སུམ་པ་མཁན་པོའི《སྙན་ངག་མེ་ལོང》དང་འབྲེལ་བའི་བརྩམས་ཆོས་ སྐོར་གྱི་དཔྱད་ཞིབ།

      དུས་རབས་བཅུ་བདུན་པའི་དུས་དཀྱིལ་བཀའ་བསྟན་སོག་སྐད་དུ་བསྒྱུར་ཚར་བ་དང་།1(སོག་པོའི་དགེ་བཤེས་དགེ་ལེགས་རྒྱལ་མཚན་གྱིས་སོག་སྐད་དུ་བསྒྱུར་བའི《སྙན་ངག་མེ་ལོང》བསྟན་འགྱུར་ཁྲོད་དུ་བཞུགས་ཡོད།)སྙན་གཞུང་འདི་ཉིད་སོག་ཡུལ་དུ་དར་མགོ་བཙུགས་ཤིང་། སྔ་ཕྱིར་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དང་ཛ་ཡ་པཎྚི་ཏ་བློ་བཟང་འཕྲིན་ལས། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། ཨ་ལག་ཤ་ངག་དབང་བསྟན་དར། རབ་འབྱམས་པ་ངག་དབང་ཐུབ་བསྟན། མཁན་ཆེན་འཇམ་དབྱངས་དཀར་པོ་སོགས་སྐྱེས་ཁུངས་སོག་པོ་ནས་ཡིན་པའི་མཁས་པ་མང་པོས་གཞུང་འདིར་ཐོས་བསམ་དང་འགྲེལ་བ་བརྩམས་ཏེ་ཚ་རླབས་ཆེན་པོ་ཞིག་འཕྱུར་བར་བྱས།
      དེ་ཡང་འདིར་གླེང་བར་བྱ་བ་ནི་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་སྟེ། ཁོང་ནི་མཚོ་སྔོན་པོའི་རྨ་ཆུའི་འགྲམ་གྱི་ཐོ་ལི་ཞེས་པའི་ས་ཆར་སོག་པོའི་རྒྱུད་དུ1704ལོར་སྐུ་འཁྲུངས། སྐུ་ཚེ་གང་བོར་མདོ་སྔགས་རིག་གནས་དང་བཅས་པའི་གསུང་རྩོམ་པོད་བརྒྱད་མཛད་ཡོད་པ་ལས།《སྙན་ངག་མེ་ལོང》དང་ཐད་ཀར་འབྲེལ་བ་ཡོད་པའི་བརྩམས་ཆོས་ལ《སྙན་ངག་མེ་ལོང་ལས་བཤད་པའི་རྒྱན་རྣམས་ཀྱི་དཔེར་བརྗོད་རྒྱུ་སྐར་ཕྲེང་མཛེས》ཞེས་པ་དང《ཚིག་རྒྱན་ཉུང་བསྡུས་སྙན་ངག་འཇུག་སྒོ་བཞུགས་སོ》ཞེས་པ་གཉིས་འདུག གཞན་རང་རྣམ་དང་བཅས་པའི་གསུང་རྩོམ་དག་ཏུ་ཡང《སྙན་ངག་མེ་ལོང》སྐོར་གྱི་གནས་ཚུལ་ཆེ་ཕྲ་ཅི་རིགས་འདུག་པ་ལ། འདིར་དེ་དག་དཀྱུས་སུ་བཟུང་ནས་དཔྱད་པར་བྱའོ།།(སྟབས་བདེ་ཡོང་ཆེད་གཤམ་དུ་སྔ་མ་ལ《དཔེར་བརྗོད》དང་ཕྱི་མ་ལ《འཇུག་སྒོ》ཅེས་བསྡུ་རྒྱུ།)

དང་པོ། སྙན་ངག་གཞུང་ལ་སྦྱངས་པ་དང་བརྩམས་ཚུལ།

      ཆུ་ཡོས་སྟེ་རང་ལོ་ཉི་ཤུའི་སྒང་སུམ་པ་ཁོང་དབུས་བཙང་དུ་སློབ་གཉེར་ལ་ཕེབས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་སྒོ་མང་སློབ་དཔོན་ལ་མོ་ངག་དབང་ནམ་མཁའ་རིན་པོ་ཆེ། མོག་ཅ་འཇམ་དབྱངས་རྒྱ་མཚོ། མཁན་ཆེན་ནོ་མོན་ཧན་ངག་དབང་མཆོག་ལྡན། ཤར་རྩེ་མཁན་ཆེན་དཔལ་ནམ་མཁའ་བཟང་པོ་སོགས་ལས་མདོ་རྒྱུད་ཕལ་མོ་ཆེའི་དབང་ལུང་རྗེས་གསུམ་གསན། ཐ་སྙད་རིག་གནས་སྐོར་ནས་ཀྱང་རིན་ཆེན་དོན་གྲུབ་དང་མཛོ་མོ་མཁར་པ་རབ་འབྱམས་སྨོན་ལམ་ལྷུན་གྲུབ་གཉིས་ཀྱི་དྲུང་ནས་དབྱངས་ཅན་སྒྲ་མདོ་དང་། སྐུ་འབུམ་པ་བསོད་ནམས་རྒྱལ་མཚན་ལས་ཡི་གེའི་རྣམ་བཞག རྒྱུད་སྨད་དཔོན་སློབ་པཱ་ཙ་གྲགས་པ་ལྷུན་གྲུབ་ལས་ལཛྙ་ཝརྟཱ། སོག་པོ་རབ་འབྱམས་པ་ངག་དབང་རྒྱ་མཚོ་ལས་རྩིས་སོགས་གསན། ཡིན་ན་ཡང་།“ཁོ་བོ་སྔར་དབུས་གཙང་དུ་མཁས་མང་རྒྱ་མཚོ་ལྟ་བུའི་དབུས་སུ་སྡོད་སྐབས་མདོ་སྔགས་ཀྱི་གཞུང་གདམས་དག་དང་བརྡའ་སྤྲོད་སྡེབ་སྦྱོར་སྐར་རྩིས་སོགས་ལ་ཅུང་ཟད་བསླབ་ཁུལ་བྱེད་བཞིན་པའི་འཕྲོ་ལ་འཕྲལ་དུ་ལས་ངན་པའི་དབང་གིས་རང་དབང་མེད་པར་རང་ཡུལ་དུ་ལོག་དགོས་བྱུང་བས་སྙན་ངག་སྦྱང་རྒྱུ་མ་བྱུང་ལ།”2 “སྙན་དངགས་སྡེབ་སྦྱོར་ཡང་ཕྱིས་སུ་རང་ཡུལ་དུ་སླེབས་ནས་སོ་སོའི་རྩ་འགྲེལ་ལ་བལྟས་པས… …ཆ་ཤས་རེ་ཤེས་པ་བྱུང་།”3 ཞེས་པ་ལས་གསལ་བ་ལྟར། དགུང་ལོ་ཉེར་བདུན་ཐོག་རྒྱལ་སྲས་རིན་པོ་ཆེས་ཡང་ཡང་བསྐུལ་བ་བརྒྱུད། དབུས་ནས་ཕྱིར་དགོན་ལུང་དུ་ཕེབས་རྗེས་རང་སྦྱོང་གི་རྣམ་པས་འདི་གར་བག་ཆགས་བཞག
      བརྩམས་ཆོས་གཉིས་པོ་ལས་ཀྱང་ཐོག་མར《དཔེར་བརྗོད》མཛད་པ་སྟེ། རང་རྣམ་དུ“ལོ་དེར་སྙན་དངགས་མེ་ལོང་ལས་བཤད་པའི་རྒྱན་རྣམས་ཀྱི་དཔེར་བརྗོད་བཀོད་པའོ” 4ཞེས་པ་ལས་བསྟན་པའི་དུས་ནི1737ལོ་ཡིན། བརྩམས་ཆོས་དེ་ཉིད་མཛད་ཁ་མར་སྙན་ངག་ལེའུ་གསུམ་གྱི་དོན་མཐའ་དག་རྫོགས་པར་མངའ་བའི་མཁས་པ་ཞིག་འབད་པས་བཙལ་ཀྱང་། བསྟེན་བསམ་པ་ཞིག་མ་རྙེད་པས། རང་སྦྱོང་མི་བྱ་ཐུ་མེད་དུ་ཆགས་ཚུལ་ཁོང་གི་གསུང་རྩོམ་དུ་བྲིས་གནང་འདུག5 གཞན་ཡང་འདི་ག་རང་གི་ཡིད་ལ་གོམས་ཕྱིར་བརྩམས་པ་མ་གཏོགས། ཡར་སྔོན་ལྟ་བུར་དགོན་ལུང་ལ་ཐ་སྙད་རིག་གནས་འཆད་ཉན་བྱ་བའི་སྲོལ་མེད་པས།དུས་སྐབས་དེར་ཁྲིད་སྤེལ་མེད་ཚོད་དུ་གདའ། རྗེས་ནས་ལྕང་སྐྱ་རིན་པོ་ཆེས་དགོན་ལུང་ལ་མཚན་ཉིད་འཆད་ཉན་རྐྱང་བས་མི་ཆོག་པར་ཐ་སྙད་རིག་གནས་ཀྱང་སློབ་དགོས་ཚུལ་གྱི་བཀའ་ཤོག་བཏང་བ་ལས། སུམ་པ་རང་ནས་དཔེ་མཁྱུད་མེད་པར་སྒྲའི་མཚམས་སྦྱོར་ལྔ་བ་དང་སུམ་རྟགས་སྙན་དངགས་རྩིས་སྨན་སོགས་ཀྱི་ཁྲིད་སྤེལ་བ་ཡིན། དེ་ཡང《འཇུག་སྒོ》ནི“དད་ལྡན་མཛོད་གཉེར་ཨེར་ཁེ་ནང་སོ་དཀའ་བཅུ་བློ་བཟང་ཆོས་གྲགས་དང་རིག་གནས་ལ་བློ་གྲོས་མི་དམན་པའི་དད་ཧན་སྨན་རམས་པ་དགེ་ལེགས་བསམ་འགྲུབ་རྣམས་ལ་ཡི་གེ་ཕྱི་མོ་ཀློག་འཇུག་གི་ཚུལ་དུ་སྙན་ངག་ཐོག་མར་ཁྲིད་དུས་སྤྱི་ཙམ་ལ་གོ་བ་ཆགས་ཕྱིར་དུ”6 མེ་བྱ་ཟླ་བའི་འཕྲེད་བཅད་ཀྱི་རྒྱལ་ཟླའི་མར་ངོའི་དགའ་བ་བཟང་པོ་དང་པོ་གཉིས་ལ་སྟེ1777ལོར་བརྩམས་པ་ཡིན།
