གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྐབས་བཞི་བའི"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་གཏེར་ལེན་ཁ་ནས་བསྡུས་པ།

  • དགུ་ཆུ་རབ་མེད།ip:110.166.50.*
    2015-10-08 18:52:55
    གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་ལ་མིག་རྒྱང་དང་བསྐྱེད་ཡངས་ཀྱི་སེམས་ཤེས་ཅུང་འདུག  རང་ཉིད་ཀྱི་ཁོར་ཡུག་ཁོ་ན་ལས་བརྒལ་མི་གཏུབ་པའི་རྩོམ་སྒྲིག་ཁང་ལ་ལས་བྱེད་སྟངས་དང་ལས་སྟངས་ཐད་བསམ་བློ་ཅུང་བཏང་ན་འགྲིག་སྙམ་མོ།
  • རྡོག་རྡོགip:111.12.251.*
    2015-10-05 17:11:17
    རྡོ་རྗེ་ཟེར་བ་དེ་ནི་གཞན་གྱི་ཟེར་སྒྲོས་རང་ཉིད་ཀྱི་ལེགས་བཤད་དུ་རློམ་མཁན་ཞིག་ཡིན་ནམ།   ལྐོག་ནས་གཞན་ལ་ངན་སྨྲས་བྱས་ཏེ་རང་ཉིད་ཀྱི་ཆེ་ཚུགས་འདོན་མཁན་ཞིག་ཡིན་པ་ཧ་མ་གོ    ཡང་ན་རང་རྩོམ་མམ་རང་ཉིད་ཀྱི་སྤུས་ཀ་མེད་ཚིག་གྲུབ་ལ་བྱ་དགའ་མ་ཐོབ་པར་ན་སེམས་ཆེ་བ་ཞིག་ཡིན་པའི་བཟོ་ལྟའང་འདུག
  • དོན་གྲུབ།ip:111.161.32.*
    2015-10-04 12:59:33
    མི་ཚང་མ་མགྲོན་བཀུག་གནང་བའི་འཚོགས་འདུ་དེ་འདྲ་གང་དུ་ཡོད། གཅན་རྣམ་ཐར་ལགས།
  • ཨ་ལ་ལ་མོ།ip:124.31.83.*
    2015-10-04 10:58:47
    སྙན་ངག་སྙན་ངག་ལྟར་བཀླགས་དགོས། དེ་མིན་ན་འབྲོང་ཕྲུག་གི་བྲིས་པ་སྙན་ངག་ཡིན་མིན་ཁྱེད་ཚོས་ཧ་གོ་མི་སྲིད། སྙན་ངག་གླེང་འདོད་ན་སྙན་ངག་ཤེས་དགོས། དེ་མིན་ན་འབྲོང་ཕྲུག་ལ་སྙན་ངག་གི་བྱ་དགའ་འདི་མི་བབ་མུ་རུང་བའི་དོན་ཡང་ཧ་གོ་མི་སྲིད། བྱིས་པ་རེ་འགའ་ནི་སྙིང་རྗེ་བའི་གནས་སོ།།
  • ༃༕གཅན་རྣམ་ཐར།ip:111.12.251.*
    2015-10-02 14:41:16
    མི་རབས་གསུམ་པའི་སྙན་ངག་པ་གུ་རུ་དོན་གྲུབ་དང་མར་ཁུ་རྒྱལ་མཚན་གཉིས་སྐབས་བཞི་བའི"གངས་རྒྱན་མེ་ཏོག"རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་དུ་ཅིའི་ཕྱིར་མ་བོས་པ་ཡིན་ནམ། ས་ཆའི་ཕྱོགས་ཞེན་གྱི་དབང་གིས་བརྗེད་སོང་བ་ཡིན་ནམ།
  • ip:223.221.140.*
    2015-10-01 17:08:48
    ནམ་རྒྱུན་མི་རྣམས་ལ་འདི་མི་འགྲིག་གན་མི་འོས་ཟེར་ནས་ཉི་མ་གཏོང་བ་ལས།  རང་ཉིད་ཀྱིས་སྒྲུབ་ཐུབ་པའི་བྱ་བ་རེ་ལས་ན་མི་ལེགས་སམ།
  • འབྲོང་རྒོདip:36.100.222.*
    2015-10-01 10:01:42
    རྡོ་རྗེ་ཟེར་བ་དེ་ས་སྲུབས་གང་ཞིག་ནས་ཐོན་ཡོང་བའི་ཚེར་མ་རྐང་གཅིག་ལ་ངོས་འཛིན་གི་ཡིན།རྒྱུ་མཚན་ནི་མིས་མི་མཐོང་ས་ཞིག་ནས་གཞན་གྱི་རྐང་མཐིལ་ལ་འཛེར་མཁན་ཞིག་རེད།
  • མིང་མེད།ip:42.88.82.*
    2015-10-01 00:06:59
    ཕྲད་ཀྱི་སྦྱོར་ལུགས་ཀྱང་མི་ཤེས་པ་ཅིག་གིས་དཔྱད་བརྗོད་སྤེལ་བ་དེ་བས་ཀྱང་ངོ་ཚ་བའི་གནས་ཞིག་མ་ཡིན་ནམ།དེ་ལས་རང་གི་ལྗིད་ཚད་རང་གིས་རྒྱ་ལུང་གིས་བཏེགས་འདུག་གོ།།
  • རྡོ་རྗེ།ip:117.136.18.*
    2015-09-30 17:20:53
    འབྲོང་ཕྲུག་ལ་གངས་རྒྱན་མེ་ཏོག་གི་བྱ་དགའ་གནང་བ་ནི་བོད་ཀྱི་སྙན་ངག་ལ་ཡར་རྒྱས་མེད་པ་མཚོན་ཐུབ་ལ། དེ་བཞིན་བོད་ཀྱི་རྩོམ་རིག་ཀྱང་ལྐོག་ཟ་རུལ་སུངས་ཀི་ལམ་ཞིག་ཏུ་ལུས་ཡོད་པའང་ཚོར། རྒྱ་མཚན་འབྲོང་ཕྲུག་གི་སྙན་ངག་དེ་ལ་བདེན་དགེ་མཛེས་གསུམ་ཟེར་བ་ཞིག་ཕུད། ཐ་ན་སྐད་ཆ་དེ་དག་བོད་སྐད་ཡིན་མིན་ཡང་བཤད་ཁག་པོ་རེད། རྩོམ་རིག་བྱ་དགའ་ཞིག་འདི་ལྟར་གནང་བ་དང་ངོ་ཚ་མེད་པར་ལེན་ཕོད་པ་ནི་བོད་ཀྱི་རྩོམ་རིག་གི་ངོ་ཚ་དང་ང་ཚོ་ཚང་མའི་ངོ་ཚའང་རེད། ནག་པོ་དང་ན་རོ། ཨ་རྡོར་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ།