གྷ་རེ་ཟི་ནེ་རྡེར་གྱི་སྙན་ངག་གཉིས་བོད་ཀྱི་སྐད་དུ་བསྒྱུར་བ།
ཆོས་ཀུན་ལ།
གྷ་རེ་ཟི་ནེ་རྡེར། (ཨ་རི།)
ཀྱེ་མ། གསོན་འདུག་ཨང་།
དགུ་བའི་ཟླ་དཀྱིལ་གྱི་ཞོགས་པ་ཞིག་ལ།
ཆུ་ཕྲན་གྱི་རབ་ཁར་བརྒལ།
རྐང་རྗེན་དུ། དོར་མ་ཡར་བརྫེས།
ཡུ་རིང་ལྷམ་བཟུང་། རྡོག་ཁྲེས་འཁུར།
ཉི་འོད་ལམ་ལམ། ན་ཁུག་གི་འཁྱག་རོམ།
བྱང་ངོས་ཀྱི་རཱོ་ཁེའི་རི་རྒྱུད།1
ཤང་ཤང་དང་འོད་ཡུག་ཡུག་གི་བསིལ་བའི་ན་ཆུ།
རྡོ་བའི་ཚོགས་རྐང་མཐིལ་དུ་འགྱུ། སོར་མོ་ལྟར་ཆུང་ལ་མཁྲེགས།
སྣ་ཆུ་(འཁྱག་པ)ཐིགས་ཐིགས།2
ནང་རོལ་ནས་གཞས་གཏོང་།
ན་ཆུའི་གཞས་དབྱངས། སེམས་ཀྱི་གཞས་དབྱངས།
རྡོ་སག་སྟེང་གི་ཉི་མའི་དྲི།
ངས་མོས་ཞེན་སྒོས་དམ་བཅས།
ངས་མོས་ཞེན་སྒོས་དམ་བཅས་པ་སྟེ།
རུས་སྦལ་གླིང་ཕྲན་3གྱི་སའི་ཁྱོན་ལ།
ད་དུང་འདིར་འཚོ་བའི་སེམས་ཅན་ཀུན།
སྣོད་བཅུད་མ་ལག་གཅིག
སྣ་མང་སྒོས།
ཁྲི་གདུགས་འོག་ཏུ།
ཆོས་ཀུན་འདྲེས་བསྲེས་སྒོས་དགའ་ཚོར་ཆེན་པོས་འཆའ།
ཐང་ཤིང་གི་རྩེར།
སྔོ་ལྗང་གི་མཚན་མོར།
བད་སྐྱ་ལང་ལོང་། ནམ་མཁར།
ཟླ་འོད་འཕྲོས།
ཁ་བ་སྔོན་མོས་ཐང་ཤིང་གི་རྩེ་མོ།
གུག་གུག་བཟོས། དེ་ཡང་ནམ་མཁའི་མཐོངས་སུ།
རིམ་བཞིན་ནུབ། བད་སྐྱ། སྐར་འོད།
ཡུ་རིང་ལྷམ་གྱི་ཐྲིག་སྒྲ།
རི་བོང་གི་ཤུལ་རྗེས། ཤ་བའི་ཤུལ་རྗེས།
ང་ཚོས་ཅི་ཞིག་རྟོགས་ཐུབ།
1. Rockies སྟེ། ཁ་ན་སྒྲ་དང་ཨ་རི་སོགས་མེ་གླིང་བྱང་མ་འཕྲེད་ཀྱིས་བཅད་པའི་རི་རྒྱུད་ཅིག
2. cold nose dripping སྟེ། བརྗོད་བདེའི་དབང་གིས་cold ཞེས་པ་གུག་རྟགས་ནང་བཞག་ཡོད།
3. Turtle Island སྟེ། ཝེ་ཐེ་(Viti)རྒྱལ་ཁབ་ཏུ་ཡོད་པའི་གླིང་ཕྲན་ཞིག སྐབས་འདིར་རྩོམ་པ་པོས་མེ་གླིང་བྱང་མར་གོའམ་སྙམ།
རྩོམ་ཁུངས། ངེད་དྲ་བ།