      འདི་དག་ལས་ཁོང་ལ་སྙན་ངག་གི་ཐད་ནས་ངེས་ཅན་གྱི་ཁྲིད་རྒྱུན་མེད་པ་གསལ་ལ། བརྩམས་ཆོས་གཉིས་པོ་ཡང་རྩ་འགྲེལ་དག་ལ་དཔེ་བལྟས་ནས་མཛད། འོ་ན་རྩ་འགྲེལ་གང་དག་གཞིར་བཟུང་ངམ་ཞེ་ན། འདིའི་སྐོར་ལ་ཁོང་གི་གསུང་རྩོམ་དག་ཏུ་ཚིག་ཟུར་གྱིས་བསྟན་པ་མེད་པས་གནད་དོན་འདི་ཐག་གཅོད་པ་ལ་བརྩམས་ཆོས་གཉིས་པོའི་སྒྲིག་གཞི་དང་དཔེར་བརྗོད་ཀྱི་ནང་དོན་སོགས་ལ་དཔྱོད་པ་ལས་མེད། 1647ལོར་རྒྱལ་དབང་ལྔ་བས《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》བརྩམས་པ་ནས། མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་བཤད་གྲྭ་དག་གཙོས་སྙན་ངག་སྦྱངས་བྱའི་གཞིར་བྱས་ཤིང་ཤུགས་ཆེན་པོས་དར། ཏན་ཏན་སུམ་པ་མཁན་པོ་ཁོང་ནས་ཀྱང་འགྲེལ་བ་འདིར་གཟིགས་འདུག་ཤས་ཆེ་སྟེ། 《དཔེར་བརྗོད》ལྟ་བུར་སྲོག་དང་ལུས། རྒྱན། སྐྱོན་སེལ་ཞེས་ས་བཅད་བཞིའི་སྒོ་ནས་བརྩམས་པ་དང་། སྲོག་གི་ཁྱབ་ཁོངས་ཀྱང་ཆེར་བཏང་སྟེ་སྔོན་བྱུང་གི་གཏམ་རྒྱུད་དང་གནས་སྐབས་ཀྱི་རང་བཞིན་བཞི། ཉམས་དགུ་དང་སྡེ་བཞི་ལ་སོགས་པའི་བརྗོད་བྱ་ཅི་རིགས་ཡིན་པ་སོགས་སྲོག་འདི་ཉིད་གལ་བོ་ཆེ་ཞིག་གི་ཚུལ་དུ་སྨྲས་པ་དང་གཅིག མཚུངས་པ་གསལ་བྱེད་ཀྱི་སྒྲ་དག་ལ་དངོས་བསྟན་ལྟར་དཔེར་བརྗོད་མཛད་འདུག་པ་ལས་གཞན། རིན་སྤུངས་པས་གསར་དུ་བསྣན་པའི་མཚུངས་སྒྲ་བཅུ་གཅིག་པོར་ཡང་རིམ་པ་ལྟར་དཔེར་བརྗོད་མཛད་འདུག་པ་དང་གཉིས། དོན་རྒྱན་གྱི་ནང་གསེས་ཉེར་དགུ་བ་ཟོལ་བསྟོད་ཀྱི་རྒྱན་ལས་རྣམ་གྲངས་གསུམ་པ་སྦྱར་བའི་ཟོལ་བསྟོད་ལ་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད་ཅེས་བཏགས་པ་དང་གསུམ། དོན་རྒྱན་གྱི་ནང་གསེས་སོ་ལྔ་བ་དགོངས་པ་ཅན་གྱི་རྒྱན་ལ་སྒྲ་རྒྱན་གྱི་སྒོ་ནས་དཔེར་བརྗོད་མཛད་པ་དང་བཞི་བཅས་ཀྱིས་རྒྱལ་དབང་ལྔ་བའི་འགྲེལ་བར་གཟིགས་ཡོད་པ་དཔེ་ལུང་རིག་གསུམ་གྱིས་བསྒྲུབས་ཐུབ།7  གཞན་ཡང་རྩོམ་གྱི་བབ་དང་བཞེད་དགོངས་སོགས་ལ་གཞིགས་ཚེ། འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་ནས1684ལོར་བརྩམས་པའི《སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན》ཞེས་པར་ཡང་གཟིགས་ཨེ་ཡོད་སྙམ་པ་སོགས། མདོར་ན་རྒྱལ་དབང་ལྔ་བའི་འགྲེལ་དང་ཁྲིད་རྒྱུན་དག་གཞིར་བཟུང་འདུག་པ་སྨྲོས་མེད་དོ།།

གཉིས་པ། བརྩམས་ཆོས་གཉིས་པོའི་དབྱེ་ཞིབ།

      བརྩམས་ཆོས་འདི་གཉིས་ཀྱི་ནང་དོན་དང་རྣམ་པའི་ཐད་ནས་ཐུན་མིན་གྱི་ཆའམ་ཁྱད་ཆོས་གང་ཡོད་སྐོར་བརྗོད་པ་ལ། གང་དེ《སྙན་ངག་མེ་ལོང》གི་འགྲེལ་བར་སོང་ཡོད་མེད་ཀྱི་གནད་ཀ་ལས་ཞོར་དུ་ཤེས་ཡོང་སྲིད་པས། ཁྱད་ཆོས་འདི་དག་རྟོགས་ཡོང་བ་ལ《སྙན་ངག་མེ་ལོང》གི་སྤྱི་ཁོག་དང་བསྡུར་བའི་སྒོ་ནས་བརྗོད་པར་བྱ་སྟེ།

གཅིག བསྟན་བཅོས་གཉིས་པོའི་བརྗོད་བྱའི་ཐད་ནས།

      ཁ་བྱང་དུ་གསལ་བ་ནང་བཞིན་རྒྱན་གཙོ་བོར་བྱེད།《དཔེར་བརྗོད》དུ་ལེའུ་དང་པོའི་ཐུན་མིན་རྒྱན་ནས་ལེའུ་གསུམ་པའི་གབ་རྒྱན་བར་དཔེར་བརྗོད་མཛད་འདུག རེད་དེ། རྒྱན་ཙམ་ལས《སྙན་ངག་མེ་ལོང》གི་བརྗོད་བྱར་གྱུར་བའི་ལེའུ་དང་པོའི་བསྟན་བཅོས་བརྩམས་པའི་ཡོན་ཏན་སོགས་བདུན་དང་སྐད་རིགས་བཞི། སྦྱོར་ཚུལ་གཉིས་དང་ཡི་གེའི་སྦྱོར་བ་ལྕི་ཡང་སོགས། ལེའུ་གསུམ་པའི་སྐྱོན་སེལ་དང་དམིགས་བསལ་སྐོར་གཞུང་ཚིག་ལྟར་འགྲེལ་མེད་པ་ལས། ཁོང་ནས་སྙན་ངག་ནི་རྒྱན་སྦྱོར་སྟངས་ཀྱི་རིག་པ་ཙམ་དུ་འདོད་པ་རྒྱ་ཤུག་གི་ཚེར་མ་ནང་བཞིན་རྟོགས་ཡོང་ལ། སྤྱི་ཁོག་བསྒྲིགས་སྟངས་ཀྱི་ཆ་ནས་ཀྱང་ལུས་རྒྱན་སྐྱོན་སེལ་ཞེས་རྩ་བའི་གཞུང་ཁོག་ལྟར་མ་ཡིན་པར་སྲོག་དང་། ལུས་དང་། རྒྱན་དང་། སྐྱོན་སེལ་ལོ་ཞེས་ས་བཅད་བཞིའི་སྒོ་ནས་བརྩམས་ཡོད་པ་འདི་སྔ་མའི་སྙན་འགྲེལ་གང་དང་ཡང་མི་འདྲ་བ་ཞིག་ཏུ་སྣང་བ་མ་ཟད། སྲོག་སྨྲ་སྐབས“སྔོན་བྱུང་གི་གཏམ་རྒྱུད་དང་གནས་སྐབས་ཀྱི་རང་བཞིན་བཞི་དང་ཉམས་དགུ་དང་སྡེ་བཞི་ལ་སོགས་པའི་བརྗོད་བྱ་ཅི་རིགས་སོ།།”ཞེས་པའི་འགྲེལ་སྟངས་འདི་ཟུར་མཁར་བ་དང་རྒྱལ་དབང་ལྔ་བ་སོགས་ཀྱི་བཞེད་པ་དང་ཡང་མི་འདྲ་བ་ཞིག་ཏུ་འདུག8 འདིར་བརྗོད་པའི་གནས་སྐབས་ཀྱི་རང་བཞིན་བཞི་ཞེས་པའི་གྲོལ་རིགས་མཛོད་འདུས་ནི་ཚིགས་བཅད་སྦྱོར་སྟངས་རིགས་བཞི་དང་། ཉམས་དགུ་ནི་སྙན་ངག་གི་ཉམས་སྟོན་སྟངས་ཙམ་ལས། སྲོག་གི་གཞིའི་དོན་ནི་མ་ཡིན་ལ། སྔར་གྱི་སྙན་འགྲེལ་གྲགས་ཅན་གང་དུ་ཡང་འདི་དག་སྲོག་གི་གྲས་སུ་བརྩིས་པ་མེད་པས། སྐབས་འདིར་སུམ་པ་མཁན་པོས་སྲོག་གི་ཁོངས་སུ་བསྡུས་པ་ནི་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་ཡང་སེམས། དེ་ཡང《འཇུག་སྒོ》ལྟ་བུ“དོན་རྒྱན་སོ་ལྔ་དང་སྒྲ་རྒྱན་འགའ་ཙམ་རེ་ལ་ཚིགས་བཅད་རེ་རེ་ལ་དཔེ་གཅིག་གམ་ཟུང་སོགས་སྦྱར་ཏེ”བརྩམས་པ་ལས། སྐབས་ཐོག་དེར་སུམ་པ་ཁོང་ནས་སྙན་ངག་གི་ཁྲིད་སྤེལ་བའི་སྐབས་དོན་རྒྱན་དང་སྒྲ་རྒྱན་གཙོར་བྱ་བ་ལས། ཐུན་མོང་མ་ཡིན་པའི་རྒྱན་དང་གབ་ཚིག་གི་རྒྱན་དག་ལ་དོ་སྣང་ཆེར་མེད་པ་ཟུར་བསྟན་ལེབ་མཐོང་གིས་རྟོགས་ཡོང་།

གཉིས། རྒྱན་རྣམས་ཀྱི་མཚན་ཉིད་ཐད་ནས།

      བརྩམས་ཆོས་གཉིས་པོ་གང་ལ་མཚོན་ན་ཡང་། སྙན་འགྲེལ་གཞན་དག་ལྟར《སྙན་ངག་མེ་ལོང》གི་གཞུང་ཚིག་ཇི་བཞིན་ལུང་དུ་བྱས་ཏེ་བཀོད་པ་མེད་པར། རྩོམ་པ་པོས་རང་གི་གོ་བ་ལེན་ཕྱོགས་ལྟར་ལྷུག་མའི་རྣམ་པས་མཚན་ཉིད་བཞག་འདུག ལྷག་ཏུ《འཇུག་སྒོ》ནི“ཡི་གེ་ཕྱི་མོ་ཀློག་འཇུག་གི་ཚུལ་དུ་སྙན་ངག་ཐོག་མར་ཁྲིད་དུས་སྤྱི་ཙམ་ལ་གོ་བ་ཆགས་ཕྱིར་དུ”བརྩམས་པ་ཡིན་རྐྱེན། མཚན་ཉིད་དག་ཀྱང་ཚིག་ཉུང་ལ་དོན་འདུས་པ་ཞིག་སྟེ། དཔེར་ན། བསྐོར་བའི་རྒྱན། གནས་གསུམ་ཅི་རིགས་སུ་དོན་ནམ་ཚིག་བཟློས་སུ་བརྗོད་པ། རྒྱུའི་རྒྱན། གང་གི་འབྲས་བུ་བརྗོད་པས་ཤེས་བྱེད་རྒྱུ་བསྔགས་པ་སྟེ། འགལ་བའི་རྒྱན། གང་དག་འགལ་བ་ཟུང་ལྷན་ཅིག་འགྲོགས་པར་སྟོན་པ་སྟེ། ལྟ་བུ་སོགས་བརྩམས་ཆོས་འདིའི་ཁ་བྱང་དུ་གསལ་བའི་ཉུང་བསྡུས་དང་འཇུག་སྒོའི་ཁྱད་ཆོས་མངོན་པར་ཐོན་པས། ལས་དང་པོ་བ་རྣམས་ལ་མཚོན་ན་ཡིད་ལ་འཛིན་བདེ་བ་དང་འཇུག་སླ་བ་སོགས་ཀྱི་ཡོད་ཏན་ལྡན། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན། བསྡུས་དྲགས་པས་རྒྱན་གྱི་དགོངས་པ་ཇི་བཞིན་མ་ཐོན་པའི་ཆ་ཡང་འདུག་སྟེ། དཔེར་ན། གང་ལ་སྨད་འདོད་ཀྱིས་གཞན་སྐབས་སུ་མ་བབས་པ་ཞིག་ལ་བསྟོད་པ་སྟེ་ཞེས་པའི་སྐབས་མིན་བསྟོད་པའི་རྒྱན་གྱི་མཚན་ཉིད་འདི་ལ་མཚོན་ན། རྩ་བར“སྐབས་མིན་འདོད་པས་བསྟོད་པ་ནི།། སྐབས་སུ་མ་བབ་བསྟོད་པ་ཡིན།།”ཞེས་རྒྱན་འདིའི་གནད་ཀྱི་དོན་པོ་བསྟོད་པའི་གནས་སྐབས་མ་ཡིན་པ་དེ་ཉིད་སྔོན་འགྲོའི་ཆ་རྐྱེན་དུ་ཡོད་པ་ཞིག་ཡིན་དགོས་པ་ལས། གཞན་ཞིག་ལ་སྨད་འདོད་ཡོད་མེད་ཀྱི་ཀུན་སློང་གིས་མདུན་བསུས་ཏེ་བརྗོད་པ་མིན་པས།གཞུང་གི་དགོངས་པ་ཇི་བཞིན་ངེས་པ་ལ་གནད་ཕྲ་མོའི་རིགས་འདི་དག་ལ་ཡང་སྣང་ཆུང་བྱ་མི་རུང་ངོ་།།

གསུམ། རྒྱན་རྣམས་ཀྱི་དཔེར་བརྗོད་ཐད་ནས།

      《དཔེར་བརྗོད》དུ་ཅུང་ཟད་རྒྱས་པའི་སྒོ་ནས་ལེའུ་དང་པོའི་ཡོན་ཏན་བཅུ་རེ་རེར་ཡང་ལྷོ་ཤར་གཉིས་ཀའི་འདོད་པ་ལྟར་དཔེར་བརྗོད་མཛད་ཡོད་པ་མ་ཟད། གཟུགས་རྒྱན་དང་འགོག་རྒྱན་ལྟ་བུར་རྩ་བར་མ་བསྟན་པའི་རྣམ་གྲངས་གཞན་ཡོད་པ་ཡང་དཔེར་བརྗོད་ཀྱིས་བསྟན།《འཇུག་སྒོ》རུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་ཉམས་ལྡན་གྱི་རྒྱན། སྦྱར་རྒྱན་ལྟ་བུ་ལ་ཚིགས་བཅད་གཉིས་རེ་ཡོད་པ་མ་གཏོགས་གཞན་ཐམས་ཅད་ལ་དཔེར་བརྗོད་གཅིག་རེ་མ་གཏོགས་མཛད་མེད་པ་སོགས། བརྩམས་ཆོས་གཉིས་པོར་རྗེ་ཡབ་སྲས་གསུམ་གྱི་བསྟོད་པ་ལ་སོགས་ཆོས་ཀྱི་དགོངས་པ་མང་པོ་བརྗོད་བྱར་བྱས་ཏེ“བློ་གསར་བ་ལ་ཕན་ཆེད་དུ་མངོན་བརྗོད་གྲགས་མི་ཆེ་བ་དང་བརྡ་གསར་རྙིང་གིས་མ་བཅིངས་ཤིང་འགྲོས་ཀྱང་ཧ་ཅང་དམ་ལ་ཉག་ཉོག་མིན་པའི་གོ་སླ་གསལ་བདེའི”སྒོ་ནས་བརྩམས་པས། ཕྱི་མའི་སྐབས་སུ་ཉུང་བསྡུས་ཀྱི་རྣམ་པས་རྒྱན་གཅིག་ལ་སྤྱིའི་མཚན་ཉིད་གཅིག་དང་དཔེར་བརྗོད་གཅིག་མ་གཏོགས་མ་མཛད་པས། དབྱེ་བ་མང་དུ་ཡོད་པའི་རྒྱན་གྱི་རིགས་སློབ་པར་གནོད་ཚབས་ཆེ་བར་འདོད་དེ། ཕྲ་མོའི་རྒྱན་ལྟ་བུར། “མཚོ་བྱུང་མ་ལས་ཆེ་གསལ་ཟབ་མྱུར་གྱི།། ཤེས་རབ་ཤིན་ཏུ་འདོད་ལ་མེ་ལོང་སྟོན།། དེ་ལ་གུས་པས་མགོ་བོ་དུད་པ་དང་།། སྤུ་ལོང་གཡོ་ཞིང་མིག་མཐའ་ཆབ་ཀྱིས་བརླན།།”ཞེས་པ་ལྟ་བུ་ལས། མེ་ལོང་སྟོན་པ་དང་མགོ་བོ་དུད་པ་ནི་ཟུར་གྱི་ཕྲ་མོ་དང་སྤུ་ལོང་གཡོ་བ་དང་ཆབ་ཀྱིས་བརླན་པ་ནི་རྣམ་པའི་ཕྲ་མོ་སྟེ། དབྱེ་བ་གཉིས་པོ་དཔེར་བརྗོད་གཅིག་ཏུ་བསྡུས་པས་སྟབས་བདེ་ན་ཡང་གཞུང་དོན་ཇི་བཞིན་དུ་མ་སོང་བ་དང་། མཚན་ཉིད་ཀྱི་སྐབས་སུ་ཡང་བརྡ་ཐབས་ཀྱི་ཟུར་རམ་ལུས་ཀྱི་རྣམ་འགྱུར་ཕྲ་མོ་ཞེས་རགས་རིམ་ཙམ་སྤྲོས་པ་ལས། དབྱེ་བ་གཉིས་ཡོད་པར་མ་གསུངས་པ་སོགས་རྒྱན་འགའ་རེའི་མཚན་ཉིད་དང་དབྱེ་བ། དཔེར་བརྗོད་གསུམ་འཕལ་ཁ་ཡག་པོར་མི་འཕྲོད་པའི་སྐྱོན་ནི་ཡོད་པར་སྙམ།
      དེ་ལྟར་བརྩམས་ཆོས་གཉིས་པོའི་གཞུང་ཁོག་ལ་ཧྲིལ་གྱིས་བལྟས་ཚེ། སྔ་མ་རང་སྦྱོང་གི་རྣམ་པས་བརྩམས་པ་དང་ཕྱི་མ་འཇུག་སྒོའི་ཚུལ་གྱིས་ཁྲིད་པ་རྐྱེན་བྱས། 《སྙན་ངག་མེ་ལོང》གི་གཞུང་ཚད་ལྟར་སོང་མེད་ལ། སྔ་འགྲེལ་གཞན་དག་ལྟར་དཀའ་གནད་ཀྱི་སྐོར་ལ་དོགས་གཅོད་ཀྱི་ཚུལ་དུ་བརྩམས་པ་སོགས་མེད་པར། བསལ་འདེམས་ཀྱི་རྣམ་པས་རྒྱན་གཙོ་བོར་བྱས་ནས་མཛད་འདུག་པ་ཤེས་ཡོང་ངོ་།།

གསུམ་པ། ཁྲིད་སྤེལ་བ་དང་ཤུགས་རྐྱེན།

      རང་ལོ་སོ་གསུམ་སྟེང་མཛད་པའི《དཔེར་བརྗོད》ནི་སྙན་ངག་ལ་ཐོག་མར་སྦྱངས་པ་དང་འགྲེལ་གྱི་ཚུལ་དུ་བརྩམས་པ་ལས། ཁྲིད་ནི་སྤེལ་མེད་ཚོད་དུ་འདུག དུས་སྐབས་དེར་དགོན་ལུང་དུ་མཚན་ཉིད་སྐོར་གྱི་འཆད་ཉན་རྐྱང་བ་ལས། ཐ་སྙད་རིག་གནས་ཀྱི་འཆད་ཉན་དར་མེད་པ་དང་། ཕྱིས་སུ་ལྕང་སྐྱ་རིན་པོ་ཆེས་ཐ་སྙད་རིག་གནས་ཁྲིད་དགོས་ཚུལ་གྱི་བཀའ་ཤོག་བཏང་བ་བརྒྱུད། སུམ་པ་རང་ནས “དགོན་ལུང་དུ་སྒྲའི་མཚམས་སྦྱོར་ལྔ་པ་སོགས་དང་སུམ་རྟགས་སྙན་དངགས་རྩིས་སྨན་སློང་མཁན་དུ་མ་རེ་འདུས་ཁང་སྟེང་དུ་བསྡུས་ནས་སོ་སོར་ཁྲིད།”10  དེ་ལྟར་དགོན་ལུང་དུ་ཐ་སྙད་རིག་གནས་སྐོར་གྱི་ཁྲིད་འདི་ནས་མགོ་བརྩམས་པ་ཡིན། དེ་ནས་རིམ་བཞིན་ཁྲིད་སྤེལ་ཚུལ་སྐོར་ལ་རང་རྣམ་དུ། དཔོན་ཏཱ་ལང་པེའི་སེ་རྣམ་རྒྱལ་རྡོ་རྗེ་སོགས་ཀྱིས་གདན་དྲངས་པ་ལྟར་ཨོ་རོད་ཕྱོགས་སུ་སྙན་ངག་གི་ཁྲིད་སྤེལ། དབང་ཕྱུག་མེ་གླང་ལོར་དགོན་ལུང་གི་ཁྲི་བར་བཞུགས་པ་དང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་སྙན་དངགས་ཀྱི་རྒྱན་དཀའ་ཟབ་ཁོ་ནས་བཅིངས་པའི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་འདུལ་ལུང་དང་མཐུན་པར་ཞིབ་བཤད་གནང་། ཆུ་འབྲུག་ལོ་ནས་བཀྲ་ཤིས་ཕན་བདེ་གླིང་། ཧལ་ཧའི་ཨེ་རྟེ་ནི་ཐོ་ཡོན་ཆོས་རྗེ་དགའ་ལྡན་བསྟན་འཛིན་གྱི་དགོན། དུར་པེན་ཁུའུ་ཁེད་ཕྱོགས་དང་། ཆ་ཧར་གྱི་བདེ་ལྡན་དགོན་སོགས་སུ་དོན་གཉེར་ཅན་དག་ལ་སྙན་ངག་གི་ཁྲིད་གནང་། ཤིང་རྟ་གནམ་ལོའི་དཔྱིད་དབྱར་ལ། དགོན་ལུང་དུ་སྐུ་འབུམ་ནས་བྱོན་པའི་དཔྱོད་ལྡན་དགེ་བཤེས་མང་པོར་སྙན་ངག་ཞིབ་རྒྱས་གནང་། ལྕགས་བྱི་སྟེ་དགུང་ལོ་དོན་བདུན་བཞེས་སྒང་པེ་སེ་ཡར་འཕེལ་ཆོས་རྗེས་གདན་དྲངས་པ་བརྒྱུད། པེ་སེའི་ཕྱོགས་སུ་ཆས་ཏེ་བཙུན་པ་ཤེས་རབ་ཅན་བཅུ་ཕྲག་ལྷག་ལ་སྙན་ངག་གི་ཁྲིད་སྤེལ། དགུང་ལོ་དོན་དགུའི་སྐབས་སྟེ་ཁྲི་བར་ཐེངས་གཉིས་པར་བསྡད་རིང་། འཆད་ཉན་གྱི་ཕྱོགས་སུ་ཤུགས་ཆེན་པོ་བརྒྱབ་ཅིང་། སྒྲ་དང་སུམ་རྟགས། སྙན་ངག་སྡེབ་སྦྱོར་སློབ་མཁན་བཅུ་ཕྲག་ལྔ་ལྷག་ཡོད་པ་ལ་ཁྲིད་གནང་བ་སོགས་དགོན་ལུང་རང་ནས་སྙན་ངག་གི་ཁྲིད་སྤེལ་མཁན་སུམ་པ་མཁན་པོ་ཁོང་ཉིད་ཨེ་ཡིན་ནམ་སྙམ། སྙན་ངག་སྐོར་གྱི་སློབ་མའི་མཆོག་ཏུ་གྱུར་བ་ལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་སྨན་རམས་པ་དགེ་ལེགས་བསམ་འགྲུབ་སོགས་ཡོད་དོ།།
      1723ལོར“ཆུ་ཡོས་ལོའི་ཟིང་འཁྲུགས”སུ་གྲགས་པའི་མཚོ་སྔོན་རྒྱུད་ཀྱི་རྒྱ་ནག་དང་སོག་པོའི་སྡེ་གཟར་ཆེན་པོས“དགོན་པ་འགའ་རེས་ཀྱང་སོག་པོའི་ཤེད་བཟུང་ནས་རྒྱ་ལ་རྩིས་མེད་མང་པོ་བྱས”11པས“དགོན་སྡེ་སྒྲུབ་སྡེ་མང་པོ་གཏོར།” དེའི་ཁྲོད་གསེར་ཁོག་དང་དགོན་ལུང་། ཆུ་བཟང་སོགས་དགོན་ཆེན་དག་ལ་གོད་ཆག་ཆེན་པོ་ལྷགས་ཤིང་ལྷ་ཁང་མང་པོ་མེར་བསྲེགས་པ་མ་ཟད། རབ་བྱུང་གི་རྟགས་ཆ་ལུགས་འཛིན་པ་ཙམ་ཡང་མེད་པར་བྱས། དེ་དང་ཆབས་ཅིག་འཆད་ཉན་གྱི་བྱ་བ་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར། 1731ལོར་སུམ་པ་ཁོང་དབུས་གཙང་ནས་ཕྱིར་ཕེབས་པ་དང་དགོན་ལུང་ནས་འཆད་ཉན་གྱི་བྱ་བཞག་བསྐྱངས་ཤིང་། ལུང་དཀར་རི་ཁྲོད་གསར་བཞེངས་སོགས་རྟེན་དང་བརྟེན་པ་ཞིག་གསོ་དང་། ཐ་སྙད་རིག་གནས་སྦྱངས་སའི་གྲྭ་བཙུགས་པ་དང་རང་ནས་དཔེ་ཁྲིད་མཛད་པ་སོགས་འཆད་ཉན་དམར་བར་བྱས་པ་མ་ཟད། ཨོ་རོད་སོགས་སུ་ཡང་ཕེབས་ཏེ་སྙན་ངག་གི་ཁྲིད་འདི་ཉིད་གང་ལ་གང་འཚམ་གྱིས་སྤེལ་བ་སོགས་མཚོ་སྔོན་གྱི་ཕྱོགས་སུ་རིག་གནས་ཀྱི་རྒྱུན་ཉམས་པ་སོར་ཆུད་བྱ་བ་ལ་བྱས་རྗེས་མི་དམན་པ་བཞག
      ཁོང་གི་བརྩམས་ཆོས་གཞན་དག་ཏུ་ཡང《སྙན་ངག་མེ་ལོང》དང་འབྲེལ་བའི་ཚིག་རིས་སྐོར་མང་དུ་མཐོང་རྒྱུ་འདུག་སྟེ། 《སྙན་ངག་མེ་ལོང》གི་ས་བཅད་ཀྱི་ཆིངས་ཙམ་ངོ་སྤྲོད་གནང་འདུག་པའི་གསུང་རབ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག སྒྲ་རྒྱན་གྱི་རྩོམ་སྟངས་ལ་སོགས་པས་བསླབ་པར་སྐུལ་བའི་མགུར་ཁུ་བྱུག་གསུང་སྙན་སོགས། དོན་རྒྱན་ལས་རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན། གཟུགས་རྒྱན། རབ་རྟོག་གི་རྒྱན། ཤིས་བརྗོད་ཀྱི་རྒྱན། སྒྲ་རྒྱན་ལས་མཐའ་ཐོག་སྦྱར་བ། རྐང་བ་བཞི་ཀའི་ཐོག་མའི་ཟུང་ལྡན། ཐོག་དང་མཐའ་བར་ཆོད་པའི་ཟུང་ལྡན་སོགས་རྒྱན་འདྲ་མིན་སྤྱད་དེ་བརྩམས་འདུག་པའི་བླ་དཔོན་འགའ་ཞིག་ལ་བསྐུར་བའི་ཆབ་ཤོག་གཏམ་སྙན་པི་ཝང་ཞེས་བྱ་བ་བཞུགས་སོ་ཞེས་པ་སོགས《སྙན་ངག་མེ་ལོང》དང་འབྲེལ་བའི་བརྩམས་ཆོས་ཡིན་པ་མ་ཟད། རང་རྣམ་ནང་དགོན་ལུང་དུ་འཆད་ཉན་རྒྱ་ཆེར་དར་བའི་ཚུལ་སྒྲ་རྒྱན་གྱི་ལམ་ནས་ཚིག་ལྷུག་སྙན་ཆ་མངོན་པར་དོད་པ་མཛད་ཡོད་པ་དང་། དངོས་པོ་ངེས་བསྟན་གྱི་ཚུལ་དུ་རང་གི་སྤྱོད་ཚུལ་གྱི་སྡོམ་དོན་རྒྱན་སོ་ལྔའི་ལམ་དུ་དྲངས་ནས་བརྗོད་པ་སོགས་ལས་སྙན་ངག་ལ་རྩིས་ཆེ་བ་ཤེས། དེ་ལས་ཀྱང་ཁོང་གི་རང་རྣམ་གྱི་རྗོད་པའི་སུལ་དང་སུལ་དུ་འུད་བརྗོད་དང་རབ་བཏགས་ཀྱི་རྒྱན་ལྟ་བུའི་སྦྱོར་ཚུལ་གྱིས་སྤྲས་པས། ཀུན་རྟོག་གི་རྒྱ་ཡངས་ལ་རྗོད་པ་ཡི་གར་འོང་། གཏམ་དཔེས་མངོན་པར་བརྒྱན་པས་ཀློག་བྲོད་པ་སོགས་སྙན་ངག་གི་སྣང་བ་ཤིན་ཏུ་ནས་རྒྱས་འདུག་པ་རྟོགས་ཡོང་ངོ་།།

