ཕཱ་ཟིའི་སྙན་ངག་འགའི་འགྱུར། Octavio Paz (སྔ་ཚན།)

 1490021859287710.jpg

སྒོ

སྒོ་དེའི་ལྟག་རྒྱབ་ཏུ་ཅི་ཞིག་ཡོད་དམ
མ་འབོད    མ་འདྲི     ལན་འདེབས་མཁན་མེད

སྒམ་མདོག་ཁ་བའི་ཟྭ་ཕྱེས་མཁན
རིག་པ་སྤྱང་བའི་ལྡེ་མིག
ལན་གྲངས་དུ་མའི་གཅོག་གསིར་གང་གིས་ཀྱང

ཟྭ་འདི་གཏན་ནས་འབྱེད་ཐབས་མེད

སྐད་ཆ་མ་བཤད     དྲི་བ་མ་འཕེན
གམ་དུ་བཅར་ཏེ་རྣ་བ་བློགས་དང
དབུགས་འབྱིན་རྔུབ་ཀྱི་སྒྲ་གོ་ཡོང་ངམ
སྒོ་དེའི་ལོགས་གཞན་ཞིག་ནས
〝སྒོ་དེའི་ལྟག་རྒྱབ་ཏུ་ཅི་ཞིག་ཡོད་དམ〞
མི་ཆེ་གེ་མོས་ཀྱང་ཁྱོད་ལ་དེ་ལྟར་དྲིས་ཡོང་ངེས

 1490021979108052.jpg

གབ་ཚིག

ང་ཚོས་དྲི་གཞི་གཅིག་ཁོ་ན་བཙས
ང་ཚོའི་བཅས་པ་རེ་རེ་ཡང
དྲི་གཞི་ཞིག
ང་ཚོའི་ལོ་ཚོད་ནི་དྲི་གཞིའི་ནགས་ཚལ་ཞིག
ཁྱོད་ནི་དྲི་གཞི་ཞིག     ང་ནི་དྲི་གཞི་གཞན་ཞིག

དཀོན་མཆོག་ནི་དུབ་པ་མེད་པའི་ལག་པ་ཞིག་སྟེ
དྲི་གཞིའི་རྣམ་པས་སྟོང་ཁམས་རིས་སུ་ཕབ

 1490022066591256.jpg

ཚོན་སྨྱུག་གི་དངངས་སད།

རླུང་བུའི་སྐྱེད་བྱེད    རླབས་ཀྱི་མེ་ཏོག་གི་ཁུགས་མགོ
ལང་ལོང་རྒྱུ་བའི་སྤྲིན་གསེབ་ན་འབྲུག་ཅིག
མེའི་ཟླུམ་པོ་ཞིག
ས་གཞིའི་ཟོལ་གྱིས་བར་སྣང་དུ་ནུར་འགྲོ་བྱེད

འབྲུག་ཨཱང
ཁྱོད་རང་གཉིད་ཡུར་བའི་ཚོན་སྨྱུག་གི་རྨི་ལམ་ཁྲོད་འདུར་ཅིང་རྒྱུག
ཡང་དུ་ན
ཁྱོད་རང་རླུང་བསིལ་མོ་ཞིག་སྟེ
གཡབ་གཡུག་ལས་ཁོ་ཚོའི་མིག་ཟུང་དལ་གྱིས་ཕྱེས

 པར་སྒྲོམ་གྱིས་གཤོག་པ་བརྒྱངས་ཤིང་འཕུར་མགོ་བརྩམས

 1490022156118333.jpg

འདི་རུ།

སྲང་ལམ་འདིར་འགྲོ་སྐབས
གོམ་སྒྲ
སྲང་ལམ་གཞན་ཞིག་ནས་བྲག་ཅར་མཆེད་ཡོང
གནས་དེ་ནས
ངས་ཀྱང་རང་ཉིད་ཀྱི་གོམ་སྒྲ་གཞན་ཞིག་ཐོས

སྲང་ལམ་འདི་བརྒལ་དུས
འདི་རུ་སྨུག་པ་ལང་ལོང་ཞིག་ལས་འཁྱིལ་མི་འདུག

 1490022265134749.jpg 

སྨྱུ་གུའི་རྨི་ལམ།

སྔོ་མདོག་གི་ལག་པ
ཚོན་སྨྱུག་ཅིག་ཏུ་སྤྲུལ
གོས་དཀར་བཀླུབས་པའི་རི་བོ་ཧྥུ་ཅི་སན
དེ་ཡི་སྟེང་ནས་འཁྲུངས
རྩྭ་ལྡུམ་གྱིས་ཁེངས་པའི་རི་སྒང་ལས
གསོམ་སྡོང་གསུམ་དང་རྣམ་ཤེས་གཅིག་འཕགས
ཁུག་རྟ་འགས་ཟླ་བའི་སྐོར་ལ་བློ་རྩེ་གཏད
ཞོལ་དུ
གཉེར་རིས་ཕབ་པའི་ངུར་བའི་སྒྲོ་ཐུལ་ཁྲོད
ལྕགས་སྨྱུག་རྨི་ལམ་གྱི་ཞིང་དུ་འཁྱར
དེ་ནི་རང་ཉིད་བསྐྱར་གསོན་གྱི་ས་བོན་འགའ་རྨིས་པ་སྟེ
སང་ཞོགས་དྲག་ཏུ་འབབ་པའི་ཆུ་ཚན་བཞིན

 1490022381203540.jpg

ཞི་འཇགས།

ཟླ་བ   བྱེ་ཟགས
མཚན་མོས་རང་ཉིད་སྟོང་བར་བྲུས
དུས་ཚོད་ཀྱིས་རང་ལ་རང་ཉིད་བྲིས

 1490022468813472.jpg

ཁྱོད་ཀྱི་ངོ་གདོང་།

ལག་པ་འདི       སུའི་རེད
སྔོ་མདོག་གི་སྐྱི་ལྤགས་དང་མཚལ་མདོག་གི་སེན་མོས
འདབ་ལོ་གཅིག་ཐོགས་འདུག
འདབ་ལོས〝ང་རང་ངོ་གདོང་ཞིག་ཏུ་འགྱུར་འདོད〞
ལག་པས་ཁོ་རང་མེ་ལོང་ཞིག་ཏུ་བཅོས
མེ་ལོང་ལས་ཁྱོད་ཀྱི་མིག་ཟུང་མངོན
ཁྱོད་ཀྱི་མིག་ཟུང   ཤིང་སྡོང་དང་སྤྲིན  རི་སྒང་དུ་གྱུར
ཁེར་ལམ་ཞིག་མངོན་དང་མི་མངོན་ས་ནས
ཕྱོགས་གཉིས་སུ་སྦྲུལ་ལྟར་བརྐྱངས་འདུག
ལམ་འདི་དེད་ནས་ང་ཁྱོད་ཀྱི་མཆུ་འགྲམ་དུ་འབྱོར
དེ་ནི་བཙས་མ་ཐག་གི་བདེན་ལུགས་དེའི་མགོ་ཁུངས་སོ

 1490022547104438.jpg

བཙན་རྒྱལ།   དུད་ཁུང་།

མེ་ལྕེ་རྡོ་བར་གྱུར
རྡོ་བ་གཏོར་གཟུགས་མཆོད་རྟེན་གྱི་ཚོགས་སུ་གྱུར
གཡའ་དག་པའི་མཐོངས་འོག་ཏུ
འཇམ་ཐིང་ཐིང་གི་དབྱིབས་རྩིས་གཟུགས་སུ་སྣང
དེའི་སྲུང་མར་ཙོག་པུར་ཡོད་པའི་མོ་སེང་གཉིས་བསྐོས
སྐོམ་གདུང་གིས་གཟིར་བའི་སེང་གེ་གཉིས་ཀྱིས་མཐའ་ནས་བསྐོར་འདུག
ད་དུང་གཤོག་པ་ཐོགས་པའི་སེང་གེ་གཉིས
སྒོ་འགྲམ་དུ་སོ་བ་བྱེད
ཉི་ལེ་གཙང་བོའི་དྲག་ཆས་གོས་སུ་བཀླུབས་པས
བྱེ་ཐང་དང་ཆུའི་མཚོན་རྟགས་ངོས་གཉིས་མར་གྲུབ
དབང་ཤེད་ལེབ་མོ་གཉིས་གཅིག་ཏུ་བསྡུས་པ་ལས
ཕྱི་རབས་པའི་སྟོབས་འབྱོར་བསྐྲུན

མེའི་དྲན་གསོའི་རྡོ་རིང་ཆུང་ངུ་ཞིག
འདུ་ཚོགས་ཀྱི་གྲུ་ཟུར་དུ་བསླངས
འབར་གྱིན་པའི་ཨེ་ཅིབ་ནི
དགུན་གྱི་སྦུབས་སུ་འཚང་པའི་དཔྲལ་བའོ

ཕཱ་ཟིའི་སྙན་ངག་འདི་དག་༢༠༡༡ལོའི་ཡར་མར་བསྒྱུར།  ན་ནིང་གི་རང་གྲོལ་དེབ་ཏུ་བཀོད་ཡོད་པ་གང་དེར་ཡི་གེ་ལས་པར་བཀོད་མེད་པས་ན། འདིར་ཡིག་པར་སྦྲགས་མས་སྤེལ་བའི་སྔ་ཚན་འདི་ལྟར་ཡིན། ཕྱི་ཚར་རིམ་པར་སྤེལ་ཡོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕཱ་ཟིའི་སྙན་ངག་འགའི་འགྱུར། Octavio Paz (སྔ་ཚན།)

2017-03-20 ཕཱ་ཟི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།