ན་གང་འདྲ།།

ང་ཡི་སེམས་ཀྱི་ལྷ་མོ།།
བྱམས་པ་ཁོ་ན་ཡིན་པས།།
ཟེར་སྟངས་གཞན་དག་རྫུན་ཡིན།།
དེ་བས་རྒྱང་ཙམ་བཞུགས་རོགས།།

ང་ཡི་སེམས་ཀྱི་ལྷ་མོ།།
འོད་དགུའི་མཆོད་སྡོང་ཡིན་པས།།
རྒྱང་ནས་དད་ཕྱག་འཚལ་དགོས།།
ཉེ་བར་བཅར་ན་ཡལ་འགྲོ །

ང་ཡི་སེམས་ཀྱི་ལྷ་མོ།།
མེ་ཏོག་ཕྲེང་བ་ཡིན་པས།།
ཚེར་མ་ཡོད་ཟེར་མི་བདེན།།
དེ་བས་རིང་སར་དགོད་དང་།།
          ༢༠༡༢ལོའི་ཟླ༡པོའི་ཚེས༡༥ཉིན་ཕུལ།
         
      ࿉རང་བློ་ཐུབ་པར་གསལ་བཏབ་པའི་ནང་མཆོད།
ཐུབ་པས་བྱིས་པ་ལམ་དུ་འཛུད།།
རྣམ་པར་རྒྱལ་བའི་ཆེ་བ་ཡིན།།
ཐུབ་པ་རང་ལ་མགོན་གཞན་མེད།།
གཅིག་པུར་ཤིང་དྲུང་འོད་གསལ་འཐུང་།།

སྤྱི་པའི་འགྲོས་དང་གོ་རིམ་སོགས།།
ཤེས་རབ་ཅན་ལ་ཆེར་མི་ལྟོས།།
བསྟན་པ་ཙམ་གྱིས་མངའ་བརྙེས་ཏེ།།
གཤོག་པ་གཡོབ་ཀྱིན་གྲལ་གོང་གཤེགས།།

ཉི་མའི་དཀྱིལ་འཁོར་ཕན་ཆད་དུ།།
སྣང་བྱེད་ཟེར་བ་ལོགས་ན་མེད།།
འོད་ལ་འོད་ཀྱིས་ཅི་ཞིག་བྱ།།
རང་ཉིད་རང་གིས་གསལ་ཞིང་འབར།།

རང་བློ་འོད་དང་རང་བློ་ལྷ།།
དཔལ་དང་འདྲེན་པ་གཞན་ཡང་ཡིན།།
གུད་ན་མེད་པའི་རྡོ་རྗེ་འཆང་།།
གོ་ན་སོ་སོའི་ནང་ལ་འདུག །

ཐུབ་པ་ཟེར་ཡ་གཅིག་གི་མིང་།།
ད་དུང་སྐྱེ་རྒུ་ཀུན་གྱི་བརྡ།།
དེ་ལས་ཀྱང་ནི་གང་ཟག་རེའི།།
དཔག་ཆེན་སེམས་ཀྱི་རྒྱབ་མདུན་སྟོན།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱི་སྙན་ཚིག་ཁག་བཞི།

2012-03-05 སེང་རྡོར། ཀློག་གྲངས། མཆན ཡོད།

          ࿉འོག་འགྱུ་ཟང་མ།
རི་རྒྱབ་མང་པོའི་རི་རྩེར།།
ཁྱོད་ཀྱིས་ལིང་ངེར་ལྟ་འདུག །
མག་མོག་བྱེ་བའི་འཁོར་པ།།
ཁ་གསངས་ཞུ་ཡ་མི་འདུག །

འདམ་བུའི་ཚལ་དུ་སུ་ཡོད།།
བྲག་ངོའི་འཁྱུག་འཁྱུག་དེ་གང་།།
དོང་སྒོ་རེ་རེར་འཁྱིལ་བའི།།
ཉག་མའི་གདོས་བཅས་འདི་ཅི།།

ནམ་མཁའ་མཐོ་བ་བཞིན་དུ།།
བུད་མེད་མཛེས་པ་བཞིན་དུ།།
ཁྱི་རྣམས་རྦད་པ་བཞིན་དུ།།
ཅི་ཞིག་ཅི་ལྟར་སྨྲ་ཨང་།།

སངས་རྒྱས་ལྕང་ལོ་ཉིལ་ལེར།།
གྱང་ཕག་ཀུན་ཏུ་གསན་སྐད།།
འགྲོ་བའི་ཉོན་མོངས་ཟེར་ཡ།།
སྙན་ཤོས་ཡིན་པ་མིན་འགྲོ །

སྡོང་རྩར་རྐང་རྗེན་བསྡད་དེ།།
རྒུན་ཆང་ཁམ་གང་འཐུང་དུས།།
ཀ་ཤི་ཀ་ཡིས་བཀླུབས་པའི།།
དགའ་རོགས་གློ་ལུ་བརྒྱབ་བྱུང་།།

ཙག་ཙིག་བསལ་བའི་ཁྲོད་ནས།།
ཤིང་ཕྲེང་རྙིང་སོང་འདུག་པས།།
གངས་དཀར་སེམས་པ་སྨྲེང་ནས།།
དར་ཅིག་ཁྲོང་ངེར་ལུས་སོང་།།

ཞོགས་པ་གནམ་ལ་ལྟ་སྐབས།།
རབ་རིབ་སྐྲ་ཤད་འདྲ་བ།།
ཆོས་ཉིད་གཡུང་དྲུང་ཨོ་ཤེས།།
ང་ཡི་དཀར་ལམ་མ་གཅོད།།

                 ࿉རིག་ཐོའི་གཤེགས་རྫོངས་སུ།
ལོ་བཅུར་ནང་ཚགས་ཡིན་པའི་རིག་ཐོ་ཞེས།།
གཏམ་ཉུང་ཚིག་ཐུབ་འབྲོག་པ་ངོ་ནག་དེ།།
ཞོགས་འདིར་ཀླད་ཁྲག་བོ་སྟེ་མེད་སོང་ཞེས།།
སྐད་ངན་ཐོག་རྒོད་རྣ་ནང་ཝང་ཝང་འཕུར།།
དཀར་ཁུ་དེམ་མང་རྫོགས་ཏེ་སྟོན་ནམ་བསླངས།།
ཁྱིམ་སྒོ་གྲངས་མང་མྱུལ་ཏེ་སྣང་བ་བཙལ།།
བྱས་ལུགས་ཐམས་ཅད་མིག་ལ་ཁངས་བཞིན་བརྩིགས།།
བསྡད་ཀྱིན་བྲང་ག་ལྕི་ཞིང་རྐང་མགོ་ཉོབ།།
འཆི་བ་འདི་བཞིན་ཡིན་པ་སུས་ཀྱང་ཤེས།།
འཆི་རྐྱེན་ངེས་མེད་ཡིན་པ་ཅིས་ཀྱང་གོ །
ཁྱོད་ཀྱི་ལག་མགོར་འཁོན་པའི་ཤིང་ཕྲེང་དེས།།
དོ་ནུབ་ཕྱོགས་ཆ་གསལ་ཞིང་སྣང་བར་ཤོག །
ལར་ན་སྟོང་བའི་སེམས་ངོ་རྙེད་བྱས་ནས།།
སྔ་ཕྱིའི་འགྲོ་འོང་བྲལ་ལ་དབྱིངས་ཞུགས་ན།།
ཆོས་ཀྱི་ཕན་ཐོགས་ཟེར་ན་ཅི་ཆ་མོད།།
འཆི་བར་ཁ་གཏད་ནུས་པའི་གདེང་ཕྲན་ཡོད།།
ང་ནི་ཏན་ཏན་ཁྱོད་ལ་རབ་འཕྲེང་མོད།།
ཕྱི་ཕྱིར་འཆི་བའི་ཚུལ་ལ་འདང་བརྒྱབ་ན།།
བྱ་བ་ཚབ་ཚུབ་མང་པོས་མི་ཕན་པས།།
ཡང་གཅིག་འཁོར་པའི་ཉལ་ཐ་འཐེན་ལ་དགའ།།
སུ་ཡང་ནམ་ཞིག་མིག་འབྲས་སྔོ་འགྱུར་ཏེ།།
ཡུལ་མིས་དུར་ཁྲོད་ག་ཤེད་འཕེན་དགོས་པས།།
འཆི་བ་ཁྱོད་ཀྱི་མ་ཡིན་ཀུན་གྱི་སྟེ།།
རྙི་སྒོ་འདི་ལ་སྟོན་ཆེན་རྣམས་ཀྱང་ཚུད།།
གང་ལ་ཆོས་ཀྱིས་ཕན་ཞེས་ཟེར་མོད་ཀྱང་།།
ཕན་མིན་ཚུལ་དེ་སོ་སོ་ཁོ་ནས་ཤེས།།
ཤི་བའི་ཕན་ཆད་འདི་འདྲ་དེ་འདྲ་ཞེས།།
གསོན་པོའི་ཚོད་དཔག་དེ་ལ་ཉིང་དགོས་ཅི།།
དེས་ན་བློ་འགྱོད་མེད་པའི་ངག་དང་བཅས།།
འཆི་ཁའི་ཆེམས་ཐུང་བཞག་པའི་རེ་བ་ཡོད།།
བདག་ཀྱང་མི་རིང་དེ་ལྟར་རྫོགས་དགོས་པས།།
གོ་སྐབས་བརྩད་དེ་འཁོར་མཚོའི་ཕུ་མདོར་འཇུག །
                            ༡༠༡༢ལོའི་ཟླ༡པོའི་ཚེས༡༧ཉིན།


           ࿉ཁ་ནུབ་ཆུང་འདྲིས་མར་ཞུས་པ།
ཆུང་འདྲིས་གཉེན་འཐོར་བརྒྱབ་ནས།།
ང་ལ་ཝ་ཡེ་ཟེར་བྱུང་།།
འཐོར་དོན་ཅིའི་ཆེད་ཡིན་ཡང་།།
ཚིག་གསུམ་སྙན་དུ་བསྒྲོན་དགོས།།

ང་གཉིས་ཕན་ཚུན་འཐད་ལུགས།།
མ་བཤད་བློ་ལ་ཡོང་མོད།།
གཤིབ་ན་འཁོན་འགྲས་མང་བ།།
འཕྲད་ཐེངས་རེ་རེས་བསྟན་ཡོད།།

སེམས་ལ་འཇོག་རེས་བྱས་རྗེས།།
འགྲོ་འགྲོ་ཤོར་ཤོར་གནང་རྗེས།།
ཡང་གཅིག་དགོད་སྒྲ་རྙེད་པའི།།
བསྐྱར་ཟློས་འདི་ཡིས་གཟིར་ཨང་།།

ཨོ་ལོ་ཆུང་ཆུང་ཙམ་ནས།།
ཁྱིམ་གཅིག་སྨོན་ལམ་བཏབ་མོད།།
སེམས་གཉིས་ཡང་ཤི་ཡང་སོས།།
དམྱལ་བ་མིན་པ་མ་བྱུང་།།

བདག་གིས་རི་སྐེད་བསྒུགས་དུས།།
ཁྱེད་ཀྱིས་འགྱངས་ཆ་ཞུས་སོང་།།
ཕྱི་ནས་ལུང་མདོར་འབོད་སྐབས།།
ང་ཡང་དུས་ལྟར་མ་ཐོན།།

ཨ་ཅག་བུ་ཁྲིད་ཅིག་ལ།།
དགའ་འདང་ཞེ་ན་མེད་མོད།།
སྔོན་གོམས་བག་ཆགས་བརྟན་པོས།།
ཡང་གཅིག་མགོ་ལག་བཀུག་བྱུང་།།

སྤྱི་པའི་མཛེས་མར་དགོས་པའི།།
ཚད་ཐིག་སྐོར་ཞིག་ཆད་མོད།།
དཀྱུས་མའི་ཁ་སྣ་དེ་ཡིས།།
ང་ལ་སུམ་སྒྲོག་བརྒྱབ་ཡོད།།

གཞན་གྱི་བག་མར་ཕྱིན་པའི།།
བུ་མོ་རྙིང་སོང་ཞིག་ལ།།
ང་ཡིས་རྨི་ལམ་གཏོང་འདི།།
མཚར་བ་བརྒྱ་ལས་མཚར་སོང་།།

ཡིན་ཡང་ཐ་དད་གཤིས་ཀས།།
གཤིབ་ན་ཡག་པོ་མི་ཡོང་།།
རི་ཆུ་སྟོང་གི་ཕར་ཚུར།།
ཚེ་མཐའ་རྫོགས་ན་གང་འདྲ།།

ང་ཡི་སེམས་ཀྱི་ལྷ་མོ།།
བྱམས་པ་ཁོ་ན་ཡིན་པས།།
ཟེར་སྟངས་གཞན་དག་རྫུན་ཡིན།།
དེ་བས་རྒྱང་ཙམ་བཞུགས་རོགས།།

ང་ཡི་སེམས་ཀྱི་ལྷ་མོ།།
འོད་དགུའི་མཆོད་སྡོང་ཡིན་པས།།
རྒྱང་ནས་དད་ཕྱག་འཚལ་དགོས།།
ཉེ་བར་བཅར་ན་ཡལ་འགྲོ །

ང་ཡི་སེམས་ཀྱི་ལྷ་མོ།།
མེ་ཏོག་ཕྲེང་བ་ཡིན་པས།།
ཚེར་མ་ཡོད་ཟེར་མི་བདེན།།
དེ་བས་རིང་སར་དགོད་དང་།།
          ༢༠༡༢ལོའི་ཟླ༡པོའི་ཚེས༡༥ཉིན་ཕུལ།
         
      ࿉རང་བློ་ཐུབ་པར་གསལ་བཏབ་པའི་ནང་མཆོད།
ཐུབ་པས་བྱིས་པ་ལམ་དུ་འཛུད།།
རྣམ་པར་རྒྱལ་བའི་ཆེ་བ་ཡིན།།
ཐུབ་པ་རང་ལ་མགོན་གཞན་མེད།།
གཅིག་པུར་ཤིང་དྲུང་འོད་གསལ་འཐུང་།།

སྤྱི་པའི་འགྲོས་དང་གོ་རིམ་སོགས།།
ཤེས་རབ་ཅན་ལ་ཆེར་མི་ལྟོས།།
བསྟན་པ་ཙམ་གྱིས་མངའ་བརྙེས་ཏེ།།
གཤོག་པ་གཡོབ་ཀྱིན་གྲལ་གོང་གཤེགས།།

ཉི་མའི་དཀྱིལ་འཁོར་ཕན་ཆད་དུ།།
སྣང་བྱེད་ཟེར་བ་ལོགས་ན་མེད།།
འོད་ལ་འོད་ཀྱིས་ཅི་ཞིག་བྱ།།
རང་ཉིད་རང་གིས་གསལ་ཞིང་འབར།།

རང་བློ་འོད་དང་རང་བློ་ལྷ།།
དཔལ་དང་འདྲེན་པ་གཞན་ཡང་ཡིན།།
གུད་ན་མེད་པའི་རྡོ་རྗེ་འཆང་།།
གོ་ན་སོ་སོའི་ནང་ལ་འདུག །

ཐུབ་པ་ཟེར་ཡ་གཅིག་གི་མིང་།།
ད་དུང་སྐྱེ་རྒུ་ཀུན་གྱི་བརྡ།།
དེ་ལས་ཀྱང་ནི་གང་ཟག་རེའི།།
དཔག་ཆེན་སེམས་ཀྱི་རྒྱབ་མདུན་སྟོན།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།