————————————

1སྙན་ངག་མེ་ལོངསོག་ཡུལ་དུ་དར་ཚུལ་བཤད་པ་ལ། སངས་རྒྱས་ཆོས་ལུགས་སོག་ཡུལ་དུ་དར་ཚུལ་དང་བཅས་བཀའ་བསྟན་སོག་སྐད་དུ་སྒྱུར་བའི་སྐོར་མ་བཤད་ཐུ་མེད་དུ་ཆགས། འདིའི་ཐད་བསྟན་བཅོས་ཁག་ཏུ་བཞེད་པ་སྣ་ཚོགས་ཤིག་འདུག་སྟེ།   (1)ཆོས་འབྱུང་དཔག་བསམ་ལྗོན་བཟངདུཧའེ་སན་ཁུ་ལུག་རྒྱལ་བོའི་དུས་སུ་གཟུངས་གྲྭ་ལྔ་སོགས་བཀའ་བསྟན་འཆོས་འགའ་ཞིག་བསྒྱུར་ཏེ་དམ་པའི་ཆོས་རྒྱ་ཆེན་པོ་དར།”1011ཞེས་པ་དང་།ཆ་གར་ལེན་ཏན་ཧུ་ཐོག་ཐུའི་དུས་ཀུན་དགའ་འོད་ཟེར་གྱིས་གཙོས་པའི་ལོ་ཙྪ་བ་མང་པོས་བཀའ་འགྱུར་ཚང་མ་སོག་སྐད་དུ་བསྒྱུར་བ་དང་།”1012 “དེའི་ཚ་བོ་གོང་མ་ཁེན(ཆན)ལོང་རྒྱལ་པོ་འདི་ཉིད་ཀྱི་རིང་ལ་རྒྱ་གར་གྱི་མཁས་པའི་བསྟན་འཆོས་བོད་དུ་འགྱུར་རོ་ཅོག་ལྕང་སྐྱ་སྤྲུལ་སྐུ་དང་དགའ་ལྡན་གསེར་ཁྲི་བའི་སྤྲུལ་སྐུ་རྣམ་གཉིས་ཀྱིས་གཙོ་བའི་མཁས་པ་དང་ལོ་ཙྪ་བ་མང་བོས་ཧོར་གྱི་སྐད་དུ་བསྒྱུར་ཏེ་དཔར་དུ་བསྒྲུབ།”1013 ( སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992 )  (2)ཧོར་ཆོས་འབྱུངདུཆ་ཧར་ལེགས་ལྡན་ཧོ་ཐོག་ཐུའི་དུས་སུ་ཀུན་དགའ་འོད་ཟེར་གཙོས་པའི་ལོ་ཙཱ་བ་མང་བོས་བཀའ་འགྱུར་ཡོངས་སུ་རྫོགས་པ་སོགས་དམ་པའི་ཆོས་མང་པོ་སོག་སྐད་དུ་བསྒྱུར”195ཞེས་པ་དང་།བསྟན་འགྱུར་ཡོངས་རྫོགས་སོག་ཡིག་ཏུ་བསྒྱུར་བ་སྔ་ཕན་མེད་འདུག་པས། … … བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་རྣམས་ཧོར་གྱི་སྐད་དུ་བསྒྱུར་བར་མཛོད… …ལྕགས་མོ་བྱ་ལོའི་སྨིན་དྲུག་ཟླ་བའི་རྒྱལ་ཕུར་གྲུབ་སྦྱོར་གྱི་ཉིན་དབུ་བཙུགས་ཏེ་ཆུ་ཕོ་ཁྱི་ལོའི་མགོ་ཟླའི་ཚེས་བཅོ་ལྔ་ལ་འགྱུར་ཡོངས་སུ་རྫོགས་པ་གྲུབ”233  ( འཇིགས་མེད་རིག་པའི་རྡོ་རྗེ། ཧོར་གྱི་ཆོས་འབྱུང་བཞུགས་སོ།། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993 )   (3)བོད་སོག་ཆོས་འབྱུངདུ་སེ་ཆེན་གྱི་ཚ་བོ་ཨུལ་ཅིའི་ཐུའི་རིང་ལགཟུང་གྲ་ལྔ་སོགས་བཀའ་བསྟན་མང་པོ་སོག་སྐད་དུ་བསྒྱུར” 925ཞེས་པ་དང་།ཡེ་སུན་ཐེ་མུར་རྒྱལ་པོས་ས་སྐྱའི་བླ་མ་དགའ་བ་བསོད་ནམས་དང་། སོག་པོའི་ལོ་ཙཱ་བ་ཤེས་རབ་སེངྒེ་གཉིས་ཀྱིས་གསུང་རབ་མང་པོ་བསྒྱུར927  གོང་མ་ཆན་ལུང་གིསགོང་མ་ཁང་ཞི་རྒྱལ་བོའི་བཀས་བཀའ་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར་བའང་འགྲུབ་ནས་བཞུགས་འདུག་མོད། བསྟན་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར་བ་སྔར་མེད་པས།… …ཆན་ལུང་ཁྲི་ལོ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ1741ལོའི་སྨིན་དྲུག་ཟླ་བའི་ཚེས་བཟང་པོར། བསྟན་བཅོས་འགྱུར་རོ་ཅོག་ཧོར་སྐད་དུ་བསྒྱུར་བའི་དབུ་ཚུགས་ནས། དེའི་ཕྱི་ལོ་ཆུ་ཁྱི་ལོར་ཡོངས་སུ་རྫོགས་པར་གྲུབ།980  ( ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། བོད་སོག་ཆོས་འབྱུང་། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1992  )   སོགས་ཡིག་ཆ་མང་པོར་བརྟག་ཅིང་དཔྱད་པ་ལས་སྡོམ་འདི་ལྟ་བུ་ཞིག་བཟོ་ཆོག་སྟེ། 1297སྟེ་ཨལ་ཅིའི་ཐའི་རིང་དང་། 1577སྟེ་ཨལ་ཐལ་རྒྱལ་བོའི་རིང་། 1629སྟེ་ལེགས་ལྡན་རྒྱལ་བོའི་རིང་། 1683སྟེ་གོང་མ་ཁང་ཞིའི་རིང་བཞི་བོར་བཀའ་འགྱུར་བསྒྱུར་ཞུས་མཛད་དེ1720ལོར་པོད108ཅན་གྱི་བདག་ཉིད་དུ་གྲུབ་པ་དང་། 1741སྟེ་ཆན་ལུང་རྒྱལ་བོའི་རིང་ནས་བསྟན་འགྱུར་བསྒྱུར་མགོ་བཙུགས་ཏེ1749ལོར་པོད225ཅན་གྱི་བདག་ཉིད་དུ་གྲུབ་པ་ལུང་རིགས་གཉིས་ཐད་ནས་གྲུབ། དེ་ལྟར་ནསྙན་ངག་མེ་ལོངསོག་ཡུལ་དུ་ག་དུས་བསྒྱུར་བ་ཡང་ས་བསལ་བས་རྡོ་ལྷང་ལ་བུད་པ་བཞིན་རྟོགས་ཡོང་ངོ་།།

2  སུམ་པ་ཡེ་ཤེས་དཔལ་འབྱོར།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་པོད་ཇ་བ།  [OL]  http://www.tbrc.org  785

3  སུམ་པ་ཡེ་ཤེས་དཔལ་འབྱོར། པཎྚི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001:129

4  སུམ་པ་ཡེ་ཤེས་དཔལ་འབྱོར། པཎྚི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001:207

5  1723ལོར་མཚོ་སྔོན་རྒྱུད་དུ་རྒྱ་སོག་འཁྲུགས་པ་ལས་གསེར་ཁོག་དང་དགོན་ལུང་སོགས་ལ་གོད་ཆག་ཚབས་ཆེན་ཕོག་པ་བཅས་ཀྱི་རྐྱེན་པས། མདོ་སྨད་ཕྱོགས་སུ་དུས་རབས་བཅོ་བརྒྱད་པར་སྙན་ངག་གི་ཐད་ནས་འཆད་ཉན་ཆེར་དར་མེད་པ་འདྲ་སྟེ། སུམ་པ་མཁན་པོ་མ་ཟད། ཨ་ལག་ཤའི་གསུང་འབུམ་དུ་ཡང་།མདོ་སྨད་སྐུ་འབུམ་དགོན་ལུང་རྣམས་སུ་འཁྲིད་རྒྱུན་དང་ལྡན་པའི་མཁས་པ་མ་རྙེད།  སྨད་ཕྱོགས་སུ་ཡང་ཡོད་སྐད་མི་འདུག་པསཞེས་པ་སོགས་ཀྱིས་མཚོན་ནོ།།  ( ཨ་ལག་ཤ་ངག་དབང་བསྟན་དར།  བསྟན་དར་ལྷ་རམས་པའི་གསུང་འབུམ་བཞུགས་སོ།། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008:723 )  

6  སུམ་པ་ཡེ་ཤེས་དཔལ་འབྱོར།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་པོད་ཇ་བ།  [OL]  http://www.tbrc.org  716    

7   སྒྲུབ་བྱེད་འདི་བཞི་བོའི་གསལ་བཤད་དང་བཅས་པའི་རྒྱབ་གནོན་དུ།  1. དུས་རབས་བཅུ་དྲུག་པར་ཟུར་མཁར་བློ་གྲོས་རྒྱལ་བོས་ལུས་རྒྱན་སྲོག་གསུམ་ཞེས་སྲོག་གི་རྣམ་བཞག་འདི་བསྟན་པ་ནས། བོད་མཁས་པ་སོགས་སྲོག་མི་འདོད་མཁན་དང་། སྨོན་འགྲོ་ལོ་ཙཱ་བ་ཡབ་སྲས་དང་རྒྱལ་དབང་ལྔ་བ་སོགས་སྲོག་འདོད་མཁན་སྐོར་གཉིས་བྱུང་བ་ལས། སུམ་པས་རྒྱལ་དབང་ལྔ་བའི་ལུགས་བཞིན་སྲོག་འདོད། ཡིན་ན་ཡང་སྲོག་གང་ཡིན་ཐད་འདོད་ལུགས་མི་གཅིག  2. སྙན་ངག་མེ་ལོངགི་གཞུང་དུ་དངོས་སུ་བསྟན་པའི་མཚུངས་སྒྲ་རེ་ལྔའི་སྟེང་། 1526ལོར་རིན་སྤུངས་བ་ངག་དབང་འཇིག་གྲགས་ཀྱིསསྙན་ངག་མེ་ལོང་ལེའུ་གསུམ་གྱི་རྒྱ་ཆེར་འགྲེལ་པ་མི་འཇིགས་སེང་གེའི་ང་རོའི་རྒྱུད་ཀྱི་སྒྲ་དབྱངསཞེས་པ་མཛད་དེ་མཚུངས་སྒྲ་བཅུ་གཅིག་ཁར་བསྣན་པ་ལ་རྒྱལ་དབང་ལྔ་བའི་འགྲེལ་དུ་དེ་དག་ལ་རིམ་བཞིན་དཔེར་བརྗོད་མཛད་ཡོད་པ་ལ། སུམ་པས་ཀྱང་དེ་ལུགས་བཞིན་མཛད་ཡོད་པ་མ་ཟད་དཔེར་བརྗོད་ཀྱི་ནང་དོན་རྒྱལ་དབང་ལྔ་བའི་དེ་དང་འདྲ་ས་ཤིན་ཏུ་མང་པོ་འདུག  3. ཟོལ་བསྟོད་ཀྱི་རྒྱན་འདིའི་རྣམ་གྲངས་གསུམ་པར་མིང་འདོགས་སྟངས་ཀྱི་ཆ་ནས་བོད་མཁས་པ་སོགས་ཀྱིས་སྦྱར་བའི་ཟོལ་བསྟོད་ཅེས་བཏགས་པ་དང་། རྒྱལ་དབང་ལྔ་བ་དང་རིན་སྤུངས་བ་སོགས་ཀྱིས་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད་ཅེས་བཏགས་ན་འགབ་ཚུལ་གསུངས་པ་བཞིན་སུམ་པས་ཀྱང་དེ་ལྟར་དུ་བཏགས།   4. སྤྱིར་བཏངསྙན་ངག་མེ་ལོངགི་འགྲེལ་བ་ཁག་ལྟར་ན། དགོངས་པ་ཅན་གྱི་རྒྱན་འདི་ལ་དཔེར་བརྗོད་དགོས་མིན་གྱི་ཐད་ནས་བཞེད་ལུགས་གསུམ་ཡོད་པ་ལས། རྒྱལ་དབང་ལྔ་བ་ནི་དཔེར་བརྗོད་འཇོག་དགོས་པར་འདོད་མཁན་ཡིན་ལ། མེ་ལོང་དང་མཚུངས་མེ་ལོང་གཞུང་ལུགས་ལས།། མཁས་པའི་གསུང་བཞིན་མཁས་པའི་གོ་འཕང་དག། ཅེས་སྒྲ་རྒྱན་གྱི་ནང་གསེས་ཚིག་རྐང་བཞི་བོའི་ཐོག་བར་དུ་ཡོད་པའི་ཆོད་པའི་ཟུང་ལྡན་གྱི་རྒྱན་སྤྱད་དེ་དཔེར་བརྗོད་མཛད་འདུག་པ་ནང་བཞིན་སུམ་པ་མཁན་པོས་ཀྱང་རབ་མཛེས་ལྷ་མོའི་ཐུགས་རྗེ་འོད་སྤྲོས་བརྟེན།། རབ་འབད་འདི་བཀོད་ཀུན་སློང་ཆུ་ཤེལ་འདྲའི།། ཞེས་སྒྲ་རྒྱན་གྱི་ནང་གསེས་ཚིག་རྐང་བཞི་བོའི་ཐོག་མར་ཡོད་པའི་ཆོད་པའི་ཟུང་ལྡན་གྱི་རྒྱན་སྤྱད་དེ་དཔེར་བརྗོད་མཛད་འདུག་ལ་སོགས་ཀྱིས་བསྒྲེ་ཆོག་གོ། 

8 རྒྱལ་དབང་ལྔ་བ་ལྟ་བུས་སྲོག་ཅེས་པསྔོན་བྱུང་བའི་སྐྱེས་རབས་རིག་བྱེད་སོགས་གཏམ་ལས་གྱུར་པའམ་ཡང་ན་དེའི་ཅིག་ཤོས་སྡེ་བཞི་ལ་བརྟེན་པའི་བརྗོད་བྱ་ལེགས་པ་གཞན་དག་ལ་བརྟེན་པ་གང་རུང་བྱའོ།། ”(  སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996:44 )

9   སུམ་པ་ཡེ་ཤེས་དཔལ་འབྱོར།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་པོད་ཇ་བ།  [OL]  http://www.tbrc.org  787

10  སུམ་པ་ཡེ་ཤེས་དཔལ་འབྱོར། པཎྚི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2001:279

11 བྲག་དགོན་པ་དཀོན་མཆོག་བསྟན་པ་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1982:42

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུམ་པ་མཁན་པོའི《སྙན་ངག་མེ་ལོང》དང་འབྲེལ་བའི་བརྩམས་ཆོས་ སྐོར་གྱི་དཔྱད་ཞིབ།

2015-04-20 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།